ཤ་གསེང་རུས་གསེང་བརླན་པའི་ཆུ་རྙིང་།

ལག་པས་རེག་ན་ཆུ་འདི་འཐུང་སར་མི་འགྲོ།།
ཅན་ནེས་ནང་ལ་བླུགས་རྒྱུ་ཉུང་ཙམ་ཡོད་ན།།
ཧུབ་གང་འཐུང་པས་ཕོ་བའི་ནང་དུ་ཐོན་འགྲོ།།
ཇ་དང་རྩམ་པ་ཞེས་པའི་དོ་ཟླ་མི་འོང༌།།
 
ལག་པས་བཀག་ན་ཆུ་འདི་ཐུབ་ས་མ་རེད།།
གྲང་པའི་མི་ཚད་ཉིན་མཚན་བཞུར་བཞིན་ཡོད་ཀྱང༌།།
བསང་ཁྲི་ཅན་གྱིས་ཐུབ་པའི་ལོ་རྒྱུས་ཨེ་གོ །
ཆུ་འདི་མ་བཞེས་ཤེས་པའི་བཤད་ཚོད་དཀའ་འདུག།
 
ཉིན་གང་ཆང་དང་ཆུ་ཡིས་བརླན་པར་མ་བྱེད།།
ལོ་གསུམ་ཁྲག་དང་རོ་ཡིས་གླེབ་པ་མ་བརྗེད།།
ཤར་ནུབ་རྒྱལ་ཁབ་བལྟས་ནས་འདུག་རན་མ་རེད།།
ཆུ་ཡིས་འཆི་ལམ་དེད་པ་ཉུང་ཙམ་མ་ཡིན།།
 
འཆི་མེད་ཚེ་རུལ་ཡོད་ན་མྱུར་མྱུར་བླུ་རོགས།།
སྔགས་མཐུ་རྫུལ་འཕྲུལ་ཡོད་ན་ད་ནི་ལྟོན་རན།།
ས་བདག་གཞི་བདག་ཡོད་ན་བདག་ཅིག་བྱེད་དགོས།།
སྲིད་པའི་དར་རྒུད་ཟེར་ནས་ཁག་བཀལ་མ་བྱེད།
                        
                                    ༢༠༡༠ ༥ ༢༢

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤ་གསེང་རུས་གསེང་བརླན་པའི་ཆུ་རྙིང་།

2010-05-28 བློ་མིག ཀློག་གྲངས། མཆན ཡོད།

ལག་པས་རེག་ན་ཆུ་འདི་འཐུང་སར་མི་འགྲོ།།
ཅན་ནེས་ནང་ལ་བླུགས་རྒྱུ་ཉུང་ཙམ་ཡོད་ན།།
ཧུབ་གང་འཐུང་པས་ཕོ་བའི་ནང་དུ་ཐོན་འགྲོ།།
ཇ་དང་རྩམ་པ་ཞེས་པའི་དོ་ཟླ་མི་འོང༌།།
 
ལག་པས་བཀག་ན་ཆུ་འདི་ཐུབ་ས་མ་རེད།།
གྲང་པའི་མི་ཚད་ཉིན་མཚན་བཞུར་བཞིན་ཡོད་ཀྱང༌།།
བསང་ཁྲི་ཅན་གྱིས་ཐུབ་པའི་ལོ་རྒྱུས་ཨེ་གོ །
ཆུ་འདི་མ་བཞེས་ཤེས་པའི་བཤད་ཚོད་དཀའ་འདུག།
 
ཉིན་གང་ཆང་དང་ཆུ་ཡིས་བརླན་པར་མ་བྱེད།།
ལོ་གསུམ་ཁྲག་དང་རོ་ཡིས་གླེབ་པ་མ་བརྗེད།།
ཤར་ནུབ་རྒྱལ་ཁབ་བལྟས་ནས་འདུག་རན་མ་རེད།།
ཆུ་ཡིས་འཆི་ལམ་དེད་པ་ཉུང་ཙམ་མ་ཡིན།།
 
འཆི་མེད་ཚེ་རུལ་ཡོད་ན་མྱུར་མྱུར་བླུ་རོགས།།
སྔགས་མཐུ་རྫུལ་འཕྲུལ་ཡོད་ན་ད་ནི་ལྟོན་རན།།
ས་བདག་གཞི་བདག་ཡོད་ན་བདག་ཅིག་བྱེད་དགོས།།
སྲིད་པའི་དར་རྒུད་ཟེར་ནས་ཁག་བཀལ་མ་བྱེད།
                        
                                    ༢༠༡༠ ༥ ༢༢

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།