འདི་ལྟར་ལབ་ན་སྐྱིད་པོ་གདའ།

དེང་གི་ནི་སྤྱི་ཚོགས་སུ།།
བོད་པ་ཞེས་མིང་གསོན་ཞིག།
དོན་ལ་ནི་འཁུམས་འཁུམས་ཀྱིས།།
ང་རྒྱལ་ནི་སྤྱི་གཙུགས་ན།།
ཕྲ་དོག་གི་རྫི་ལངས་ཏེ།།
རང་སྐད་ཚོས་ཉོག་གཏམ་ཟ།།
བདེན་བདེན་གྱི་གྲུ་ཟུར་ནས།།
རང་ལུས་ནི་གཏོར་མ་བཞིན།།
སྟོང་སེམས་ཀྱི་རྒྱ་མཚོ་འཁྱིལ།།
ཕ་གཞིས་ནི་ཆུ་ལ་བསྐུར།།
མ་ཡིག་ལ་གཉེར་གཉེར་གྱིས།།
རྒྱུགས་ཁྱི་ཡི་ཟླ་བོ་བཙལ།།
རང་རིགས་ནི་གདོན་གདོན་ཞེས།།
ནང་དམེ་ནི་འབྲོག་ཐང་ན།།
ངུ་ངག་གིས་འཐབ་ར་གཡོ།།
མེད་མུག་ཚོའི་མར་སྒམ་སྟོང་།།
ང་ཕྱུག་ནི་ཁྱོད་སྟོང་གླུ།
རྩོད་གླེང་ནི་རི་ཁྱིམ་ན།།
མི་བུ་ཚོར་འུར་ལངས་ནས།།
སྤུན་འགའ་འདྲིལ་འདྲིལ་གདའ།།
ངོ་གཉིས་མ་ལྟོ་ལངས་ནས།།
བླ་འཚོང་ཚོས་གྲོང་ཁྱེར་ན།།
སྐད་ཡིག་ནི་ཕ་རོལ་ཅེས།།
གཞན་ཆོས་ནི་དགའ་དགའ་ཞེས།།
དྲི་ངན་གྱི་འཇིག་རྟེན་གཡོ།།
སྣ་ལ་ནི་ལག་པས་ཁོབས།།
 
སྨྲས་པ།
ན་ལུགས་ནི་བཤད་བཏང་ན།།
གཟེར་སོ་ལ་རེག་བཏང་ན།།
སེམས་པ་ནི་སྐྱིད་ལེ་འོངས།།
འདི་ལ་ནི་དོན་མེད་རུང་།།
ང་རང་ཚོའི་གནས་སྟངས་ལ།།
ཞིང་ལ་ནི་ཀླད་བལྟ་དང་།།
མོ་ལ་ནི་འོག་བལྟ་ཡིས།།
ཚིག་འཁྱོག་འགའ་ཤོར་ཤོར་ཐལ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདི་ལྟར་ལབ་ན་སྐྱིད་པོ་གདའ།

2010-10-25 ཆུ་གཏེར། ཀློག་གྲངས། མཆན ཡོད།

དེང་གི་ནི་སྤྱི་ཚོགས་སུ།།
བོད་པ་ཞེས་མིང་གསོན་ཞིག།
དོན་ལ་ནི་འཁུམས་འཁུམས་ཀྱིས།།
ང་རྒྱལ་ནི་སྤྱི་གཙུགས་ན།།
ཕྲ་དོག་གི་རྫི་ལངས་ཏེ།།
རང་སྐད་ཚོས་ཉོག་གཏམ་ཟ།།
བདེན་བདེན་གྱི་གྲུ་ཟུར་ནས།།
རང་ལུས་ནི་གཏོར་མ་བཞིན།།
སྟོང་སེམས་ཀྱི་རྒྱ་མཚོ་འཁྱིལ།།
ཕ་གཞིས་ནི་ཆུ་ལ་བསྐུར།།
མ་ཡིག་ལ་གཉེར་གཉེར་གྱིས།།
རྒྱུགས་ཁྱི་ཡི་ཟླ་བོ་བཙལ།།
རང་རིགས་ནི་གདོན་གདོན་ཞེས།།
ནང་དམེ་ནི་འབྲོག་ཐང་ན།།
ངུ་ངག་གིས་འཐབ་ར་གཡོ།།
མེད་མུག་ཚོའི་མར་སྒམ་སྟོང་།།
ང་ཕྱུག་ནི་ཁྱོད་སྟོང་གླུ།
རྩོད་གླེང་ནི་རི་ཁྱིམ་ན།།
མི་བུ་ཚོར་འུར་ལངས་ནས།།
སྤུན་འགའ་འདྲིལ་འདྲིལ་གདའ།།
ངོ་གཉིས་མ་ལྟོ་ལངས་ནས།།
བླ་འཚོང་ཚོས་གྲོང་ཁྱེར་ན།།
སྐད་ཡིག་ནི་ཕ་རོལ་ཅེས།།
གཞན་ཆོས་ནི་དགའ་དགའ་ཞེས།།
དྲི་ངན་གྱི་འཇིག་རྟེན་གཡོ།།
སྣ་ལ་ནི་ལག་པས་ཁོབས།།
 
སྨྲས་པ།
ན་ལུགས་ནི་བཤད་བཏང་ན།།
གཟེར་སོ་ལ་རེག་བཏང་ན།།
སེམས་པ་ནི་སྐྱིད་ལེ་འོངས།།
འདི་ལ་ནི་དོན་མེད་རུང་།།
ང་རང་ཚོའི་གནས་སྟངས་ལ།།
ཞིང་ལ་ནི་ཀླད་བལྟ་དང་།།
མོ་ལ་ནི་འོག་བལྟ་ཡིས།།
ཚིག་འཁྱོག་འགའ་ཤོར་ཤོར་ཐལ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།