ཁྱོད་ལ་བྲིས་པའི་སྙན་ངག་ཐོག་མ།

ཨ་འཁོར་སངས་རྒྱས་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-10-25

གནའ་བོའི་མཁར་ཤུལ་ཟེར་བའི་གནས་དེ་ནས
གནས་དེའི་མཚན་མོར
སྙིང་ཁམས་ནས་བཞུར་ཞིང་སོར་རྩེ་ནས་བརྡོལ་བ
བདག་གི་ངག་ལས་འཁྲོལ་དཀའ་ནའང
ཁྱོད་ནི་ངའི་སེམས་པའི་ཕྱི་ནང་གཉིས་ཀར་ཡོད་པའི་ཁྲག་གི་མེ་ལོང་དེ་ཡིན་འདུག
ཁྱོད་ནི་ངའི་ཡིད་ཀྱི་དུང་བ་འདྲེན་པའི་སྙན་འཇེབས་ཀྱི་དབྱངས་རྟ་དེ་ཡིན་འདུག
དེ་བས  སེམས་པའི་ཕྱི་ནང་ཡོད་ཚད་ཁྱོད་ལ་བསྟན་ཡོད
དྲན་པའི་གདུང་བ་ཡོད་ཚད་ཁྱོད་ལ་བཅོལ་ཡོད
 
མཚན་མོ་དེས  དབྱར་ཟླ་མགོ་མ་ཚེས་པའི་རྟགས་སྟོན་འདུག
འུ་གཉིས་ཐོག་མར་འཕྲད་པའི་སྐབས་ཤེས་འདུག
ཁྱོད་ཀྱི་སེམས་པའི་ཕྱི་ནང་ལས་ཐོན་པའི་སྐད་ཆ་དག
བདག་གི་སྙིང་ལ་ཕོག་དུས
བརྗོད་མི་ཕོད་པའི་སྤྲོ་སྣང་གིས་བཏུམས་བྱུང
བསམ་མི་ཕོད་པའི་དགའ་སྣང་གིས་ཁྱབ་བྱུང
 
མཚན་མོ་དེར   ངའི་མིག་ལམ་དུ་མངོན་པ་ནི
ཁྱོད་དང་ངའི་མ་འོངས་པའི་འཚོ་བ་ཡིན
མ་འོངས་པའི་དགོད་སྒྲ་ཡིན
                   ༢༠༡༠ལོའི་ཟླ༥བའི་ཚེས༣༠ཉིན་མལ་ཁང་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ལ་བྲིས་པའི་སྙན་ངག་ཐོག་མ།

2010-10-25 ཨ་འཁོར་སངས་རྒྱས་རྒྱ་མཚོ། ཀློག་གྲངས། མཆན ཡོད།

གནའ་བོའི་མཁར་ཤུལ་ཟེར་བའི་གནས་དེ་ནས
གནས་དེའི་མཚན་མོར
སྙིང་ཁམས་ནས་བཞུར་ཞིང་སོར་རྩེ་ནས་བརྡོལ་བ
བདག་གི་ངག་ལས་འཁྲོལ་དཀའ་ནའང
ཁྱོད་ནི་ངའི་སེམས་པའི་ཕྱི་ནང་གཉིས་ཀར་ཡོད་པའི་ཁྲག་གི་མེ་ལོང་དེ་ཡིན་འདུག
ཁྱོད་ནི་ངའི་ཡིད་ཀྱི་དུང་བ་འདྲེན་པའི་སྙན་འཇེབས་ཀྱི་དབྱངས་རྟ་དེ་ཡིན་འདུག
དེ་བས  སེམས་པའི་ཕྱི་ནང་ཡོད་ཚད་ཁྱོད་ལ་བསྟན་ཡོད
དྲན་པའི་གདུང་བ་ཡོད་ཚད་ཁྱོད་ལ་བཅོལ་ཡོད
 
མཚན་མོ་དེས  དབྱར་ཟླ་མགོ་མ་ཚེས་པའི་རྟགས་སྟོན་འདུག
འུ་གཉིས་ཐོག་མར་འཕྲད་པའི་སྐབས་ཤེས་འདུག
ཁྱོད་ཀྱི་སེམས་པའི་ཕྱི་ནང་ལས་ཐོན་པའི་སྐད་ཆ་དག
བདག་གི་སྙིང་ལ་ཕོག་དུས
བརྗོད་མི་ཕོད་པའི་སྤྲོ་སྣང་གིས་བཏུམས་བྱུང
བསམ་མི་ཕོད་པའི་དགའ་སྣང་གིས་ཁྱབ་བྱུང
 
མཚན་མོ་དེར   ངའི་མིག་ལམ་དུ་མངོན་པ་ནི
ཁྱོད་དང་ངའི་མ་འོངས་པའི་འཚོ་བ་ཡིན
མ་འོངས་པའི་དགོད་སྒྲ་ཡིན
                   ༢༠༡༠ལོའི་ཟླ༥བའི་ཚེས༣༠ཉིན་མལ་ཁང་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།