ཕ་ཡུལ་གྱི་ངོ་གདོང་རིག་ན།


མཛེས་འཛུམ་གྱི་མེ་ཏོག་ཆུང་ཆུང
མིག་གོང་ནས་ཐོག་མར་བཞད་དུས
བཅུད་ལ་རོལ་བའི་སྦྲང་ཆུང་དེ
རྟག་ཏུ་འགྱུར་བ་མེད་པའི་ལོངས་སྤྱོད་ཅིག་ལ་རློམ
ཚི་དྲེག་ཆགས་པའི་བྲང་ཁོག་གི་ཕྱི་ནང་མཐོང་ན
ཡང་སྙིང་དེ་ནར་མ་སོན་པའི་བེའུ་རྫི་སྣབས་ལུག་ཅིག
                      ༢
ན་ཟླ་ཚོའི་སེམས་ཁོང་ན  
ཧ་ཅང་ཆེ་བའི་ཕ་ཡུལ
ངའི་མིག་ལམ་ན
ཧ་ཅང་ཆུང་བའི་ཅ་ནེ་ཞབས་བརྡོལ་ཞིག
བཀྲེས་སྐོམ་གྱིས་མནར་བའི་སློང་མོ་བ་གཅིག་པུ
ཡུལ་མི་ཚོས་ང་ལ་གནང་བའི་བགོ་སྐལ་ཡིན་ན
ཤད་ཤུགས་ཇི་ཙམ་བཏོན་ཀྱང
གཡག་རྒོད་ཅིག་ལ་འཐབ་རྒྱུ་ནི
རི་བོ་ཞིག་བཏེགས་པའི་ངང་ཚུལ་འདྲ
                     ༣
སོང་སོང་བའི་མཚན་ལམ་རིང་མོ་འདིར
ངས་བརྩེ་བ་དང་གནས་ལུགས་རུམ་གང་ཁྱེར་ནས
སང་ལོའི་འཆར་གཞི་ལ
སྙིང་གཏམ་ལུང་བ་གང་བརྗོད་སྐབས
ན་ཟླ་ཚོའི་མགོ་བོ་རྒྱབ་ཕྱོགས་སུ་འཁོར་འདུག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་གྱི་ངོ་གདོང་རིག་ན།

2010-10-25 ཏཱ་ནི་སྨྱུ་གུ ཀློག་གྲངས། མཆན ཡོད།


མཛེས་འཛུམ་གྱི་མེ་ཏོག་ཆུང་ཆུང
མིག་གོང་ནས་ཐོག་མར་བཞད་དུས
བཅུད་ལ་རོལ་བའི་སྦྲང་ཆུང་དེ
རྟག་ཏུ་འགྱུར་བ་མེད་པའི་ལོངས་སྤྱོད་ཅིག་ལ་རློམ
ཚི་དྲེག་ཆགས་པའི་བྲང་ཁོག་གི་ཕྱི་ནང་མཐོང་ན
ཡང་སྙིང་དེ་ནར་མ་སོན་པའི་བེའུ་རྫི་སྣབས་ལུག་ཅིག
                      ༢
ན་ཟླ་ཚོའི་སེམས་ཁོང་ན  
ཧ་ཅང་ཆེ་བའི་ཕ་ཡུལ
ངའི་མིག་ལམ་ན
ཧ་ཅང་ཆུང་བའི་ཅ་ནེ་ཞབས་བརྡོལ་ཞིག
བཀྲེས་སྐོམ་གྱིས་མནར་བའི་སློང་མོ་བ་གཅིག་པུ
ཡུལ་མི་ཚོས་ང་ལ་གནང་བའི་བགོ་སྐལ་ཡིན་ན
ཤད་ཤུགས་ཇི་ཙམ་བཏོན་ཀྱང
གཡག་རྒོད་ཅིག་ལ་འཐབ་རྒྱུ་ནི
རི་བོ་ཞིག་བཏེགས་པའི་ངང་ཚུལ་འདྲ
                     ༣
སོང་སོང་བའི་མཚན་ལམ་རིང་མོ་འདིར
ངས་བརྩེ་བ་དང་གནས་ལུགས་རུམ་གང་ཁྱེར་ནས
སང་ལོའི་འཆར་གཞི་ལ
སྙིང་གཏམ་ལུང་བ་གང་བརྗོད་སྐབས
ན་ཟླ་ཚོའི་མགོ་བོ་རྒྱབ་ཕྱོགས་སུ་འཁོར་འདུག

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།