མཇུག་མ་སྒྲིལ་བའི་ཚོར་བ་རྣོན་པོ་ཞིག

དུང་བུ་ཆོས་འབུམ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-10-20

མུ་མཐུད་དུ་འགྲོ་བཞིན་པའི་གཏམ་རྒྱུད་ཅིག་གི་སྣེ་མོ
ཁ་སང་གི་ཡོལ་ངོས་ན་རབ་རིབ་ཏུ་སྣང་དུས
དེ་རིང་ཡང་རིམ་བྲོ་མེད་པར་ལམ་ལ་ཆས་དགོས་བྱུང
བགྲོད་ལམ་ལ་ལྡང་བའི་རླུང་བུ་དག
ད་དུང    ཁ་ཁུ་སིམ་མེར་སྐྱོམས་པའི་དྲན་སྣང་དག
ཆེས་ཐོག་མ་ནས་སུ་ཞིག་གི་སྔས་འགྲམ་ན་འཁྱིལ་འདུག
 
དོགས་སྣང་གིས་མ་ཁྲིད་པར་བག་ཡངས་ཀྱིས་རྒྱུ་དུས
ཕྱིར་བཤོལ་གྱི་བསྐྱར་ཟློས་ཀྱིས་མདུན་ལྗོངས་ལ་མག་མོག་སྦར
མག་མོག་ལ་མིག་ཟུང་གཏད་ནས་བློས་བསླངས་འགྲིམ་ན
ཟླ་བ་དང་སྐར་མ་ཁ་ཤས་ས་རུ་ལྷུང་བའི་དྲན་གཞིག
ནམ་ཡང་ཆེས་ཟབ་ས་ཞིག་ན་འཚོ་ཞིང་གཞེས་འདུག
  
མཆོད་རྐོང་དུ་རེ་འདུན་སྒྲོན་ནས་སྨོན་ལམ་བཏེགས་པ
རླུང་ངོགས་ན་ལྷབ་ལྷུབ་བསྐྱོད་པའི་བར་སྟོངས་ཤིག་ལྟར
མ་སྨིན་པའི་ལོ་ཏོག་གི་ས་བོན་བསྲེགས་པར
བར་གསེང་ནས་རྦད་དེ་འབར་བའི་མེ་སྟག་ཙམ
མེ་སྟག་གིས་ཆེས་ཟབ་ས་ཞིག་ལ་སྙོབ་པ
ཞེན་ཆགས་ཀྱི་གཏིང་རིམ་གྱི་བྱིལ་བྱིལ་ཙམ
ཞེན་ཆགས་ལས་རིང་དུ་བསྲིངས་བའི་ལག་པ་དེ
མཇུག་མ་སྒྲིལ་བའི་ཚོར་བ་རྣོན་པོ་ཞིག
                                     ༢༠༡༠  ༡༠  ༡༣ ཉིན་རེབ་གོང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཇུག་མ་སྒྲིལ་བའི་ཚོར་བ་རྣོན་པོ་ཞིག

2010-10-20 དུང་བུ་ཆོས་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

མུ་མཐུད་དུ་འགྲོ་བཞིན་པའི་གཏམ་རྒྱུད་ཅིག་གི་སྣེ་མོ
ཁ་སང་གི་ཡོལ་ངོས་ན་རབ་རིབ་ཏུ་སྣང་དུས
དེ་རིང་ཡང་རིམ་བྲོ་མེད་པར་ལམ་ལ་ཆས་དགོས་བྱུང
བགྲོད་ལམ་ལ་ལྡང་བའི་རླུང་བུ་དག
ད་དུང    ཁ་ཁུ་སིམ་མེར་སྐྱོམས་པའི་དྲན་སྣང་དག
ཆེས་ཐོག་མ་ནས་སུ་ཞིག་གི་སྔས་འགྲམ་ན་འཁྱིལ་འདུག
 
དོགས་སྣང་གིས་མ་ཁྲིད་པར་བག་ཡངས་ཀྱིས་རྒྱུ་དུས
ཕྱིར་བཤོལ་གྱི་བསྐྱར་ཟློས་ཀྱིས་མདུན་ལྗོངས་ལ་མག་མོག་སྦར
མག་མོག་ལ་མིག་ཟུང་གཏད་ནས་བློས་བསླངས་འགྲིམ་ན
ཟླ་བ་དང་སྐར་མ་ཁ་ཤས་ས་རུ་ལྷུང་བའི་དྲན་གཞིག
ནམ་ཡང་ཆེས་ཟབ་ས་ཞིག་ན་འཚོ་ཞིང་གཞེས་འདུག
  
མཆོད་རྐོང་དུ་རེ་འདུན་སྒྲོན་ནས་སྨོན་ལམ་བཏེགས་པ
རླུང་ངོགས་ན་ལྷབ་ལྷུབ་བསྐྱོད་པའི་བར་སྟོངས་ཤིག་ལྟར
མ་སྨིན་པའི་ལོ་ཏོག་གི་ས་བོན་བསྲེགས་པར
བར་གསེང་ནས་རྦད་དེ་འབར་བའི་མེ་སྟག་ཙམ
མེ་སྟག་གིས་ཆེས་ཟབ་ས་ཞིག་ལ་སྙོབ་པ
ཞེན་ཆགས་ཀྱི་གཏིང་རིམ་གྱི་བྱིལ་བྱིལ་ཙམ
ཞེན་ཆགས་ལས་རིང་དུ་བསྲིངས་བའི་ལག་པ་དེ
མཇུག་མ་སྒྲིལ་བའི་ཚོར་བ་རྣོན་པོ་ཞིག
                                     ༢༠༡༠  ༡༠  ༡༣ ཉིན་རེབ་གོང་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།