ཚོད་ཚོད་ལ་ཚངས་མགུར་ཚན་པ་ཞིག་དྲན་ཚུལ།


རི་རབ་འདི་ཁྱོད་ཀྱི་མདངས་ཡལ་བའི་ངོ་གདོང་བཞིན
བདག་གི་མིག་ཟུང་ལྟ་བུའི་སྒེའུ་ཁུང་གི་ཁ་གཏད་དུ་ཨུ་ཚུགས་ཀྱིས་འགྲེངས་དུས
ངས་ཆུ་བོའི་བཞུར་རྒྱུན་ལ་ཅེར་ནས
རྨ་འབྲིའི་འགོ་ཁུངས་ལྟ་བུའི་འདས་དོན་རུམ་གང་སྤྲུགས
 
ལོ་མའི་ངུ་ཤུམ་གྱིས་བདག་གི་སྒོ་ཆུང་ཡང་ཡང་བརྡུངས་བའི་མོད
ང་ཡང་སུ་ཞིག་གི་གཤོག་པ་བཞིན་འགུལ་ཙམ་འགུལ་ཙམ་བྱས
 
ལོབས་ཕྱོགས་ཀྱིས་མགོ་བོ་དགྱེ་ནས་མཁའ་མཐར་ཡང་ཡང་བལྟས་ཀྱང་
ཁྱོད་ནི་བདག་གི་ཞྭ་མོ་ལྟ་བུའི་ནམ་མཁའ་ནས
རབ་རིབ་ཏུ་འགྱུར་འགྲོ་བའི་གཏན་ཚིགས་ཤིག་ཅིས་ཀྱང་མ་རྙེད
 
རླུང་བུ་ལྡོམ་པོ་ཞིག་ཤར་ནས་ནུབ་ཏུ་ལྡང་ཞིང་ནུབ་ནས་ཤར་དུ་ལྡང་སྟེ
གནམ་ས་འདྲེས་མཚམས་སུ་འཁྱགས་སིབ་སིབ་ཀྱི་ཕུ་འདེབས་ཀྱིན་འདུག
གྲང་བསིལ་བསིལ་གྱི་ཕུ་འདེབས་ཀྱིན་འདུག
 
མེ་ལོང་གི་ངོས་སུ་བཀལ་བའི་ཉ་མ་གང་བའི་ཚེས་རིས་ཆག་རོ
ཤོག་སྐྱའི་སྟེང་དུ་བརྐོས་པའི་ཁ་མ་གད་པའི་མེ་ཏོག་ཀུ་མུ་ད
ད་དུང་སུ་ཞིག་གི་ཡིད་འོང་གི་མིག་མདངས་ཁྲོད་མ་ཡལ་བའི་འོད་ཀྱི་ཟེགས་མ
དུས་ཚིགས་འདི་ཁྱོད་ཀྱིས་ང་ལ་བཞག་པའི་དྲན་རྟེན་བཞིན
 
་་་    ་་་    ་་་
 
དུས་ཚིགས་ཤིག་གི་མཇུག་བསྡུའི་རོལ་དབྱངས་ལ་ཉན་གྱིན
ང་ཡང་རོལ་མོ་བ་ཞིག་ཡིན་ན་བསམ་བྱུང
ཟླ་འོད་ཀྱི་འགྱུར་ཁུགས་ལྟ་བུའི་རོལ་དབྱངས་ཤིག་དཀྲོལ་གྱིན
པེ་ཏོ་ཧྥུན་ལྟ་བུའི་རོལ་མོ་བ་ཞིག་ཡིན་ན་བསམ་བྱུང
 
བྱ་རྒོད་ཅིག་གི་གཤོག་པ་བརྐྱངས་ཚུལ་ལས
ངས་ཚོད་ཚོད་ལ་ཚངས་མགུར་ཚན་པ་ཞིག་ཐོལ་ཐོལ་གྱིས་དྲན་འོངས
བྱ་དེ་ཁྲུང་ཁྲུང་དཀར་མོ།།
གཤོག་རྩལ་ང་ལ་གཡོར་དང་།།
ཐག་རིང་རྒྱང་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།།
་་་  ་་་   ་་་
ཐག་རིང་རྒྱང་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།།
་་་  ་་་   ་་་
                                   ཉིས་སྟོང་བཅུ་ལོའི་སྤྱི་ཟླ་དགུ་བའི་ཚེས་ཉེར་དགུ་ཉིན་སྟག་ལུང་དུ་བྲིས།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚོད་ཚོད་ལ་ཚངས་མགུར་ཚན་པ་ཞིག་དྲན་ཚུལ།

2010-10-06 གླིང་བུ། ཀློག་གྲངས། མཆན ཡོད།


རི་རབ་འདི་ཁྱོད་ཀྱི་མདངས་ཡལ་བའི་ངོ་གདོང་བཞིན
བདག་གི་མིག་ཟུང་ལྟ་བུའི་སྒེའུ་ཁུང་གི་ཁ་གཏད་དུ་ཨུ་ཚུགས་ཀྱིས་འགྲེངས་དུས
ངས་ཆུ་བོའི་བཞུར་རྒྱུན་ལ་ཅེར་ནས
རྨ་འབྲིའི་འགོ་ཁུངས་ལྟ་བུའི་འདས་དོན་རུམ་གང་སྤྲུགས
 
ལོ་མའི་ངུ་ཤུམ་གྱིས་བདག་གི་སྒོ་ཆུང་ཡང་ཡང་བརྡུངས་བའི་མོད
ང་ཡང་སུ་ཞིག་གི་གཤོག་པ་བཞིན་འགུལ་ཙམ་འགུལ་ཙམ་བྱས
 
ལོབས་ཕྱོགས་ཀྱིས་མགོ་བོ་དགྱེ་ནས་མཁའ་མཐར་ཡང་ཡང་བལྟས་ཀྱང་
ཁྱོད་ནི་བདག་གི་ཞྭ་མོ་ལྟ་བུའི་ནམ་མཁའ་ནས
རབ་རིབ་ཏུ་འགྱུར་འགྲོ་བའི་གཏན་ཚིགས་ཤིག་ཅིས་ཀྱང་མ་རྙེད
 
རླུང་བུ་ལྡོམ་པོ་ཞིག་ཤར་ནས་ནུབ་ཏུ་ལྡང་ཞིང་ནུབ་ནས་ཤར་དུ་ལྡང་སྟེ
གནམ་ས་འདྲེས་མཚམས་སུ་འཁྱགས་སིབ་སིབ་ཀྱི་ཕུ་འདེབས་ཀྱིན་འདུག
གྲང་བསིལ་བསིལ་གྱི་ཕུ་འདེབས་ཀྱིན་འདུག
 
མེ་ལོང་གི་ངོས་སུ་བཀལ་བའི་ཉ་མ་གང་བའི་ཚེས་རིས་ཆག་རོ
ཤོག་སྐྱའི་སྟེང་དུ་བརྐོས་པའི་ཁ་མ་གད་པའི་མེ་ཏོག་ཀུ་མུ་ད
ད་དུང་སུ་ཞིག་གི་ཡིད་འོང་གི་མིག་མདངས་ཁྲོད་མ་ཡལ་བའི་འོད་ཀྱི་ཟེགས་མ
དུས་ཚིགས་འདི་ཁྱོད་ཀྱིས་ང་ལ་བཞག་པའི་དྲན་རྟེན་བཞིན
 
་་་    ་་་    ་་་
 
དུས་ཚིགས་ཤིག་གི་མཇུག་བསྡུའི་རོལ་དབྱངས་ལ་ཉན་གྱིན
ང་ཡང་རོལ་མོ་བ་ཞིག་ཡིན་ན་བསམ་བྱུང
ཟླ་འོད་ཀྱི་འགྱུར་ཁུགས་ལྟ་བུའི་རོལ་དབྱངས་ཤིག་དཀྲོལ་གྱིན
པེ་ཏོ་ཧྥུན་ལྟ་བུའི་རོལ་མོ་བ་ཞིག་ཡིན་ན་བསམ་བྱུང
 
བྱ་རྒོད་ཅིག་གི་གཤོག་པ་བརྐྱངས་ཚུལ་ལས
ངས་ཚོད་ཚོད་ལ་ཚངས་མགུར་ཚན་པ་ཞིག་ཐོལ་ཐོལ་གྱིས་དྲན་འོངས
བྱ་དེ་ཁྲུང་ཁྲུང་དཀར་མོ།།
གཤོག་རྩལ་ང་ལ་གཡོར་དང་།།
ཐག་རིང་རྒྱང་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།།
་་་  ་་་   ་་་
ཐག་རིང་རྒྱང་ལ་མི་འགྲོ།
ལི་ཐང་བསྐོར་ནས་སླེབས་ཡོང་།།
་་་  ་་་   ་་་
                                   ཉིས་སྟོང་བཅུ་ལོའི་སྤྱི་ཟླ་དགུ་བའི་ཚེས་ཉེར་དགུ་ཉིན་སྟག་ལུང་དུ་བྲིས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།