སྐར་མ་དང་སྐར་མའི་སྐར་མ།

ཚེ་དབང་རྣམ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-10-03

སྐར་མས་སྐར་མ་ལྟ་བུའི་སྐར་མ་མང་བོ་ཞིག་འཚོལ་སྙིང་ཡོད་ལ།
སྐར་མ་སྐར་མ་ལ་བརྟེན་ནས་སྐར་མ་འོད་ཆེན་ཞིག་ཏུའང་འགྱུར་འདོད་ཆེ།

སྐར་མ་ཡོད་པའི་མཚན་གཞུང་རེ་རེར།
སྐར་མས་སྐར་མ་འཚོལ་བཞིན་ཡོད་ལ།
སྐར་མ་མེད་པའི་མཚན་གཞུང་རེར་ཡང་།
 སྐར་མས་སྐར་མ་གསོག་བཞིན་ཡོད།
 གྲོང་ཁྱེར་གྱི་སྐར་མ་ལྟ་བུའི་གློག་ངོགས་ན།
 སྐར་མས་སྐར་མ་འཐུ་བཞིན་ཡོད་ལ།
རྩྭ་ཐང་གི་སྐར་མ་ལྟ་བུའི་ལུག་ཁྱུའི་མཐར་ཡང་།
སྐར་མས་སྐར་མ་དྲན་བཞིན་ཡོད། 

མུན་ནག་གི་གྲུ་ག་ཞིག་ནས།
སྐར་མས་སྐར་མ་བགྲང་བཞིན་སྐར་མ་ལ་ཡིད་ཆེས་ཤིག་སྐྱེས།  
རྒྱུགས་ཤོག་གི་གྲུ་ག་ཞིག་ནས།
སྐར་མས་སྐར་མ་བགྲང་བཞིན་སྐར་མ་ལ་འཁང་ར་རེ་བྱས།
གང་ལྟར།

སྐར་མ་སྐར་མ་ལ་བརྟེན་ལ་སྦྲ་ནག་གི་མཐོངས་སུ་ཆེས་གསལ་བའི་སྐར་མ་འོད་ཆེན་དེར་འགྱུར་འདོད་ཆེ།

ཆུང་དུས་སུ་སྐར་མས་སྐར་མ་མཛུབ་རྩེ་ནས་བགྲང་ཞིང་མཛུབ་རྩེ་ནས་བཙལ་ལ།
ཆུང་དུས་སུ་སྐར་མའི་སྐར་མ་སྦྲ་ནག་གི་ཁ་ཚུབ་ནས།  ཕྱེ་ལེབ་འཛུམ་འཛུམ།  མེ་ཏོག་དགོད་དགོད།
ཇི་ཙམ་དགོས་ན་དེ་ཙམ་ཡོད།     ཇི་ལྟར་བཙལ་ན་དེ་ལྟར་རྙེད།
གཞོན་དུས་སུ་སྐར་མས་སྐར་མ་སྨྱུག་རྩེ་ནས་བགྲང་ཞིང་སྨྱུག་རྩེ་ནས་བཙལ་ལ།
གཞོན་དུས་སུ་སྐར་མའི་སྐར་མ་རྒྱུགས་ཤོག་གི་བྱེ་ཐང་ན། སྨུག་རྒྱུ་ལངས་ལངས།  ཚ་རླབས་མཆེད་མཆེད།
 ཇི་ཙམ་ཐོབ་ཀྱང་དེ་ཙམ་ཤོར།    ཇི་ཙམ་རྙེད་ཀྱང་དེ་ཙམ་ཤོར།

དེ་བས།
ཆུང་དུས་ཀྱི་སྐར་མ་སྐར་མའི་རྒྱལ་བོ་ཡིན་ལ། 
གཞོན་དུས་ཀྱི་སྐར་མ་སྐར་མའི་སྤྲང་བོ་ཡིན།
ཆུང་དུས་ཀྱི་སྐར་མ་ནམ་ཡང་སྐར་མ་བཞིན་དགོད་ལ་ཁད།
 གཞོན་དུས་ཀྱི་སྐར་མ་རྟག་ཏུ་སྐར་མ་བཞིན་འཛད་ལ་ཉེ།

 འོད་ཀྱི་མཇུག་མ་རེ་བསྲིངས་པའི་སྐར་མདའ་དེ་མཐོང་དུས། 
ཆུང་དུས་ཀྱི་སྐར་མ་སྐར་མ་དང་མཉམ་དུ།  དགོད་སྒྲ་ལྷང་ལྷང་།  གོམ་སྒྲ་ཐག་ཐག
འོན་ཏེ།  གཞོན་དུས་ཀྱི་སྐར་མ་སྐར་མདར་ཞེད་སྣང་སྐྱེས།
ཁྲག་གི་རྐང་རྗེས་རེ་བཏོད་པའི་སྐར་མ་རྣམས་སྐར་མདའ་བཞིན་ཤོར་འགྲོ་བར་དོགས་པས་ལོས་ཡིན།

དེར་བརྟེན།
སྐར་མ་དང་སྐར་མའི་སྐར་མ།
སྐར་མ་དང་སྐར་མའི་གཏམ་རྒྱུད་ལས་རྒྱང་དུ་བཀྱེད།
སྐར་མས་སྐར་མ་སྐར་མ་ལྟ་བུ་ཞིག་བཙལ་ན་སྙམ།
ཡིན་ཡང་སྐར་མའི་སྐར་མ་སྐར་མ་བཞིན་ཆ་འཇོག་དབེན།
 སྐར་མར་མཚོན་ན།
 སྐར་མ་འཚོལ་བ་ནི་སྐར་མ་རང་ཉིད་འཚོལ་བའི་གོ་རིམ་ཞིག་ཡིན་ལ།
 སྐར་མ་རྙེད་པ་ནི་སྐར་མ་རང་ཉིད་རྙེད་པའི་གོ་རིམ་དེའང་ཡིན།
 དེ་བཞིན་སྐར་མ་ཤོར་ཚེ་སྐར་མ་རང་ཉིད་ཀྱང་ཤོར་འགྲོ་བ་ཡིན།
 དེའི་ཕྱིར་སྐར་མ་དང་སྐར་མའི་སྐར་མ་མདོར་ན་སྐར་མ་ཙམ་དུ་ཟད།
                       
དོ་དགོང་།
སྐར་མ་རྒྱུགས་ཤོག་དང་འདྲ་བའི་ནམ་མཁའི་ཁ་གཏད་དུ་འགྲེང་དུས།
ད་དུང་འཚོལ་དགོས་པའི་སྐར་མ་མང་བོ་ཞིག
མུན་ནག་གི་གྲུ་ཟུར་རེ་ནས།   པྲ་ཚགས་ཀྱི་མིག་འཛུམ།                                                                                                                                                                                                                                                                                                                                                                                              
 ཀེམ་ཀེམ། 
ཀེམ་ཀེམ་ཀེམ¡­¡­

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐར་མ་དང་སྐར་མའི་སྐར་མ།

2010-10-03 ཚེ་དབང་རྣམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།