རྒྱང་རིང་རྒྱང་རིང་གི་གནས་དེ་ན།

དུང་བུ་ཆོས་འབུམ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-09-29


རྒྱང་རིང་རྒྱང་རིང་གི་གནས་དེ་ན
སྐར་འོད་ཀྲིག་ཀྲིག་འཚེར་གྱིན་འདུག
ཉི་འོད་ལམ་ལམ་འཕྲོ་བཞིན་འདུག

རྒྱང་རིང་རྒྱང་རིང་གི་གནས་དེ་ན
རེ་སྨོན་གྱི་མེ་ཏོག་བཞད་ཡོད
ཚེ་སྲོག་གི་མྱུ་གུ་འབུས་ཡོད
 
རྒྱང་རིང་རྒྱང་རིང་གི་གནས་དེ་ན
ཅི་ཡང་འཛོམས་ཤིང་ཅི་ཡང་མཆིས
 
མགོ་བོ་བྲང་ལ་ལྷུང་ནས
རྡོག་སྣེའི་དུག་ཚེར་མཐོང་དུས
ངས་རྒྱང་རིང་རྒྱང་རིང་དེ་དྲན་བྱུང
 
རྒྱང་རིང་རྒྱང་རིང་གི་གནས་དེ་ན
ངའི་ལུས་སེམས་བཀྲུ་སའི་དངས་གཙང་གི་འོ་མ་བསྐྱིལ་ཡོད
ངའི་སེམས་གཏམ་བརྗོད་སའི་འོད་མདངས་ཀྱི་ཕོ་བྲང་བཞེངས་ཡོད
རྒྱང་རིང་རྒྱང་རིང་ན་འགྱུ་བའི་ངའི་ཚོར་སྣང
རྒྱང་རིང་རྒྱང་རིང་གི་གནས་དེ་ན
མེ་ཏོག་འཐུ་བའི་ལང་ཚོ་དེ་རེད་ཨང
 
ཐག་ཉེ་ཞིག་ནས་སུ་ཞིག་གིས་རྒྱང་རིང་གླེང་དུས
ངས་སེམས་པའང་རྒྱང་རིང་ལ་འཕུར་སོང
རྒྱང་རིང་རྒྱང་རིང་གི་གཏམ་རྒྱུད་དེ
ཅི་འདྲའི་སྙན་པ་ལ       ཅི་འདྲིའི་ཞིམ་པ་ལ
རྒྱང་རིང་རྒྱང་རིང་གི་དྲི་བསུང་འཐུལ་ཡོངས་དུས
གཞི་ནས་ཐག་ཉེ་ཐག་ཉེ་ཞིག་ལ་མནོ་བསམ་གཏོང་རན་འདུག
 
ཐག་ཉེ་ནས་བསམ་གཞིག་གིས་བསྐོར་དུས
རྒྱང་རིང་རྒྱང་རིང་གི་གནས་དེ་ན
ཅི་ཡང་འཛོམས་ཤིང་ཅི་ཡང་བདོག་པ་རྟོགས
                                 
                            2010/09/27/ཉིན་རེབ་གོང་ནས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱང་རིང་རྒྱང་རིང་གི་གནས་དེ་ན།

2010-09-29 དུང་བུ་ཆོས་འབུམ་རྒྱལ། ཀློག་གྲངས། མཆན ཡོད།


རྒྱང་རིང་རྒྱང་རིང་གི་གནས་དེ་ན
སྐར་འོད་ཀྲིག་ཀྲིག་འཚེར་གྱིན་འདུག
ཉི་འོད་ལམ་ལམ་འཕྲོ་བཞིན་འདུག

རྒྱང་རིང་རྒྱང་རིང་གི་གནས་དེ་ན
རེ་སྨོན་གྱི་མེ་ཏོག་བཞད་ཡོད
ཚེ་སྲོག་གི་མྱུ་གུ་འབུས་ཡོད
 
རྒྱང་རིང་རྒྱང་རིང་གི་གནས་དེ་ན
ཅི་ཡང་འཛོམས་ཤིང་ཅི་ཡང་མཆིས
 
མགོ་བོ་བྲང་ལ་ལྷུང་ནས
རྡོག་སྣེའི་དུག་ཚེར་མཐོང་དུས
ངས་རྒྱང་རིང་རྒྱང་རིང་དེ་དྲན་བྱུང
 
རྒྱང་རིང་རྒྱང་རིང་གི་གནས་དེ་ན
ངའི་ལུས་སེམས་བཀྲུ་སའི་དངས་གཙང་གི་འོ་མ་བསྐྱིལ་ཡོད
ངའི་སེམས་གཏམ་བརྗོད་སའི་འོད་མདངས་ཀྱི་ཕོ་བྲང་བཞེངས་ཡོད
རྒྱང་རིང་རྒྱང་རིང་ན་འགྱུ་བའི་ངའི་ཚོར་སྣང
རྒྱང་རིང་རྒྱང་རིང་གི་གནས་དེ་ན
མེ་ཏོག་འཐུ་བའི་ལང་ཚོ་དེ་རེད་ཨང
 
ཐག་ཉེ་ཞིག་ནས་སུ་ཞིག་གིས་རྒྱང་རིང་གླེང་དུས
ངས་སེམས་པའང་རྒྱང་རིང་ལ་འཕུར་སོང
རྒྱང་རིང་རྒྱང་རིང་གི་གཏམ་རྒྱུད་དེ
ཅི་འདྲའི་སྙན་པ་ལ       ཅི་འདྲིའི་ཞིམ་པ་ལ
རྒྱང་རིང་རྒྱང་རིང་གི་དྲི་བསུང་འཐུལ་ཡོངས་དུས
གཞི་ནས་ཐག་ཉེ་ཐག་ཉེ་ཞིག་ལ་མནོ་བསམ་གཏོང་རན་འདུག
 
ཐག་ཉེ་ནས་བསམ་གཞིག་གིས་བསྐོར་དུས
རྒྱང་རིང་རྒྱང་རིང་གི་གནས་དེ་ན
ཅི་ཡང་འཛོམས་ཤིང་ཅི་ཡང་བདོག་པ་རྟོགས
                                 
                            2010/09/27/ཉིན་རེབ་གོང་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།