ཁྱོད་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ།

གཡུ་སྲས་ཚེ་རིང་བཀྲ་ཤིས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-09-29


བགྲང་བྱ་ཉི་ཤུ་ལྷག་ཡར་སྔོན་གྱི་དེ་རིང
བྱམས་ལྡན་ཨ་མའི་བརྩེ་བ་ལས
ཁྱོད་ཀྱི་ཚེ་སྲོག་སྦྲུམ་པའི་ངུ་སྐད་དེ
མིའི་རིགས་ཀྱི་ཁྱིམ་གཞིར་བསྐྱལ
དུས་དེ་ནས
ཕ་མའི་དྲན་པར
ཁྱོད་ནི་བགོར་མི་བཏུབ་པའི་ཡ་ཆུང་སྙིང་གི་ཕྱེད་ཀ
བྲུར་མི་བྲ་བའི་         ཡ་ཐོད་མིག་གི་ཆ་ཡར་གྱུར
གྱ་ཙེ་གོམ་ཙེ་ནས
མཛེས་སྡུག་གི་ལང་ཚོའི་རོལ་དབྱངས་བྲིས
 
ཁྱོད་ནི་སྲོད་དུ་བླངས་པའི
ཨ་ནེའི་དགོ་དགོ་བཞོ་དབྱངས་སྟེ
ཐུལ་དཀར་འབྲི་མོའི་སེམས་ཀྱི་གསོས་སྨན
ཞི་འཇམ་གྱི་རི་སུལ་ཏུ་མཆེད་པའི
སྙན་མོའི་གཟིམས་གླུ་ཡིན
ཁྱོད་ནི་འདབ་བརྒྱ་གྲོལ་བའི
སྡུག་གུའི་སྤང་རྒྱན་མེ་ཏོག་སྟེ
དག་གཙང་གི་སྤང་ཐང་ནས་མཚར་ལོངས་བྱུང་ཞིང
ཚེ་སྲོག་གི་མཛེས་པ་སླར་ཡང་སྤང་ཐང་ལ་དབུལ་དགོས
 
མདོར་ན
ཁྱོད་ནི་གངས་རིའི་ཕང་བར་བབས་པའི་ཁ་བ
ཁ་བའི་ལས་དབང་ལ་སྦྲེལ་བའི་གངས་རིའི་བུ་མོ་ཆུང་ངུ་ཞིག
སྙིང་ཉེ་བའི་ངང་ནར་སོན་ཏེ
ཀ་ཁ་ག་ངའི་རིག་མཛོད་ཀྱི་ལྡེ་མིག་བཙལ
ཤེས་བྱ་འཚོལ་བའི་འཇོལ་མོ
ཤེས་བྱའི་མཁའ་ལམ་ལ་ཡུན་ཏུ་ཞུགས་ཏེ
ད་ལྟ་A B C Dཡི་སྒོ་ཆེན་ཏུའང་འཛུལ་ཟིན
ཡིན་ནའང་།
འཇིག་རྟེན་འདིའི་མཁའ་དབུགས་
གཡོ་ཟོལ་དང་ཁེངས་དྲེགས་ཚུལ་འཆོས་ཁྲོད
བྱིས་བློའི་ལྷད་མེད
ནམ་དུ་ཡང་མ་ཡལ་ཏེ
ཆུ་ཤེལ་གྱི་གོང་བུར
དྲི་མའི་རྡུལ་ནི་སྐད་ཅིག་གིས་རིལ་དེ་འགྲོ
དེ་བས    མུ་ཏིག་གི་རང་བཞིན་དུའང་གྲུབ་པ་ཁྱོད
མི་ཡུལ་དུ་ཕེབས་པའི་སྟོན་མོར
ངས་ཀྱང་དངས་གཙང་གི་ལྷག་བསམ་གྱིས་
དག་གཙང་གི་ལེགས་སྐྱེས་ཁྱེར་དེ
དར་གྱིས་བཏེགས་པའི་ཁ་བཏགས་ལྟ་བུར
ཟེའུར་བཅུས་པའི་རྫ་ཆབ་ལྟ་བུར
དེ་ལས་ཀྱང
རྒྱུན་དུ་བབས་པའི་འོ་མ་ལྟ་བུར
སེམས་ཀྱི་སྔོན་པ་དང་རྟེན་འབྲེལ་མཉམ་དུ་ཞུ
 
ད་ནི་  སྨིན་པའི་རྒྱ་སེ་མེ་ཏོག་ཁྱོད
ངའི་སེམས་ཀྱི་གོང་བུར་གཏན་དུ་གྲོལ་དང
དུངས་བའི་ཆུ་རྒྱུན་དང
བརྩེ་བའི་ཉི་ཟེར་ནི
རྟག་བརྟན་གྱི་ལོངས་སྤྱོད་ཡིན
 
                        ༢༠༡༠ལོའི་ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་སྨོན་འདུན་དང་བཅས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ།

2010-09-29 གཡུ་སྲས་ཚེ་རིང་བཀྲ་ཤིས། ཀློག་གྲངས། མཆན ཡོད།


བགྲང་བྱ་ཉི་ཤུ་ལྷག་ཡར་སྔོན་གྱི་དེ་རིང
བྱམས་ལྡན་ཨ་མའི་བརྩེ་བ་ལས
ཁྱོད་ཀྱི་ཚེ་སྲོག་སྦྲུམ་པའི་ངུ་སྐད་དེ
མིའི་རིགས་ཀྱི་ཁྱིམ་གཞིར་བསྐྱལ
དུས་དེ་ནས
ཕ་མའི་དྲན་པར
ཁྱོད་ནི་བགོར་མི་བཏུབ་པའི་ཡ་ཆུང་སྙིང་གི་ཕྱེད་ཀ
བྲུར་མི་བྲ་བའི་         ཡ་ཐོད་མིག་གི་ཆ་ཡར་གྱུར
གྱ་ཙེ་གོམ་ཙེ་ནས
མཛེས་སྡུག་གི་ལང་ཚོའི་རོལ་དབྱངས་བྲིས
 
ཁྱོད་ནི་སྲོད་དུ་བླངས་པའི
ཨ་ནེའི་དགོ་དགོ་བཞོ་དབྱངས་སྟེ
ཐུལ་དཀར་འབྲི་མོའི་སེམས་ཀྱི་གསོས་སྨན
ཞི་འཇམ་གྱི་རི་སུལ་ཏུ་མཆེད་པའི
སྙན་མོའི་གཟིམས་གླུ་ཡིན
ཁྱོད་ནི་འདབ་བརྒྱ་གྲོལ་བའི
སྡུག་གུའི་སྤང་རྒྱན་མེ་ཏོག་སྟེ
དག་གཙང་གི་སྤང་ཐང་ནས་མཚར་ལོངས་བྱུང་ཞིང
ཚེ་སྲོག་གི་མཛེས་པ་སླར་ཡང་སྤང་ཐང་ལ་དབུལ་དགོས
 
མདོར་ན
ཁྱོད་ནི་གངས་རིའི་ཕང་བར་བབས་པའི་ཁ་བ
ཁ་བའི་ལས་དབང་ལ་སྦྲེལ་བའི་གངས་རིའི་བུ་མོ་ཆུང་ངུ་ཞིག
སྙིང་ཉེ་བའི་ངང་ནར་སོན་ཏེ
ཀ་ཁ་ག་ངའི་རིག་མཛོད་ཀྱི་ལྡེ་མིག་བཙལ
ཤེས་བྱ་འཚོལ་བའི་འཇོལ་མོ
ཤེས་བྱའི་མཁའ་ལམ་ལ་ཡུན་ཏུ་ཞུགས་ཏེ
ད་ལྟ་A B C Dཡི་སྒོ་ཆེན་ཏུའང་འཛུལ་ཟིན
ཡིན་ནའང་།
འཇིག་རྟེན་འདིའི་མཁའ་དབུགས་
གཡོ་ཟོལ་དང་ཁེངས་དྲེགས་ཚུལ་འཆོས་ཁྲོད
བྱིས་བློའི་ལྷད་མེད
ནམ་དུ་ཡང་མ་ཡལ་ཏེ
ཆུ་ཤེལ་གྱི་གོང་བུར
དྲི་མའི་རྡུལ་ནི་སྐད་ཅིག་གིས་རིལ་དེ་འགྲོ
དེ་བས    མུ་ཏིག་གི་རང་བཞིན་དུའང་གྲུབ་པ་ཁྱོད
མི་ཡུལ་དུ་ཕེབས་པའི་སྟོན་མོར
ངས་ཀྱང་དངས་གཙང་གི་ལྷག་བསམ་གྱིས་
དག་གཙང་གི་ལེགས་སྐྱེས་ཁྱེར་དེ
དར་གྱིས་བཏེགས་པའི་ཁ་བཏགས་ལྟ་བུར
ཟེའུར་བཅུས་པའི་རྫ་ཆབ་ལྟ་བུར
དེ་ལས་ཀྱང
རྒྱུན་དུ་བབས་པའི་འོ་མ་ལྟ་བུར
སེམས་ཀྱི་སྔོན་པ་དང་རྟེན་འབྲེལ་མཉམ་དུ་ཞུ
 
ད་ནི་  སྨིན་པའི་རྒྱ་སེ་མེ་ཏོག་ཁྱོད
ངའི་སེམས་ཀྱི་གོང་བུར་གཏན་དུ་གྲོལ་དང
དུངས་བའི་ཆུ་རྒྱུན་དང
བརྩེ་བའི་ཉི་ཟེར་ནི
རྟག་བརྟན་གྱི་ལོངས་སྤྱོད་ཡིན
 
                        ༢༠༡༠ལོའི་ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་སྨོན་འདུན་དང་བཅས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།