སེམས་གཏམ་དམར་ལྡང་མ།

གང་སྒྲུབ་ལས་སྐུལ་གྱི་དར་ཐག་དམར་པོ།།
སྣང་བ་བན་བུན་གྱི་སྨུག་རྒྱུའི་ཁྲོད་ནས།།
སེམས་གཏམ་རྡོག་རྡོག་གི་མར་ལོ་སྣུམ་པོ།།
བློས་གྲོགས་ཁྱེད་ཅག་གི་སྙན་ལ་སྒྲོན་འདོད།།

མི་བུའི་སྐྱིད་སྡུག་གི་བྲོ་གར་འཁྲབ་ས།།
མི་ཚེ་འགྲུལ་བཞུད་ཀྱི་རྐང་ལམ་ཀྱ་ཀྱུ།།
དྭངས་གསལ་དྲི་མེད་ཀྱི་མེ་ལོང་ནང་ནས།།
ཚེ་རབས་ལས་འཕྲོ་འདིའི་གསོལ་སྟོན་བགྱིས་ཤོག།

ལོ་ཟླའི་ཆུ་བོ་ལ་མཚམས་འཇོག་མེད་པར།།
དགའ་སྐྱོ་འབུམ་ལྡན་གྱི་ཐེམ་སྐས་བར་ནས།།
འཛིན་མེད་དྲི་བཞོན་གྱི་བྱེད་པོ་དེ་ཡིས།།
མཐའ་བྲལ་སྒྱུ་འཕྲུལ་གྱི་ཀློང་ལ་སྤྱུགས་སོང༌།།

གཡོ་མེད་བརྟན་བརླིང་གི་དམ་བཅའ་ཟབ་མོ།།
ཤ་ཁྲག་རུས་གསུམ་འདི་མ་ཐོར་བར་དུ།།
ཟོལ་མདོག་དགུ་སྦྲེལ་གྱི་སྣོན་མཚམས་བར་ནས།།
འགྱུར་མེད་སྙིང་སྟོབས་དེ་རྡོ་ལ་བརྐོས་ཡོད།།

མཁས་དབང་དགེ་ཆོས་ཀྱི་མི་ཚེ་རྣམ་ཐར།།
འདས་པའི་ལོ་རྒྱུས་ཀྱི་ཕྱིར་དྲན་ཐེངས་ཤིག།
མདུན་གྱི་བྱ་བཞག་འདིའི་བགོ་སྐལ་རེ་རེ།།
དཔྲལ་བ་ལེབ་མོ་འདིའི་ངོས་ན་གསལ་ལོ།།

ཐ་མག་རྐང་གཅིག་གི་ཚེ་སྲོག་དམར་པོ།།
ཝུ་ཆང་ཕོར་ཁ་ཡི་ཁྲོད་ནས་ཟད་ཀྱང༌།།
རྐྱལ་སྟོང་བུ་རུལ་ངའི་ཕུགས་བསམ་སྒོར་སྒོར།།
མ་ཡུམ་གངས་ལྗོངས་འདིའི་སྦུབས་སུ་འཁྲུངས་ཡོད།།

སློབ་ཆེན་སྒོ་ཐེམ་ལ་གོམ་ཁ་བསྒྱུར་དུས།།
འགྱུར་མེད་དམ་ཚིག་ཅིག་སྙིང་ལ་སྒོམ་ཡོད།།
ཨ་རག་དུ་ཆང་གི་རྒྱ་མཚོའི་འཇིངས་ནས།།
གཏན་གྱི་དམིགས་འབེན་འདིར་མགོ་ཡོམ་འཁོར་འགྲོ།།

འཁྲུག་སྦྱོར་ཁོ་ན་ཡིས་ཕྱི་ནང་བཙོང་བའི།།
མདོ་མེད་ཕོ་མོ་ཚོའི་ཀླད་པའི་ནང་ལ།།
འདོད་ཆགས་ནད་དུག་གི་འགོས་ནད་ཕོག་པས།།
གདོང་གི་སྐྱི་སྤགས་འདི་བྲག་ལས་སྲ་བ།།

རེ་སྨོན་ཁྲི་ཕྲག་གི་དབྱངས་རྟ་གསོན་པོ།།
མ་གསང་རྗེན་རྗེན་དུ་བརྗོད་པར་སྤོམས་པ།།
ཉམ་ཐག་བུ་ཆུང་ངའི་གཤིས་སུ་འཁུམས་པས།།
མི་ཁའི་རླུང་བུ་དེ་གཡུག་ན་གཡུག་ཤོག།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་གཏམ་དམར་ལྡང་མ།

2010-09-12 ཏཱ་ནི་སྨྱུ་གུ། ཀློག་གྲངས། མཆན ཡོད།

གང་སྒྲུབ་ལས་སྐུལ་གྱི་དར་ཐག་དམར་པོ།།
སྣང་བ་བན་བུན་གྱི་སྨུག་རྒྱུའི་ཁྲོད་ནས།།
སེམས་གཏམ་རྡོག་རྡོག་གི་མར་ལོ་སྣུམ་པོ།།
བློས་གྲོགས་ཁྱེད་ཅག་གི་སྙན་ལ་སྒྲོན་འདོད།།

མི་བུའི་སྐྱིད་སྡུག་གི་བྲོ་གར་འཁྲབ་ས།།
མི་ཚེ་འགྲུལ་བཞུད་ཀྱི་རྐང་ལམ་ཀྱ་ཀྱུ།།
དྭངས་གསལ་དྲི་མེད་ཀྱི་མེ་ལོང་ནང་ནས།།
ཚེ་རབས་ལས་འཕྲོ་འདིའི་གསོལ་སྟོན་བགྱིས་ཤོག།

ལོ་ཟླའི་ཆུ་བོ་ལ་མཚམས་འཇོག་མེད་པར།།
དགའ་སྐྱོ་འབུམ་ལྡན་གྱི་ཐེམ་སྐས་བར་ནས།།
འཛིན་མེད་དྲི་བཞོན་གྱི་བྱེད་པོ་དེ་ཡིས།།
མཐའ་བྲལ་སྒྱུ་འཕྲུལ་གྱི་ཀློང་ལ་སྤྱུགས་སོང༌།།

གཡོ་མེད་བརྟན་བརླིང་གི་དམ་བཅའ་ཟབ་མོ།།
ཤ་ཁྲག་རུས་གསུམ་འདི་མ་ཐོར་བར་དུ།།
ཟོལ་མདོག་དགུ་སྦྲེལ་གྱི་སྣོན་མཚམས་བར་ནས།།
འགྱུར་མེད་སྙིང་སྟོབས་དེ་རྡོ་ལ་བརྐོས་ཡོད།།

མཁས་དབང་དགེ་ཆོས་ཀྱི་མི་ཚེ་རྣམ་ཐར།།
འདས་པའི་ལོ་རྒྱུས་ཀྱི་ཕྱིར་དྲན་ཐེངས་ཤིག།
མདུན་གྱི་བྱ་བཞག་འདིའི་བགོ་སྐལ་རེ་རེ།།
དཔྲལ་བ་ལེབ་མོ་འདིའི་ངོས་ན་གསལ་ལོ།།

ཐ་མག་རྐང་གཅིག་གི་ཚེ་སྲོག་དམར་པོ།།
ཝུ་ཆང་ཕོར་ཁ་ཡི་ཁྲོད་ནས་ཟད་ཀྱང༌།།
རྐྱལ་སྟོང་བུ་རུལ་ངའི་ཕུགས་བསམ་སྒོར་སྒོར།།
མ་ཡུམ་གངས་ལྗོངས་འདིའི་སྦུབས་སུ་འཁྲུངས་ཡོད།།

སློབ་ཆེན་སྒོ་ཐེམ་ལ་གོམ་ཁ་བསྒྱུར་དུས།།
འགྱུར་མེད་དམ་ཚིག་ཅིག་སྙིང་ལ་སྒོམ་ཡོད།།
ཨ་རག་དུ་ཆང་གི་རྒྱ་མཚོའི་འཇིངས་ནས།།
གཏན་གྱི་དམིགས་འབེན་འདིར་མགོ་ཡོམ་འཁོར་འགྲོ།།

འཁྲུག་སྦྱོར་ཁོ་ན་ཡིས་ཕྱི་ནང་བཙོང་བའི།།
མདོ་མེད་ཕོ་མོ་ཚོའི་ཀླད་པའི་ནང་ལ།།
འདོད་ཆགས་ནད་དུག་གི་འགོས་ནད་ཕོག་པས།།
གདོང་གི་སྐྱི་སྤགས་འདི་བྲག་ལས་སྲ་བ།།

རེ་སྨོན་ཁྲི་ཕྲག་གི་དབྱངས་རྟ་གསོན་པོ།།
མ་གསང་རྗེན་རྗེན་དུ་བརྗོད་པར་སྤོམས་པ།།
ཉམ་ཐག་བུ་ཆུང་ངའི་གཤིས་སུ་འཁུམས་པས།།
མི་ཁའི་རླུང་བུ་དེ་གཡུག་ན་གཡུག་ཤོག།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།