ཕྱིར་ལོག་རོགས། ཁྱོད་དང་ཁྱོད་ཀྱི་རྣམ་ཤེས་ཙམ་པོ།

རྒྱུ་སྐར་ཆུང་ཆུང་ཞིག་གི་འཚེར་སྟེང་གཡར་ཏེ།
ཕྱི་རོལ་གྱི་ས་སྟེགས་མཐོ་ས་འདི་ནས།
ངས་ཁྱོད་ཀྱི་མིང་ནས་ཡང་ཡང་བོས།
 
དེ་ལྟར་བྱེད་འདོད་ཀྱང༌།
ཁྱོད་རང་མི་ཞིག་ཡིན་པས།
སྐད་ཅོར་མཐོན་པོ་ཞིག་གིས།
གཞི་ནས་གཉིད་ལས་དཀྲོག་སྙམ།
 
མ་བསམ་ས་ནས།
ངའི་དྲན་པ་ཧལ་བར་བྱས།
ཧ་ཅང་ཐག་རིང་གི་ཐག་རིང་ཞིག་ན།
ཁྱོད་ཀྱིས་ཀྱང་བརྗོད་མི་ཤེས་པའི་སྟོབས་ཤུགས་ཤིག་གནས།
 
སྟོབས་ཤུགས་དེའི་བདག་པོ་ནི་ལྷ་ཞིག་རེད།
ལྷ་དེའི་ཞལ་ཁྱིམ་གྱི་འཇམ་པའི་བྱམས་བརྩེ་ལས།
བྱང་སེམས་ཀྱི་ཐིགས་པ་ཞིག་ཡུན་གྱིས་འཛག 
 
ཁྱོད་རང་ཐིགས་པའི་གཙང་ཆབ་ལ་ཆགས་ཏེ།
མི་སྐད་ནི་བྱོལ་སོང་གི་ཆགས་འདང་རེད་ཟེར།
 
ཡིན་ནའང༌།  བདག་གིས་དེ་ལྟར་མི་འདོད།
ཆགས་སྡང་གི་མངར་སྐྱུར་འདྲེས་མ་ལས།
མི་ཡུལ་ལ་མེ་ཏོག་ཅིག་བཞད་ཅིང༌།
མེ་ཏོག་དེའི་འདབ་མ་རེ་རེ་ནི་ཁྱིམ་གཞི་ཞིག་གམ།
མ་མཐར་ཡང་རང་ཉིད་ལོག་སའི་རྭ་བ་ཞིག་རེད།
 
ང་རང་རྭ་བ་དེའི་བདག་པོ་སུ་ཡིན་ལ་ཞེ་སེམས་མི་འཁྲེང་མོད།
ཁོར་ཡུག་གིས་བྱིན་པའི་དྲོད་ཁོལ་ཙམ་པོ་བརྗེད་ཐབས་བྲལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱིར་ལོག་རོགས། ཁྱོད་དང་ཁྱོད་ཀྱི་རྣམ་ཤེས་ཙམ་པོ།

2010-09-06 མེ་སོན། ཀློག་གྲངས། མཆན ཡོད།

རྒྱུ་སྐར་ཆུང་ཆུང་ཞིག་གི་འཚེར་སྟེང་གཡར་ཏེ།
ཕྱི་རོལ་གྱི་ས་སྟེགས་མཐོ་ས་འདི་ནས།
ངས་ཁྱོད་ཀྱི་མིང་ནས་ཡང་ཡང་བོས།
 
དེ་ལྟར་བྱེད་འདོད་ཀྱང༌།
ཁྱོད་རང་མི་ཞིག་ཡིན་པས།
སྐད་ཅོར་མཐོན་པོ་ཞིག་གིས།
གཞི་ནས་གཉིད་ལས་དཀྲོག་སྙམ།
 
མ་བསམ་ས་ནས།
ངའི་དྲན་པ་ཧལ་བར་བྱས།
ཧ་ཅང་ཐག་རིང་གི་ཐག་རིང་ཞིག་ན།
ཁྱོད་ཀྱིས་ཀྱང་བརྗོད་མི་ཤེས་པའི་སྟོབས་ཤུགས་ཤིག་གནས།
 
སྟོབས་ཤུགས་དེའི་བདག་པོ་ནི་ལྷ་ཞིག་རེད།
ལྷ་དེའི་ཞལ་ཁྱིམ་གྱི་འཇམ་པའི་བྱམས་བརྩེ་ལས།
བྱང་སེམས་ཀྱི་ཐིགས་པ་ཞིག་ཡུན་གྱིས་འཛག 
 
ཁྱོད་རང་ཐིགས་པའི་གཙང་ཆབ་ལ་ཆགས་ཏེ།
མི་སྐད་ནི་བྱོལ་སོང་གི་ཆགས་འདང་རེད་ཟེར།
 
ཡིན་ནའང༌།  བདག་གིས་དེ་ལྟར་མི་འདོད།
ཆགས་སྡང་གི་མངར་སྐྱུར་འདྲེས་མ་ལས།
མི་ཡུལ་ལ་མེ་ཏོག་ཅིག་བཞད་ཅིང༌།
མེ་ཏོག་དེའི་འདབ་མ་རེ་རེ་ནི་ཁྱིམ་གཞི་ཞིག་གམ།
མ་མཐར་ཡང་རང་ཉིད་ལོག་སའི་རྭ་བ་ཞིག་རེད།
 
ང་རང་རྭ་བ་དེའི་བདག་པོ་སུ་ཡིན་ལ་ཞེ་སེམས་མི་འཁྲེང་མོད།
ཁོར་ཡུག་གིས་བྱིན་པའི་དྲོད་ཁོལ་ཙམ་པོ་བརྗེད་ཐབས་བྲལ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།