མིག་ཆུ་དང་ངུ་ངག་གིས་དཀྲོལ་བའི་རོལ་མོ་ཞིག

བྱ་དོར་ཕུན་ཚོགས་དབང་ཕྱུག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-26

                                              ___________འབྲུག་ཆུའི་གད་ཆག་ལ་མྱ་ངན་གྱི་ཆེད་དུ་ཕུལ།
 མིག་ཆུ་དང་ངུ་ངག་གིས་དཀྲོལ་བའི་རོལ་མོ་ཞིག
ངའི་རྣ་ལམ་དུ་གྲགས་པས།
སླར་ཡང༌། རྨི་ལམ་དང་འདྲ་བའི་གོད་ཆགས་དེར་སེམས་པ་མུག་བྱུང༌།
 
ལོ་འདི་དག་ནི། ས་ཆེན་པོ་ཡོམ་ཡོམ་འདར་བའི་འཇིགས་སྐྲག་གིས།
ངའི་ཡུལ་ཤུལ། སེར་དྲག་གིས་བཅུམ་པའི་མེ་ཏོག་རྙིད་མ་དང་འདྲ་ལ།
ཆབ་རུལ་བ་ལང་ལོང་སྨྱོས་པའི་དྲག་རླབས་ཁྲོད།
ངའི་འབྲུག་ཆུ། རླུང་ངར་གྱིས་སྤུར་བའི་སྤྲིན་འདབ་ལྟར་འཐག་ཅིང་ཟད།
 
དེ་ལྟར། ཁྲག་ནག་བཞུར་བ་དང་འདྲ་བའི་འདམ་རུལ་དེའི་རབ་ཁ་ན།
ཁང་ཁྱིམ་དང་གཤིན་ས། ནོར་ལུག་དང་ཅ་དངོས།
དབེན་དགོན་དང་སློབ་གྲྭ། ་་་་་་་་་་་་་་་
ཅི་འདྲའི་མང་བོ་མང་བོ་ཞིག་བོར་སོང་བ་རེད་ལ།
ཐ་ན། ཕུ་ནུ་མིང་སྲིང་དང་མདང་བཙས་ཀྱི་བྱིས་པ་ཡང༌།
རླབས་ཀྱི་འདེགས་ཕར་དང་བཞུར་བའི་འུར་ཟིང་ཁྲོད་དུ་གཙབ་ཅིང་བརྡར།
 
བསྐལ་པ་བརྗེ་སྒྱུར་གྱི་སྔོན་རྟགས་འཚུབ་ལེ་ཡིན་ནམ། ཡང་ན།
མགྲོན་པོ་སྙིང་ཆེན་དག་གིས་མཐོ་གཞོངས་ཀྱི་བྲང་ཁོག་སྟར་གྲིས་གཤགས་ཆེ་བ་ཅི་ཡིས་ལན།
གང་ལྟར། ངའི་ཕ་ཡུལ་ན་བམ་རོ་དང་རུས་ཀྲང་སྐྱ་ཤིག་ཤིག་ངང་གཡོས་ཤིང༌།
འོ་དོད་དང་སྨྲེ་ངག་བར་སྣང་ན་སྟོང་ལྷང་ལྷང་གིས་གྲགས།
 
ལྗན་ལྗིན་དང་ནག་ནོག་གིས་སྐྱུར་དྲིས་སྦགས་ཤིང༌།
རྦབ་རྒོད་དང་གཤེད་སྤྱོད་ཀྱི་རྔམ་བརྗིད་ཁུར་བའི་ཤྭ་འོད་དེས།
ངའི་ཕ་ཡུལ་ཏེ། ཕ་ཡུལ་འབྲུག་ཆུའི་རྩྭ་ཐང་གི་སྙིང་ཁ་རྨང་ནས་སྣོག་ཅིང༌།
ངའི་ཕ་ཡུལ་ཏེ། ཕ་ཡུལ་འབྲུག་ཆུའི་ནགས་ཀློང་གི་ཁྲག་རྩ་ལྟག་ནས་གཏུབས་པས།
དུས་དེ་རིང༌། ཡོད་ཚད་ཀྱི་ཡོད་ཚད་ངམ་གྲོག་དང་གཡང་གཟར་གྱི་འཕྲང་ལམ་དུ་སྤྱུགས།
 
མིག་གིས་མཐོང་ཚུལ་ཞིག་ལ།
རྒན་རྒོན་དག་ཤིང་ལོ་བཞིན་ལྷེབ་ལྷེབ་ཏུ་འཁུར་སོང༌།
རྣ་བས་ཐོས་སྟངས་ཤིག་ལ།
དྭ་ཕྲུག་རྣམས་ལྟོགས་སྐོམ་གྱིས་མནར་བའི་གཅོང་སྐད་བར་མི་ཆད་པས།
ལྷིང་འཇགས་བྲལ་བ་ཁོ་ན་ངའི་ཕ་ཡུལ་གྱི་ལས་དབང་ཨེ་ཡིན།
 
གནའ་ནས་ད་བར།
ཇོ་ཤཱཀ་གི་པང་ཁར་འབུམ་ཀོང་གི་ཚེ་འབར་གཏན་ནས་གཟིམ་མ་མྱོང་ཡང༌།
ཁ་སང་དེ་རིང༌།
རྒྱུ་འབྲས་ཀྱི་ཐང་ན་ངའི་ཕ་ཡུལ་དང་ཕ་ཡུལ་གྱི་འབངས་མི་ཉམ་ཐག་ཚོར།
གོད་ཆགས་གནམ་ལྷུང་ས་ལྷུང་གི་སྐྱོ་གར་རྒྱུན་མི་ཆད་ཅིང༌།
གདུག་རྩུབ་གཅིག་ཐོག་གཉིས་བརྩེགས་ཀྱི་གྲབས་གཤོམ་སྔར་ལས་མོད།
 
ཇི་ལྟར་ནའང༌། ད་ནི་ང་རང་གཅིག་པུར་ལུས་སོང༌།
ས་མཐའ་ན་གྲོགས་མེད་ཁེར་རྐྱང་དུ་འཚོ་བ་དང་འདྲ་བས།
ཉི་མ་སེར་བོ་དེར་དྲོད་སྣང་གིས་སྟོངས་ཤིང༌།
ཟླ་བ་སྒོར་ཕྱེད་དེ་ཡང་འཁྱག་འདར་གྱིས་གཟིར་འདུག་ན།
ང་དང་སྐར་ཚོམ་གྱི་འོད་འཚེར་བའི་མིག་ཆུ་ཁྱོར་བ་གང་གིས།
ཁྱོད་ཀྱི་གས་ཆག་གི་དུང་བ་གྱེར་ན་ཐང༌།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིག་ཆུ་དང་ངུ་ངག་གིས་དཀྲོལ་བའི་རོལ་མོ་ཞིག

2010-08-26 བྱ་དོར་ཕུན་ཚོགས་དབང་ཕྱུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།