བཟི་གཏམ་ཀློང་གི་འཆར་སྣང༌།

ཇོ་སྲས་ཚེ་རིང་བསམ་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-25

རྒྱང་རིང་ཕུགས་འདུན་ཡིད་ལ་ཤར་བས་སེམས་ལ་བྲེལ་འཚབ་ཆེན་པོ་ལངས།།
སྨག་ནག་འཇིག་རྟེན་ཡུན་རིང་འགྲིམས་པས་རི་སྤྱང་དར་མའི་ངང་ཚུལ་བཟུང།།
གངས་དཀར་ཨ་མའི་རྣམ་ཤེས་འཚོལ་ཆེད་རི་གསུམ་རྩེ་ལ་ཐེངས་འགར་འགོས།། 
སྙན་ངག་ལྷ་མོའི་བརྩེ་འཛུམ་འཇམ་པོ་བུ་ཆུང་ང་ཡི་སྙིང་གི་དཔྱིད།།
 
ཤ་དང་རུས་པ་གངས་ལས་ཆད་པས་གངས་རིའི་ལ་རྒྱ་འཛིན་དགོས་སྙམ།།
ཟུངས་ཁྲག་འགག་རྩ་བོད་དང་འབྲེལ་བས་བོད་ཀྱི་རིགས་རྒྱུད་གླེང་དགོས་སྙམ།།
ཕ་ཡུལ་རྣམ་པ་ལྷིང་འཇགས་ཡིན་པས་ཀི་རིང་ལན་གསུམ་འདེབས་དགོས་སྙམ།།
སེམས་འགྱུ་དམར་པོའི་འདབ་ལོའི་འོག་ནས་སྨྱུ་གུའི་རོལ་རྩེད་འགྱེད་དགོས་སྙམ།།
 
རུལ་སུངས་སྒྱེ་མོ་འཕྲེད་ཀྱིས་གཤགས་པས་གདོང་འབག་ཅན་གྱི་ཉེས་མི་ཡིན།།
མ་རུང་མི་ཡི་རང་མཚང་བརྟོལ་བས་དབང་ཤུགས་ཅན་གྱི་དགྲ་བོ་ཡིན།།
གཡོ་སྒྱུ་ཅན་གྱི་རྔ་མ་བཅད་པས་བསླུ་བྲིད་མཁན་གྱི་ཚེར་མ་ཡིན།།
སྤྱང་ཀི་ཝ་མོ་ཙི་གུ་གསུམ་ནི་ནམ་ཡང་ང་ཡི་དགྲ་བོ་ཡིན།།
 
རེ་བའི་མིག་ཟུང་རྒྱང་ལ་འཁོར་ནས་ཉི་མ་ལྷ་སར་ལམ་ལ་ཆས།།
མ་ཎི་ཡིག་དྲུག་ངག་ནས་བཟློ་བཞིན་ཇོ་མོ་གླང་མའི་ཡང་རྩེར་འཁྲེང༌།།
ལག་གི་དངུལ་ཁུག་སྟོང་བར་བུད་པས་གམ་གྱི་མཛའ་མོ་གཞན་ལ་ཤོར།།
རེ་ཆད་མགོ་བོ་དང་ཁར་ལྷུང་ནས་ཤུགས་རིང་ལན་གསུམ་རླུང་ལ་བསྐུར།།
 
སྙིང་གཏམ་བརྗོད་སའི་གྲོགས་ཤིག་མེད་པས་འཇིག་རྟེན་ཁམས་ཀྱི་འཁྱམས་པོ་ཡིན།།
དྲོད་ཁོལ་ཅན་གྱི་གོས་ཤིག་མེད་པས་གངས་ལྗོངས་ཡུལ་གྱི་གཅེར་བུ་ཡིན།།
སེམས་པ་སྟེར་སའི་གྲོགས་ཤིག་མེད་པས་ཁ་བ་ཅན་གྱི་ཁེར་རྐྱང་ཡིན།།
སྙན་ངག་བུ་མོའི་ལྷག་བསམ་དྲོན་མོ་བུ་ཆུང་ང་ཡི་གནས་ཚང་ཉིད།།
 
འབྲོང་གཡག་དར་མའི་ཤུལ་ལམ་མཐོང་དུས་ཁ་བའི་མེ་ཏོག་སྙིང་ན་འཛུམ།
མཐའ་ཡས་རྩྭ་ཐང་འཕྲེད་ཀྱིས་གཅོད་པའི་རྟ་མཆོག་རྨིག་སྒྲ་མཁའ་ལ་འཐེན།།
ཨ་མའི་བུ་ང་གངས་ལ་དགའ་བས་གངས་ཀྱི་ལས་དབང་འཚོལ་དུ་འགྲོ།།
མ་ཕམ་གཡུ་མཚོའི་མཛེས་སྡུག་རེ་རེ་འཁྱམ་པོ་ང་ཡི་རྨི་ལམ་ཡིན།།
 
སྦྲ་ནག་འདབ་མ་ཙག་གིས་གཙེས་པས་མི་རྐྱང་སེམས་ལ་དངངས་འདར་རྒྱབ།།
ཨ་མའི་བྱམས་བརྩེ་ཡིད་ལ་འཁོར་བཞིན་དགུང་གི་ཟླ་བར་སེམས་པ་གླན།།
རྒྱང་རིང་སྙིང་སྡུག་དྲན་ཐེངས་རེ་རེར་དོན་ལྔ་སྣོད་དྲུག་འཁྱགས་པས་བསྡམས།།
སེམས་རེ་སྐྱོ་དུས་རྩོམ་རེ་བྲིས་ནས་ཨ་རག་ཅིག་གི་བཟི་ཁ་བཙལ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བཟི་གཏམ་ཀློང་གི་འཆར་སྣང༌།

2010-08-25 ཇོ་སྲས་ཚེ་རིང་བསམ་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།