ཕ་ཡུལ་ནི་རི་མོ་ཞིག་རེད།

མོག་བུ་ཡེ་ཤེས་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-30

ཕ་ཡུལ་ནི་སྣུམ་ཚོན་གྱི་རི་མོ་ཞིག་རེད 
སྣུམ་ཚོན་གྱི་རི་མོའི་སྟེང་དུ་གནམ་རྒན་མས་མིག་ཆུ་ལྷུང་ཞིང
ཚོན་གྱི་རི་མོ་དེ་ག་ལེར་མིག་ཆུར་ཟགས་ཤུལ་ན 
ཕ་ཡུལ་ནི་ཚོན་རིས་དག་ཟིན་པའི་རས་ཧྲུལ་མོག་ཁྲ་ཞིག་རེད 

ཕ་ཡུལ་ནི་ཤོག་བུའི་མེ་ཏོག་ཅིག་རེད 
གཏེར་ཁ་བསྔོགས་མཁན་གྱིས་འགད་རྫས་རེ་རེས 
མེ་ཏོག་གི་ཟུར་ཁ་རེ་རེ་གཤགས་ནས་སོང་ཤུལ་ན 
ཕ་ཡུལ་ནི་ཤོག་བུའི་སོག་ལེ་ཅིག་དང་འདྲ་ཨང 

ཕ་ཡུལ་ནི་ཤེལ་གྱི་མེ་ལོང་ཞིག་རེད 
མེ་ལོང་གི་ངོས་སུ་རྡོ་སོལ་གྱི་རྡེའུ་ཟགས་འཐོར་ནས
ཤེལ་གྱི་མེ་ལོང་དེ་རིམ་བཞིན་ནག་པོར་གྱུར་ཤུལ་ན 
ཕ་ཡུལ་ནི་རྡོ་ཡི་བག་ལེབ་ཅིག་དང་འདྲ་ཨང 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་ནི་རི་མོ་ཞིག་རེད།

2010-07-30 མོག་བུ་ཡེ་ཤེས་སྐྱབས། ཀློག་གྲངས། མཆན ཡོད།

ཕ་ཡུལ་ནི་སྣུམ་ཚོན་གྱི་རི་མོ་ཞིག་རེད 
སྣུམ་ཚོན་གྱི་རི་མོའི་སྟེང་དུ་གནམ་རྒན་མས་མིག་ཆུ་ལྷུང་ཞིང
ཚོན་གྱི་རི་མོ་དེ་ག་ལེར་མིག་ཆུར་ཟགས་ཤུལ་ན 
ཕ་ཡུལ་ནི་ཚོན་རིས་དག་ཟིན་པའི་རས་ཧྲུལ་མོག་ཁྲ་ཞིག་རེད 

ཕ་ཡུལ་ནི་ཤོག་བུའི་མེ་ཏོག་ཅིག་རེད 
གཏེར་ཁ་བསྔོགས་མཁན་གྱིས་འགད་རྫས་རེ་རེས 
མེ་ཏོག་གི་ཟུར་ཁ་རེ་རེ་གཤགས་ནས་སོང་ཤུལ་ན 
ཕ་ཡུལ་ནི་ཤོག་བུའི་སོག་ལེ་ཅིག་དང་འདྲ་ཨང 

ཕ་ཡུལ་ནི་ཤེལ་གྱི་མེ་ལོང་ཞིག་རེད 
མེ་ལོང་གི་ངོས་སུ་རྡོ་སོལ་གྱི་རྡེའུ་ཟགས་འཐོར་ནས
ཤེལ་གྱི་མེ་ལོང་དེ་རིམ་བཞིན་ནག་པོར་གྱུར་ཤུལ་ན 
ཕ་ཡུལ་ནི་རྡོ་ཡི་བག་ལེབ་ཅིག་དང་འདྲ་ཨང 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།