ཀན་ལྷོར་འབྱོར་མ་ཐག་བྲིས་པའི་སྙན་ངག

ཟི་ལིང་ནས་ཀན་ལྷོ་རུ་ལམ་ལ་ཆས་དུས།
མཐོང་མ་མྱོང་བའི་ཀན་ལྷོ།
སོང་མ་མྱོང་བའི་ཀན་ལྷོ། 
བདག་གིས་རྟོག་བཏགས་ཀྱིས་བཞེངས་པའི་ཀན་ལྷོ་ནི།
རི་བོ་མཐོ་ས་ན་ལུས་ཡོད།
ཆུ་བོ་གཙང་ས་ན་ལུས་ཡོད།
ད་དུང་།  སྲས་མཁར་དགུ་ཐོག་གི་གསེར་འོད་ལམ་ལམ་འཁྱུག་ས་ན་ལུས་ཡོད།

སྤྱི་སྤྱོད་དུ་བསྡད་ནས་ཀན་ལྷོ་རུ་ཆས་དུས།
ཤར་མར་སྒྲིག་པའི་སྡོང་བོ་དེ་དག་གིས།
བདག་གི་འགྲོ་ལམ་འགོག་པར་བྱེད།
དེ་ལ་ཐོགས་པའི་ལོ་མ་དེ་དག་གིས།
བདག་གི་མཐོང་ལམ་སྒྲིབ་པར་བྱེད།

སྐབས་ལན་རེར།  ཞིང་ཁའི་རྣང་མ་ཁ་ཤས་ལས།
བདག་གིས་གངས་རི་མཐོང་རྒྱུ་མ་བྱུང་།
བདག་གིས་ནོར་ལུག་མཐོང་རྒྱུ་མ་བྱུང་།
བདག་གིས་སྦྲ་ནག་མཐོང་རྒྱུ་མ་བྱུང་།

ཀན་ལྷོ་ནས་སྤྱི་སྤྱོད་ལས་བབས་རྗེས།
གླ་གཏོང་རླངས་འཁོར་བསྐོར་བའི་འབྲོག་པ་ཞིག་ལ་འཕྲད་བྱུང་།
འཕྲུལ་རྟ་ཟུར་གྱིས་ཞོན་པའི་གསར་བུ་ཞིག་ལ་འཕྲད་བྱུང་།
གཡས་གཡོན་གང་ནས་བལྟས་ཀྱང་།
ད་ནི་སྲས་མཁར་དགུ་ཐོག་གིས་ཀྱང་།
ཁེར་རྐྱང་ངང།  ཉམ་ཆུང་ངང་།
མེས་པོ་ཚོ་དྲན་གྱིན་འདུག
ཕ་ཡུལ་ཞིག་དྲན་གྱིན་འདུག
                                  2010-7-27

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀན་ལྷོར་འབྱོར་མ་ཐག་བྲིས་པའི་སྙན་ངག

2010-07-29 བོང་སྟག་རི་ལུ། ཀློག་གྲངས། མཆན ཡོད།

ཟི་ལིང་ནས་ཀན་ལྷོ་རུ་ལམ་ལ་ཆས་དུས།
མཐོང་མ་མྱོང་བའི་ཀན་ལྷོ།
སོང་མ་མྱོང་བའི་ཀན་ལྷོ། 
བདག་གིས་རྟོག་བཏགས་ཀྱིས་བཞེངས་པའི་ཀན་ལྷོ་ནི།
རི་བོ་མཐོ་ས་ན་ལུས་ཡོད།
ཆུ་བོ་གཙང་ས་ན་ལུས་ཡོད།
ད་དུང་།  སྲས་མཁར་དགུ་ཐོག་གི་གསེར་འོད་ལམ་ལམ་འཁྱུག་ས་ན་ལུས་ཡོད།

སྤྱི་སྤྱོད་དུ་བསྡད་ནས་ཀན་ལྷོ་རུ་ཆས་དུས།
ཤར་མར་སྒྲིག་པའི་སྡོང་བོ་དེ་དག་གིས།
བདག་གི་འགྲོ་ལམ་འགོག་པར་བྱེད།
དེ་ལ་ཐོགས་པའི་ལོ་མ་དེ་དག་གིས།
བདག་གི་མཐོང་ལམ་སྒྲིབ་པར་བྱེད།

སྐབས་ལན་རེར།  ཞིང་ཁའི་རྣང་མ་ཁ་ཤས་ལས།
བདག་གིས་གངས་རི་མཐོང་རྒྱུ་མ་བྱུང་།
བདག་གིས་ནོར་ལུག་མཐོང་རྒྱུ་མ་བྱུང་།
བདག་གིས་སྦྲ་ནག་མཐོང་རྒྱུ་མ་བྱུང་།

ཀན་ལྷོ་ནས་སྤྱི་སྤྱོད་ལས་བབས་རྗེས།
གླ་གཏོང་རླངས་འཁོར་བསྐོར་བའི་འབྲོག་པ་ཞིག་ལ་འཕྲད་བྱུང་།
འཕྲུལ་རྟ་ཟུར་གྱིས་ཞོན་པའི་གསར་བུ་ཞིག་ལ་འཕྲད་བྱུང་།
གཡས་གཡོན་གང་ནས་བལྟས་ཀྱང་།
ད་ནི་སྲས་མཁར་དགུ་ཐོག་གིས་ཀྱང་།
ཁེར་རྐྱང་ངང།  ཉམ་ཆུང་ངང་།
མེས་པོ་ཚོ་དྲན་གྱིན་འདུག
ཕ་ཡུལ་ཞིག་དྲན་གྱིན་འདུག
                                  2010-7-27

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།