བན་བུན་གྱི་རྟོགས་འགྱུ་ཞིག
སྤྲིན་པ་ཞིག་གི་བཞུད་ཤུལ་དུ།
ཆར་ཐིགས་ནི་ཧ་ཅང་འབབ་དཀོན་པའི་ལྷ་མོའི་ཞལ་ཆབ་དང་འདྲ་རུང༌།
ནམ་མཁའི་ཕ་རོལ་དུ་ནམ་མཁའ་གཞན་ཞིག་དང་ཆར་པ་ཞིག་ཡོད་ཆོག་ན།
དཔྱིད་ཀ་མེད་པའི་ཡུལ་ལྗོངས་ཤིག་ཀྱང་ཡོད་དགོས་ངེས་རེད།
སྔོ་ལྟེམ་ལྟེམ་ནི་གཙང་པོའི་ཁ་དོག་ཡིན་འོས་པ་ལྟར།
ངང་བ་རྣམས་དལ་བུར་འཕུར་འོས་རུང༌།
ཀོ་གྲུ་བར་སྣང་དུ་སྔོ་ལྡེམ་མེར་བྱིང་བ།
ནམ་མཁའ་ལ་རྒྱུ་དག་མེད་པ་ཨེ་ཡིན།།
སྤྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༡༨ ཉིན།
རྩོམ་ཁུངས། ངེད་དྲ་བ།