མེ་ལོང་ནག་པོ།

རོང་བོ་དགེ་འདུན་ལྷུན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-23

དེ་དུས་ཁྱོད་རང་ཟིལ་བ་ཁུར་བའི་སྡོང་རྒན་དེ་དང་འདྲ་ཞིང
ལུས་ལ་རྒྱུ་བའི་ཕྱེ་མ་ལེབ་དག་ཀྱང་གཤོག་པ་ཟད་པའི་བྱིའུ་ཞིག་དང་འདྲ
ཁྱོད་ཡོད་སའི་ཁང་བའི་དྲ་མིག་དག་ན
སྡོམ་དང  ཨ་ང་ཙི  འབུ་སྦྲང་དག་གིས་ར་རོ་བས་བྱ་མྱོང་བྱེད་ཀྱིན
ལྐུག་པའི་བརྟུལ་ཞུགས་ཀྱིས་གདོང་ག་གཞུ་གིན་ཡོད
 
ངས་ཀྱང་སྲོད་དུས་དེ་ཡོངས་སུ་ཤེས་ཡོད
སྐར་མས་སྟོང་བའི་མཚན་སྨག་དེ་ནི་ཤིན་ཏུ་སྐྱི་གཡའ་ཞིང
བོང་བུ་རེ་འགའི་གཅོང་སྐད་ནི་ཧ་ཅང་གདུག་རྩུབ་ཆེ་བ་ཞིག་རེད་འདུག
 
རྟག་པར་གྱང་ལྡེབས་དེའི་ངོས་སུ
བསྐལ་བ་སྟོང་ཕྲག་གི་སྔོན་ནས་འཇིམ་པ་བྱུགས་ཟིན་པའི་ལོ་ཟླ་དང
གློ་རྡེག་ལ་འཁྱུག་པའི་རྒྱ་མཚོའི་མཇིང་གི་གློག་དམར་དེས
རྨི་ལམ་ལ་རྨི་ལམ་གྱི་གྲུ་གཟིངས་བཏང་ནས
ས་གཞི་ཡོངས་སུ་ཁྱོམས་པའི་ཀླན་ག་འདི་ལ
ཁྱོད་རང་རྟག་པར་འཐིམས་འདུག་པས
བུད་ཤིང་ལ་བུད་ཤིང་བསྣན་ཏེ་མེ་ལྕེ་ཞིག་གིས་བསལ་བར་བྱེད་དགོས་པའི
དུས་ཚོད་དེ  ས་སྲོད་དེ   ཞོགས་པ་དེ
རེག་བྱ་ལ་འདྲེས་པའི་དྲི་དེས་ཚོར་བར་ཤོག
གཟུགས་བརྙན་ལ་སྦྲེལ་བའི་རོ་དེས་ཚོར་བར་ཤོག
 
ལྷ་ཁང་ནས་གསོལ་བ་བཏབ་ཏེ་འོང་བའི་ལམ་བར་དུ
མེ་ལོང་ལྟ་བུའི་ཁྱོད་ཀྱི་གོམ་སྒྲ་དེ་ཡིས
དཀོན་མཆོག་དཀྲོགས་པར་བྱས་ཤིང
ཅོང་སྒྲ་ཡང་བསིལ་བུར་བྱས་ཉིན་ནས
འབར་གས་བྱུང་བ་ལྟ་བུའི་འཚོ་བའི་ལོངས་སྤྱོད་ཡོངས་སུ་རྫོགས་པ
ལུས་ཀྱི་བ་སྤུ་དང་བ་སྤུའི་རྩེ་མོ་ལས་འཚངས་པར་བྱས་འོང

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་ལོང་ནག་པོ།

2010-07-23 རོང་བོ་དགེ་འདུན་ལྷུན་གྲུབ། ཀློག་གྲངས། མཆན ཡོད།

དེ་དུས་ཁྱོད་རང་ཟིལ་བ་ཁུར་བའི་སྡོང་རྒན་དེ་དང་འདྲ་ཞིང
ལུས་ལ་རྒྱུ་བའི་ཕྱེ་མ་ལེབ་དག་ཀྱང་གཤོག་པ་ཟད་པའི་བྱིའུ་ཞིག་དང་འདྲ
ཁྱོད་ཡོད་སའི་ཁང་བའི་དྲ་མིག་དག་ན
སྡོམ་དང  ཨ་ང་ཙི  འབུ་སྦྲང་དག་གིས་ར་རོ་བས་བྱ་མྱོང་བྱེད་ཀྱིན
ལྐུག་པའི་བརྟུལ་ཞུགས་ཀྱིས་གདོང་ག་གཞུ་གིན་ཡོད
 
ངས་ཀྱང་སྲོད་དུས་དེ་ཡོངས་སུ་ཤེས་ཡོད
སྐར་མས་སྟོང་བའི་མཚན་སྨག་དེ་ནི་ཤིན་ཏུ་སྐྱི་གཡའ་ཞིང
བོང་བུ་རེ་འགའི་གཅོང་སྐད་ནི་ཧ་ཅང་གདུག་རྩུབ་ཆེ་བ་ཞིག་རེད་འདུག
 
རྟག་པར་གྱང་ལྡེབས་དེའི་ངོས་སུ
བསྐལ་བ་སྟོང་ཕྲག་གི་སྔོན་ནས་འཇིམ་པ་བྱུགས་ཟིན་པའི་ལོ་ཟླ་དང
གློ་རྡེག་ལ་འཁྱུག་པའི་རྒྱ་མཚོའི་མཇིང་གི་གློག་དམར་དེས
རྨི་ལམ་ལ་རྨི་ལམ་གྱི་གྲུ་གཟིངས་བཏང་ནས
ས་གཞི་ཡོངས་སུ་ཁྱོམས་པའི་ཀླན་ག་འདི་ལ
ཁྱོད་རང་རྟག་པར་འཐིམས་འདུག་པས
བུད་ཤིང་ལ་བུད་ཤིང་བསྣན་ཏེ་མེ་ལྕེ་ཞིག་གིས་བསལ་བར་བྱེད་དགོས་པའི
དུས་ཚོད་དེ  ས་སྲོད་དེ   ཞོགས་པ་དེ
རེག་བྱ་ལ་འདྲེས་པའི་དྲི་དེས་ཚོར་བར་ཤོག
གཟུགས་བརྙན་ལ་སྦྲེལ་བའི་རོ་དེས་ཚོར་བར་ཤོག
 
ལྷ་ཁང་ནས་གསོལ་བ་བཏབ་ཏེ་འོང་བའི་ལམ་བར་དུ
མེ་ལོང་ལྟ་བུའི་ཁྱོད་ཀྱི་གོམ་སྒྲ་དེ་ཡིས
དཀོན་མཆོག་དཀྲོགས་པར་བྱས་ཤིང
ཅོང་སྒྲ་ཡང་བསིལ་བུར་བྱས་ཉིན་ནས
འབར་གས་བྱུང་བ་ལྟ་བུའི་འཚོ་བའི་ལོངས་སྤྱོད་ཡོངས་སུ་རྫོགས་པ
ལུས་ཀྱི་བ་སྤུ་དང་བ་སྤུའི་རྩེ་མོ་ལས་འཚངས་པར་བྱས་འོང

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།