སེམས་ཚོར་དྲག་པོའི་ཚིགས་སུ་བཅད་པ།

                 ___
ཅི་ཞིག་འབྲི་འདོད་སྙིང་རླུང་སྟོད་དུ་འཚང་བ་ན།།
སོར་མོའི་འདུ་བྱེད་རེ་ཞིག་ཡུན་ལ་གར་སོང་མེད།།
དངོས་པོས་མི་ཟིན་གཟུགས་མེད་ཡིད་ཀྱི་བྱུང་བ་ཀུན།།
སུས་ཀྱང་མ་རྟོགས་སྟོང་བའི་དབྱིངས་སུ་འཐིམ་པར་གྱུར།།

དེ་ལྟ་ན་འང་འགྲོ་རྣམས་རང་རང་ཚོར་བའི་ཁམས།།
སྐད་དང་བརྡ་འམ་ཉམས་འགྱུར་ཙམ་གྱིས་སྟོན་པར་བྱེད།།
ཆར་རླུང་དྲག་པོས་ཡང་ཡང་བསྐྱོམས་པའི་བདག་གི་སེམས།།
ཅི་སྟེ་ཆར་རྗེས་འཇའ་ཚོན་སྣ་ལྔས་མཚོན་པར་སྤོབས།།

སེམས་ཚོར་དྲག་པོས་བདས་པའི་ཡིད་ཀྱི་འགྱུར་བ་ཀུན།།
ངག་གི་སྒོ་འཕྲང་དོག་པོར་ཇི་ལྟར་གྲོལ་འགྱུར་ཏེ།།
སྟོང་བ་འཇིག་རྟེན་ཁམས་ཀྱི་གནས་ལུགས་བྱུང་བ་ཀུན།།
འགྲོ་བ་མི་ཡི་བློ་ངོར་འཆར་ཚོད་ཏིལ་འབྲུ་ཙམ།།

ཆགས་སྡང་ཚོར་འདུ་ཉག་མ་ལས་ཀྱང་ཕྲ་བ་རྣམས།།
དགའ་སྐྱོ་ལུས་ཀྱི་འགྱུར་བ་ཙམ་དུ་ཤེས་བར་བྱ།།
དེ་ལྟ་མིན་ན་བདག་གི་སེམས་འདི་ཁྲི་འབུམ་དུ།།
ཚལ་བར་བྱས་ཀྱང་ཡང་དག་གནས་ལུགས་རྙེད་པ་མེད།།

སེམས་ཀྱི་སྟོང་ཚོར་ངག་གི་ནུས་པས་མ་བཟུང་བས།།
ཅི་ཞིག་བརྗོད་འདོད་བདག་ནི་དོན་དམ་ལྐུགས་པ་སྟེ།།
མཚོན་དོན་རི་མོ་འདི་ཉིད་བེམ་གཟུགས་འགུལ་མེད་དུ།།
གོ་ནས་ད་ཡང་དྲན་ཤེས་གློག་ཞགས་ནང་དུ་འགུག།
                                                              2010-7-21

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཚོར་དྲག་པོའི་ཚིགས་སུ་བཅད་པ།

2010-07-22 འབྲོག་མི། ཀློག་གྲངས། མཆན ཡོད།

                 ___
ཅི་ཞིག་འབྲི་འདོད་སྙིང་རླུང་སྟོད་དུ་འཚང་བ་ན།།
སོར་མོའི་འདུ་བྱེད་རེ་ཞིག་ཡུན་ལ་གར་སོང་མེད།།
དངོས་པོས་མི་ཟིན་གཟུགས་མེད་ཡིད་ཀྱི་བྱུང་བ་ཀུན།།
སུས་ཀྱང་མ་རྟོགས་སྟོང་བའི་དབྱིངས་སུ་འཐིམ་པར་གྱུར།།

དེ་ལྟ་ན་འང་འགྲོ་རྣམས་རང་རང་ཚོར་བའི་ཁམས།།
སྐད་དང་བརྡ་འམ་ཉམས་འགྱུར་ཙམ་གྱིས་སྟོན་པར་བྱེད།།
ཆར་རླུང་དྲག་པོས་ཡང་ཡང་བསྐྱོམས་པའི་བདག་གི་སེམས།།
ཅི་སྟེ་ཆར་རྗེས་འཇའ་ཚོན་སྣ་ལྔས་མཚོན་པར་སྤོབས།།

སེམས་ཚོར་དྲག་པོས་བདས་པའི་ཡིད་ཀྱི་འགྱུར་བ་ཀུན།།
ངག་གི་སྒོ་འཕྲང་དོག་པོར་ཇི་ལྟར་གྲོལ་འགྱུར་ཏེ།།
སྟོང་བ་འཇིག་རྟེན་ཁམས་ཀྱི་གནས་ལུགས་བྱུང་བ་ཀུན།།
འགྲོ་བ་མི་ཡི་བློ་ངོར་འཆར་ཚོད་ཏིལ་འབྲུ་ཙམ།།

ཆགས་སྡང་ཚོར་འདུ་ཉག་མ་ལས་ཀྱང་ཕྲ་བ་རྣམས།།
དགའ་སྐྱོ་ལུས་ཀྱི་འགྱུར་བ་ཙམ་དུ་ཤེས་བར་བྱ།།
དེ་ལྟ་མིན་ན་བདག་གི་སེམས་འདི་ཁྲི་འབུམ་དུ།།
ཚལ་བར་བྱས་ཀྱང་ཡང་དག་གནས་ལུགས་རྙེད་པ་མེད།།

སེམས་ཀྱི་སྟོང་ཚོར་ངག་གི་ནུས་པས་མ་བཟུང་བས།།
ཅི་ཞིག་བརྗོད་འདོད་བདག་ནི་དོན་དམ་ལྐུགས་པ་སྟེ།།
མཚོན་དོན་རི་མོ་འདི་ཉིད་བེམ་གཟུགས་འགུལ་མེད་དུ།།
གོ་ནས་ད་ཡང་དྲན་ཤེས་གློག་ཞགས་ནང་དུ་འགུག།
                                                              2010-7-21

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།