མི་རབས་གསར་པའི་སྙན་ངག་པ་ཚོར་ལྟ་བ།

ཕན་ཤུལ་འཆི་མེད་དབང་འདུས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-19

                                                  ___________མི་རབས་གསུམ་པ་གཙོར་བྱས་པའི་དེང་གི་སྙན་ངག་པ་ཡོངས་ལ།
 ཁ་ཁུ་སིམ་པའི་ཁོར་ཡུག་ཅིག་ཏུ་ཉམ་ཐག་ཚེ་སྲོག་ཆུང་ཆུང་འགའ།།
སྔུར་པའི་རོལ་དབྱངས་འབྲུག་ལྟར་ལྡིར་ཞིང་གཏི་མུག་གཉིད་དུ་ཡུར་བའི་སྐབས།།
བསམ་བློའི་ཟབ་ཚད་རྒྱ་མཚོར་འཕྱ་བའི་ཕོ་གཞོན་དར་མའི་དཔུང་སྡེ་ཞིག།
ཞོགས་པའི་ཉི་གཞོན་མདུན་དུ་བསུ་བའི་སྐྱ་རེངས་བུ་མོར་འགྲོགས་བཞིན་ཕེབས།།
 
མི་ཤེས་རྨོངས་པའི་ཞྭ་མོ་དགུ་བརྩེགས་ཐོད་དུ་བཅིངས་བའི་སྐྱེ་བོའི་ཚོགས།།
གྲག་འགུལ་མེད་པར་མནལ་དུ་ཁུགས་པའི་སྔས་མགོའི་རྡོ་འཁྱག་གྲང་མོ་དེ།།
རིགས་པའི་འབར་མདེལ་གཅིག་གིས་གཏོར་ལ་རབ་ཏུ་དཔའ་བའི་དམག་དཔུང་ཞིག།
ཏི་སེ་གངས་ཀྱི་རི་ཡི་ཞོལ་ནས་དཔའ་བའི་གད་རྒྱངས་སྒྲོག་བཞིན་ཕེབས།།
 
གཡོ་སྒྱུའི་བསླུ་བྲིད་སྲིན་མོའི་འཛུམ་ལ་ཡང་ཡང་ཆགས་པའི་བྱིས་པ་ཚོའི།།
མགོ་བོའི་ཞྭ་ནག་མེ་རུ་སྲེག་ཅིང་ཆུ་རུ་སྐྱུར་བའི་འཐབ་ཇུས་དང༌།།
ལུང་རིགས་འབུམ་གྱི་རྒྱབ་ལྗོངས་བཙན་པའི་དུས་གསར་གངས་གཞོན་ཁྱུ་ཚོགས་ཤིག།
ས་ཡི་གོ་ལའི་ཕྲག་པའི་སྒང་ནས་བདེན་དོན་དྲིལ་དུ་སྒྲོག་ཅིང་ཕེབས།།

ཀུན་རྫོབ་བདེན་པའི་ན་བུན་གསེབ་ནས་ལམ་ཁ་འཕྱུགས་པའི་སྐྱེ་བོ་ཚོར།།
དོན་དམ་བདེན་པའི་ཞལ་རས་མཇལ་བའི་གདམས་ངག་ཟབ་མོའི་སྐྱེས་དང་བཅས།།
དྲང་ངེས་འབྱེད་ལ་རྣམ་དཔྱོད་ཡངས་པའི་མི་འཇིགས་རིག་པའི་དཔའ་བོ་འགའ།།
བདེན་དོན་གླུ་ཡི་ངག་རྟ་རིང་མོ་སྙན་པའི་ངག་ཏུ་གྱེར་བཞིན་ཕེབས།།
 
 གསལ་བཤད།   འདི་ནི་ལོ་རྒྱུས་ཀྱི་རྡབ་གསིག་ཁྲོད་ནས་ཆར་རྗེས་ཀྱི་ཤ་མོ་ལྟར་རྡོལ་
བཞིན་པའི་བོད་པའི་སྙན་ངག་པ་ཚོའི་བསམ་བློ་དང་རྣམ་དཔྱོད་ཀྱི་ཟབ་ཚད་ལ་གདེང་
འཇོག་བྱས་པ་ཙམ་ཡིན་ལ། ཡ་ང་བའི་ཁོར་ཡུག་གི་མནར་གཅོད་རྣམས་དཔའ་མཛངས་
ཀྱིས་ནམ་ཡང་མི་སྐྱུད་པའི་དྲན་སྐུལ་བྱས་པ་ཡང་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསར་པའི་སྙན་ངག་པ་ཚོར་ལྟ་བ།

2010-07-19 ཕན་ཤུལ་འཆི་མེད་དབང་འདུས། ཀློག་གྲངས། མཆན ཡོད།

                                                  ___________མི་རབས་གསུམ་པ་གཙོར་བྱས་པའི་དེང་གི་སྙན་ངག་པ་ཡོངས་ལ།
 ཁ་ཁུ་སིམ་པའི་ཁོར་ཡུག་ཅིག་ཏུ་ཉམ་ཐག་ཚེ་སྲོག་ཆུང་ཆུང་འགའ།།
སྔུར་པའི་རོལ་དབྱངས་འབྲུག་ལྟར་ལྡིར་ཞིང་གཏི་མུག་གཉིད་དུ་ཡུར་བའི་སྐབས།།
བསམ་བློའི་ཟབ་ཚད་རྒྱ་མཚོར་འཕྱ་བའི་ཕོ་གཞོན་དར་མའི་དཔུང་སྡེ་ཞིག།
ཞོགས་པའི་ཉི་གཞོན་མདུན་དུ་བསུ་བའི་སྐྱ་རེངས་བུ་མོར་འགྲོགས་བཞིན་ཕེབས།།
 
མི་ཤེས་རྨོངས་པའི་ཞྭ་མོ་དགུ་བརྩེགས་ཐོད་དུ་བཅིངས་བའི་སྐྱེ་བོའི་ཚོགས།།
གྲག་འགུལ་མེད་པར་མནལ་དུ་ཁུགས་པའི་སྔས་མགོའི་རྡོ་འཁྱག་གྲང་མོ་དེ།།
རིགས་པའི་འབར་མདེལ་གཅིག་གིས་གཏོར་ལ་རབ་ཏུ་དཔའ་བའི་དམག་དཔུང་ཞིག།
ཏི་སེ་གངས་ཀྱི་རི་ཡི་ཞོལ་ནས་དཔའ་བའི་གད་རྒྱངས་སྒྲོག་བཞིན་ཕེབས།།
 
གཡོ་སྒྱུའི་བསླུ་བྲིད་སྲིན་མོའི་འཛུམ་ལ་ཡང་ཡང་ཆགས་པའི་བྱིས་པ་ཚོའི།།
མགོ་བོའི་ཞྭ་ནག་མེ་རུ་སྲེག་ཅིང་ཆུ་རུ་སྐྱུར་བའི་འཐབ་ཇུས་དང༌།།
ལུང་རིགས་འབུམ་གྱི་རྒྱབ་ལྗོངས་བཙན་པའི་དུས་གསར་གངས་གཞོན་ཁྱུ་ཚོགས་ཤིག།
ས་ཡི་གོ་ལའི་ཕྲག་པའི་སྒང་ནས་བདེན་དོན་དྲིལ་དུ་སྒྲོག་ཅིང་ཕེབས།།

ཀུན་རྫོབ་བདེན་པའི་ན་བུན་གསེབ་ནས་ལམ་ཁ་འཕྱུགས་པའི་སྐྱེ་བོ་ཚོར།།
དོན་དམ་བདེན་པའི་ཞལ་རས་མཇལ་བའི་གདམས་ངག་ཟབ་མོའི་སྐྱེས་དང་བཅས།།
དྲང་ངེས་འབྱེད་ལ་རྣམ་དཔྱོད་ཡངས་པའི་མི་འཇིགས་རིག་པའི་དཔའ་བོ་འགའ།།
བདེན་དོན་གླུ་ཡི་ངག་རྟ་རིང་མོ་སྙན་པའི་ངག་ཏུ་གྱེར་བཞིན་ཕེབས།།
 
 གསལ་བཤད།   འདི་ནི་ལོ་རྒྱུས་ཀྱི་རྡབ་གསིག་ཁྲོད་ནས་ཆར་རྗེས་ཀྱི་ཤ་མོ་ལྟར་རྡོལ་
བཞིན་པའི་བོད་པའི་སྙན་ངག་པ་ཚོའི་བསམ་བློ་དང་རྣམ་དཔྱོད་ཀྱི་ཟབ་ཚད་ལ་གདེང་
འཇོག་བྱས་པ་ཙམ་ཡིན་ལ། ཡ་ང་བའི་ཁོར་ཡུག་གི་མནར་གཅོད་རྣམས་དཔའ་མཛངས་
ཀྱིས་ནམ་ཡང་མི་སྐྱུད་པའི་དྲན་སྐུལ་བྱས་པ་ཡང་ཡིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།