དེ་རིང་ངས་ཁྱོད་ལྷག་ཏུ་དྲན།

ཕན་ཤུལ་འཆི་མེད་དབང་འདུས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-18

  ——————སྔོན་གཤེགས་དཔའ་བོ་དགེ་ཆོས་སྨྱོན་པར་ཕུལ།
 དྭངས་གཙང་བྱིས་པའི་བསམ་བློའི་རྩེད་རྭ་ནས།།
ཞོ་འོང་གྲོང་ལ་ཕྱི་ཕྱག་ཕུལ་བ་ཡི།།
སྔགས་རྒྱུད་རྒན་པོའི་གཅེས་ཕྲུག་ཡ་མེད་དེའི།།
འབྱུང་འགྱུར་ཕུགས་བསམ་དེ་ལ་ཡིད་སྨོན་སྐྱེས།།
 
མཚན་ཉིད་གྲྭ་སའི་རྩོད་རྭ་གྲུ་བཞི་ནས།།
རིགས་ལམ་བྱང་བའི་ཐལ་ངག་འཕྱུར་བ་ཡི།།
དགེ་ལྡན་གྲྭ་སའི་ལྟ་ལོག་འཆལ་པོ་དེའི།།
ངོ་མཚར་ལོ་རྒྱུས་དེ་ལ་ཡིད་སྨོན་སྐྱེས།།
 
རྒྱལ་ཁམས་བསྐོར་བའི་སེམས་པའི་ཟབ་ས་ནས།།
གསེར་གྱི་ཐང་མའི་བརྙན་རིས་སྤར་བ་ཡི།།
ཨ་མདོའི་ཡུལ་གྱི་མི་རྐྱང་འཁྱམས་པོ་དེའི།།
རྣམ་དཔྱོད་སྤོབས་སེམས་དེ་ལ་ཡིད་སྨོན་སྐྱེས།།
 
དབུ་ཚད་གཞུང་གི་ལྟ་བའི་གླིང་ཁ་ནས།།
ཀླུ་སྒྲུབ་དགོངས་པའི་ནང་མཛོད་བླངས་བ་ཡི།།
རེབ་གོང་ཡུལ་གྱི་སྨྱོན་པ་ཁ་དཀར་དེའི།།
ཐུན་མིན་ལྗགས་རྩལ་དེ་ལ་ཡིད་སྨོན་སྐྱེས།།
 
འཇིག་རྟེན་གསར་རྙིང་གཉིས་ཀྱི་ཀྱོག་མཚམས་ནས།།
མཐོ་བའི་སྤྱན་ཟུང་རྒྱང་ལ་གཟིགས་པ་ཡི།།
ཁ་བ་གངས་ཀྱི་བསམ་བློའི་སློབ་དཔོན་དེའི།།
མ་འོངས་སྔོན་དཔག་དེ་ལ་ཡིད་སྨོན་སྐྱེས།།
 
ནུབ་བོད་ཡུལ་གྱི་སྐྱིད་སྡུག་བསྣོལ་མཚམས་ནས།།
ཆབ་སྲིད་གསར་པའི་ལས་འགུལ་སྤེལ་བ་ཡི།།
གདོང་དམར་བོད་ཀྱི་ཉེས་ཅན་བཙོན་པ་དེའི།།
རིན་བྲལ་མཛད་རྗེས་དེ་ལ་ཡིད་སྨོན་སྐྱེས།།
 2010ལོའི་ཟླ་3ཚེས1ཉིན་སེམས་ཀྱི་ཉི་ཟླའི་རྨི་ལམ་དྲ་ཁང་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེ་རིང་ངས་ཁྱོད་ལྷག་ཏུ་དྲན།

2010-07-18 ཕན་ཤུལ་འཆི་མེད་དབང་འདུས། ཀློག་གྲངས། མཆན ཡོད།

  ——————སྔོན་གཤེགས་དཔའ་བོ་དགེ་ཆོས་སྨྱོན་པར་ཕུལ།
 དྭངས་གཙང་བྱིས་པའི་བསམ་བློའི་རྩེད་རྭ་ནས།།
ཞོ་འོང་གྲོང་ལ་ཕྱི་ཕྱག་ཕུལ་བ་ཡི།།
སྔགས་རྒྱུད་རྒན་པོའི་གཅེས་ཕྲུག་ཡ་མེད་དེའི།།
འབྱུང་འགྱུར་ཕུགས་བསམ་དེ་ལ་ཡིད་སྨོན་སྐྱེས།།
 
མཚན་ཉིད་གྲྭ་སའི་རྩོད་རྭ་གྲུ་བཞི་ནས།།
རིགས་ལམ་བྱང་བའི་ཐལ་ངག་འཕྱུར་བ་ཡི།།
དགེ་ལྡན་གྲྭ་སའི་ལྟ་ལོག་འཆལ་པོ་དེའི།།
ངོ་མཚར་ལོ་རྒྱུས་དེ་ལ་ཡིད་སྨོན་སྐྱེས།།
 
རྒྱལ་ཁམས་བསྐོར་བའི་སེམས་པའི་ཟབ་ས་ནས།།
གསེར་གྱི་ཐང་མའི་བརྙན་རིས་སྤར་བ་ཡི།།
ཨ་མདོའི་ཡུལ་གྱི་མི་རྐྱང་འཁྱམས་པོ་དེའི།།
རྣམ་དཔྱོད་སྤོབས་སེམས་དེ་ལ་ཡིད་སྨོན་སྐྱེས།།
 
དབུ་ཚད་གཞུང་གི་ལྟ་བའི་གླིང་ཁ་ནས།།
ཀླུ་སྒྲུབ་དགོངས་པའི་ནང་མཛོད་བླངས་བ་ཡི།།
རེབ་གོང་ཡུལ་གྱི་སྨྱོན་པ་ཁ་དཀར་དེའི།།
ཐུན་མིན་ལྗགས་རྩལ་དེ་ལ་ཡིད་སྨོན་སྐྱེས།།
 
འཇིག་རྟེན་གསར་རྙིང་གཉིས་ཀྱི་ཀྱོག་མཚམས་ནས།།
མཐོ་བའི་སྤྱན་ཟུང་རྒྱང་ལ་གཟིགས་པ་ཡི།།
ཁ་བ་གངས་ཀྱི་བསམ་བློའི་སློབ་དཔོན་དེའི།།
མ་འོངས་སྔོན་དཔག་དེ་ལ་ཡིད་སྨོན་སྐྱེས།།
 
ནུབ་བོད་ཡུལ་གྱི་སྐྱིད་སྡུག་བསྣོལ་མཚམས་ནས།།
ཆབ་སྲིད་གསར་པའི་ལས་འགུལ་སྤེལ་བ་ཡི།།
གདོང་དམར་བོད་ཀྱི་ཉེས་ཅན་བཙོན་པ་དེའི།།
རིན་བྲལ་མཛད་རྗེས་དེ་ལ་ཡིད་སྨོན་སྐྱེས།།
 2010ལོའི་ཟླ་3ཚེས1ཉིན་སེམས་ཀྱི་ཉི་ཟླའི་རྨི་ལམ་དྲ་ཁང་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།