མི་དང་ལྷ་མོའི་བར་ཐག

རི་འཚེར་དབང་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-16

ཁ་ཕྱོགས་དང་མཉམ་དུ་གནམ་ལ་ཤོར་ཚར་བའི་སྐད་ཆ་དེ་རླུང་གི་མིག་ཆུ་ཡིས་དངོས་གནས་དེའི་ཕ་རོལ་གྱི་ཤོར་ཟིན་པ་དག་བསུབ་ཐབས་མེད།
ལྷག་མའི་ལྷག་མ་ཞིག་དོན་དུ་སྨིན་འདུག་པས་ང་རང་ཧ་ཅང་དགའ་ནས་འདུག
གནའ་སྔ་མོའི་གཏམ་རྒྱུད་ཞིག་རང་ཉིད་ཤོང་ཚད་ཀྱི་བར་གསེང་ཞིག་ནས་ད་དུང་
རྒྱང་དུ་བསྲིངས་བའི་ལག་ཟུང་ཞིག་ཐོགས་ཡོད་ཤེས་ན།
མི་དང་ལྷ་མོ་གཉིས་ཀས་མི་ཡུལ་གྱི་གྲུབ་ཆ་དག་ལ་གཞི་ནས་འཁོན་རེས་བྱེད་དགོས་དོན་གཏན་ནས་མེད།
མི་ཡུལ་ནི་ཆེས་སྐྱིད་པའི་མི་དང་ལྷ་མོ་གཉིས་ཀས་སྡོད་ས་དོག་མོ་ཞིག་ཡིན་པའི་ཆ་བཞག་ན།
མི་ལའང་ལྷ་ལས་ཁྱད་འཕགས་ཀྱི་ནུས་བ་གང་ཡང་འབྱོར་ཆོག
དེ་མ་ཡིན་པའི་རྒྱུ་མཚན་གྱིས།
མི་ནི་དུས་ཚོད་ངེས་གཏན་མེད་པར་འཆི་འགྲོ་བས་གོ་རིམ་འདི།
ལྷ་ལ་དུས་ཚོད་ངེས་གཏན་གྱི་ལས་དབང་ཞིག་བསྩལ་ཡོད་པའི་གོ་རིམ་དང་ཅིས་མི་
འདྲ།
མིས་ནམ་ཡང་ལྷ་ལ་བདེན་སྣང་གི་ཞུ་འབོད་ཞིག་སྙིང་ཁར་སྦྱོར་ཐེངས་རེར།
ལྷ་ཡི་རྫུ་འཕྲུལ་གྱི་སྣང་བ་དེ་ལས་རང་ཉིད་ཉམ་ཆུང་ཡིན་པ་དངོས་གནས་རྟོགས།
དེ་བཞིན་དུ་མི་ཡིས་དད་པའི་ལྷ་ལ་སེམས་ཀྱིས་བཀུར་བའི་ངེས་སྲོལ་ཆགས།
དེ་མ་ཡིན་པར།
མི་ལ་བརྩེ་དུང་ཟེར་བའི་ལྷ་ལས་ཕུལ་བྱུང་གི་བརྩམས་ཆོས་ཞིག་ཡོད་ལ།
ལྷ་མོ་དག་ནམ་ཡང་འདིའི་ཕྱོགས་ལ་ངུ་ཀྱིན་འདུག
ལྷ་ཡིས་བརྩམས་མི་ཐུབ་པའི་བརྩམས་ཆོས་ཞིག་མི་ཡིས་བརྩམས་སོང་ན།
ལྷ་ཡིས་མི་ལ་ཕྲག་དོག་བྱེད་མི་རུང་སྟེ།
ལྷ་མོས་མི་ལ་འཕྲུག་རྩོད་ལངས་ན་ཆོག

བརྩེ་དུང་འདིའི་ཆེད་དུ།   
བར་ཐག་རིང་བོའི་ལྷ་དང་མི་ཡི་བར་ལ་འཁྲུག་རྩོད་བྱུང་དོན་ཡང་།
ལྷ་ཡིས་བརྩེ་དུང་གླེང་ནས་ཞི་བདེ་དཀྲུགས་པ་ལས།
བརྩེ་དུང་ཁོ་ནས་ལྷ་ལ་གུས་འདུན་བྱེད་ཀྱིན་འདུག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་དང་ལྷ་མོའི་བར་ཐག

2010-07-16 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

ཁ་ཕྱོགས་དང་མཉམ་དུ་གནམ་ལ་ཤོར་ཚར་བའི་སྐད་ཆ་དེ་རླུང་གི་མིག་ཆུ་ཡིས་དངོས་གནས་དེའི་ཕ་རོལ་གྱི་ཤོར་ཟིན་པ་དག་བསུབ་ཐབས་མེད།
ལྷག་མའི་ལྷག་མ་ཞིག་དོན་དུ་སྨིན་འདུག་པས་ང་རང་ཧ་ཅང་དགའ་ནས་འདུག
གནའ་སྔ་མོའི་གཏམ་རྒྱུད་ཞིག་རང་ཉིད་ཤོང་ཚད་ཀྱི་བར་གསེང་ཞིག་ནས་ད་དུང་
རྒྱང་དུ་བསྲིངས་བའི་ལག་ཟུང་ཞིག་ཐོགས་ཡོད་ཤེས་ན།
མི་དང་ལྷ་མོ་གཉིས་ཀས་མི་ཡུལ་གྱི་གྲུབ་ཆ་དག་ལ་གཞི་ནས་འཁོན་རེས་བྱེད་དགོས་དོན་གཏན་ནས་མེད།
མི་ཡུལ་ནི་ཆེས་སྐྱིད་པའི་མི་དང་ལྷ་མོ་གཉིས་ཀས་སྡོད་ས་དོག་མོ་ཞིག་ཡིན་པའི་ཆ་བཞག་ན།
མི་ལའང་ལྷ་ལས་ཁྱད་འཕགས་ཀྱི་ནུས་བ་གང་ཡང་འབྱོར་ཆོག
དེ་མ་ཡིན་པའི་རྒྱུ་མཚན་གྱིས།
མི་ནི་དུས་ཚོད་ངེས་གཏན་མེད་པར་འཆི་འགྲོ་བས་གོ་རིམ་འདི།
ལྷ་ལ་དུས་ཚོད་ངེས་གཏན་གྱི་ལས་དབང་ཞིག་བསྩལ་ཡོད་པའི་གོ་རིམ་དང་ཅིས་མི་
འདྲ།
མིས་ནམ་ཡང་ལྷ་ལ་བདེན་སྣང་གི་ཞུ་འབོད་ཞིག་སྙིང་ཁར་སྦྱོར་ཐེངས་རེར།
ལྷ་ཡི་རྫུ་འཕྲུལ་གྱི་སྣང་བ་དེ་ལས་རང་ཉིད་ཉམ་ཆུང་ཡིན་པ་དངོས་གནས་རྟོགས།
དེ་བཞིན་དུ་མི་ཡིས་དད་པའི་ལྷ་ལ་སེམས་ཀྱིས་བཀུར་བའི་ངེས་སྲོལ་ཆགས།
དེ་མ་ཡིན་པར།
མི་ལ་བརྩེ་དུང་ཟེར་བའི་ལྷ་ལས་ཕུལ་བྱུང་གི་བརྩམས་ཆོས་ཞིག་ཡོད་ལ།
ལྷ་མོ་དག་ནམ་ཡང་འདིའི་ཕྱོགས་ལ་ངུ་ཀྱིན་འདུག
ལྷ་ཡིས་བརྩམས་མི་ཐུབ་པའི་བརྩམས་ཆོས་ཞིག་མི་ཡིས་བརྩམས་སོང་ན།
ལྷ་ཡིས་མི་ལ་ཕྲག་དོག་བྱེད་མི་རུང་སྟེ།
ལྷ་མོས་མི་ལ་འཕྲུག་རྩོད་ལངས་ན་ཆོག

བརྩེ་དུང་འདིའི་ཆེད་དུ།   
བར་ཐག་རིང་བོའི་ལྷ་དང་མི་ཡི་བར་ལ་འཁྲུག་རྩོད་བྱུང་དོན་ཡང་།
ལྷ་ཡིས་བརྩེ་དུང་གླེང་ནས་ཞི་བདེ་དཀྲུགས་པ་ལས།
བརྩེ་དུང་ཁོ་ནས་ལྷ་ལ་གུས་འདུན་བྱེད་ཀྱིན་འདུག

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།