དུས་ཚོད་ཀྱི་ཐག་སྒྲས་གཏོར་བའི་རྨི་ལམ་གྱི་འཇིགས་པ།

འབའ་སྨད་རྒྱ་ལོ་ཚེ་རིང༌། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-13

ཆུ་ཡི་ཞགས་པས་དྲུད་པའི་ལག་པ་དེ་དག་གི་གསང་བའི་རྣམ་ཤེས་ཀྱིས
སྐྲ་ལོའི་གསེབ་ན་བང་དུ་འགྲན་པའི་སེམས་ཤུགས་ཀྱི་གོམ་པ་གཏོར་ཏེ
རྒྱ་མཚོ་ཁ་ནས་རྒྱང་མཐོང་མི་དགོས་པར་ཕྱད་ཕྱོད་ཀྱིས
མི་ལ་རས་པ་ལྟ་བུའི་ལུས་པོ་ལ་ཐེངས་ཤིག་བཅར་པ་དེ
གནའ་བོའི་ཆུ་ཀླུང་ལ་ཆེན་པོའི་མངའ་ཐང་ལ་རྨ་ཁ་བཟོས
སེམས་རྩར་དཀྲུགས་ཏེ
གཞུང་ལུགས་ཀྱི་མྱ་ངན་ཐང་དུ
འགད་རྫས་གཏོར་བྱུང
སྐྱག་པ་ཤོར་བྱུང
ལག་ནང་དུ་ཕྲེང་བ་ལས་མེད་པའི
མི་དེ་དག  བླ་འཁྱམས་ཤིང
ཧོན་ཐོར་ཏེ
ཁ་ནས་དཀོན་མཆོག་གསུམ་པོ་ཤོར
 
ལོ་རྒྱུས་མི་སྣས་བཞེངས་པའིསྐྱེད་ཚལ་དེ་དག་གི་གཞི་ན
བདུད་དང་སྲིན་མོ
སྲིན་པོ་མགོ་དགུ
ལྷ་དང་འདྲེ
མི་དང་སྲོག་ཆགས
ཁོར་ཡུག་གི་སྲོག་ཐམས་ཅད་ཀྱིས
བོད་ལྗོངས་རུམ་ཏེ  ཀི་འབོད་བཏབ
ཕྲེབ་བ་བསྐོན་ཏེ    བསང་མེ་སྒོམ
དེ་དག་གིས  རྟོག་པའི་སྣང་ངོར་སྒྱུ་འཕྲུལ་གྱི་འཇིག་རྟེན་སྒྱུ་མ་བཞེངས
དེ་དག་གིས  ཕ་ཡུལ་གྱི་ངོས་དཀྲུགས་ཏེ་ལྷ་དང་འདྲེ་བཞེངས
དོན་ངོ་མ   ཁ་སང་དང་དེ་རིང་བར་ལ
ལོ་རབས་མི་འདྲ་བའི་ཆང་གི་མཚན་མོ་ལ
རྣམ་རྟོག་མི་འདྲ་བའི་གསང་བའི་སྒོ་མོ་ག་ཙམ་བཞེངས་ཡོད?
 
སྐྱེས་ཤིང་རུལ་པ་ནི
ཅོང་བརྡ་གཞན་ཞིག་གི་མར་མེ་གཟིམ་ལ་ཉེ་བའི
བོད་ལྗོངས་འཚོལ་མཁན་གྱི་མིག་ཟུང་དེ་དག་ལ
ད་ནི   དུས་ཚོད་ཀྱི་ཐག་སྒྲས
རྨི་ལམ་གྱི་འཇིགས་པ་ཡོངས་སུ་སེལ་དགོས་པ་དེའོ
                                    2009.10. 5

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་ཚོད་ཀྱི་ཐག་སྒྲས་གཏོར་བའི་རྨི་ལམ་གྱི་འཇིགས་པ།

2010-07-13 འབའ་སྨད་རྒྱ་ལོ་ཚེ་རིང༌། ཀློག་གྲངས། མཆན ཡོད།

ཆུ་ཡི་ཞགས་པས་དྲུད་པའི་ལག་པ་དེ་དག་གི་གསང་བའི་རྣམ་ཤེས་ཀྱིས
སྐྲ་ལོའི་གསེབ་ན་བང་དུ་འགྲན་པའི་སེམས་ཤུགས་ཀྱི་གོམ་པ་གཏོར་ཏེ
རྒྱ་མཚོ་ཁ་ནས་རྒྱང་མཐོང་མི་དགོས་པར་ཕྱད་ཕྱོད་ཀྱིས
མི་ལ་རས་པ་ལྟ་བུའི་ལུས་པོ་ལ་ཐེངས་ཤིག་བཅར་པ་དེ
གནའ་བོའི་ཆུ་ཀླུང་ལ་ཆེན་པོའི་མངའ་ཐང་ལ་རྨ་ཁ་བཟོས
སེམས་རྩར་དཀྲུགས་ཏེ
གཞུང་ལུགས་ཀྱི་མྱ་ངན་ཐང་དུ
འགད་རྫས་གཏོར་བྱུང
སྐྱག་པ་ཤོར་བྱུང
ལག་ནང་དུ་ཕྲེང་བ་ལས་མེད་པའི
མི་དེ་དག  བླ་འཁྱམས་ཤིང
ཧོན་ཐོར་ཏེ
ཁ་ནས་དཀོན་མཆོག་གསུམ་པོ་ཤོར
 
ལོ་རྒྱུས་མི་སྣས་བཞེངས་པའིསྐྱེད་ཚལ་དེ་དག་གི་གཞི་ན
བདུད་དང་སྲིན་མོ
སྲིན་པོ་མགོ་དགུ
ལྷ་དང་འདྲེ
མི་དང་སྲོག་ཆགས
ཁོར་ཡུག་གི་སྲོག་ཐམས་ཅད་ཀྱིས
བོད་ལྗོངས་རུམ་ཏེ  ཀི་འབོད་བཏབ
ཕྲེབ་བ་བསྐོན་ཏེ    བསང་མེ་སྒོམ
དེ་དག་གིས  རྟོག་པའི་སྣང་ངོར་སྒྱུ་འཕྲུལ་གྱི་འཇིག་རྟེན་སྒྱུ་མ་བཞེངས
དེ་དག་གིས  ཕ་ཡུལ་གྱི་ངོས་དཀྲུགས་ཏེ་ལྷ་དང་འདྲེ་བཞེངས
དོན་ངོ་མ   ཁ་སང་དང་དེ་རིང་བར་ལ
ལོ་རབས་མི་འདྲ་བའི་ཆང་གི་མཚན་མོ་ལ
རྣམ་རྟོག་མི་འདྲ་བའི་གསང་བའི་སྒོ་མོ་ག་ཙམ་བཞེངས་ཡོད?
 
སྐྱེས་ཤིང་རུལ་པ་ནི
ཅོང་བརྡ་གཞན་ཞིག་གི་མར་མེ་གཟིམ་ལ་ཉེ་བའི
བོད་ལྗོངས་འཚོལ་མཁན་གྱི་མིག་ཟུང་དེ་དག་ལ
ད་ནི   དུས་ཚོད་ཀྱི་ཐག་སྒྲས
རྨི་ལམ་གྱི་འཇིགས་པ་ཡོངས་སུ་སེལ་དགོས་པ་དེའོ
                                    2009.10. 5

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།