རྨི་ལམ་ནི་འཁྲུལ་སྣང་ཞིག

ཆང་གིས་བཟི་བཞིན་པ་ཡིན་ནམ
འདོད་པས་མྱོས་ཟིན་ནམ
ལག་པ་ནི་དཀར་ཡོལ་གྱི་ཁ་ལ་འཐམ་སྟེ
ཨག་སྐད་བགྲང་གིས་མི་ལངས
བུ་མོའི་མིག་ཆུ་བྱིལ་གྱིན
འཇིག་རྟེན་གྱི་སྣང་བ་ཞིག་བོར་བར་སྐྲག་སྣང་སྐྱེས

ང་རང་ནི་སྨྱོས་ཟིན་ནམ
སེམས་པ་ནི་འཁྲིགས་ཐག་ཆོད་སོང
ལུས་པོ་ནི་གྲང་བས་མནར
ཕྱིར་ཡོང་མེད་པའི་བདེ་དགའ་ནི  སུ་ཞིག་གིས་ཁྱེར་སོང
མཚན་གུང   ང་ཡིས་སུ་ཞིག་གི་མིང་ནས་འབོད་ཀྱིན་འདུག

སྦྲ་ནག་གི་ཆོན་ཐག་འོག་ནས་འདི་འདྲའི་རྨི་ལམ་དུ་ཙམ་རྨིས་མྱོང
ཁྲོམ་སྲང་གི་མི་ཚོགས་ཁྲོད    ང་རང་སུ་ཞིག་གི་རྗེས་སུ་རྒྱུག་གིན་འདུག
བོའུ་ཁྱུ་ཞིག་གིས་འདེད་ཀྱིན་པའི་རྒོ་བ་ཞིག་དང་འདྲ་བར
རྔུལ་ཆུ་ཐང་དུ་གཏོར་གྱིན་སུ་ཞིག་འཚོལ་གི་ཡོད་དམ
ཁྱིམ་གཞིས   ཆུང་མ   བུ་མོ
མ་འོངས་པའི་བདེ་འབྲས་རྡོག་པོ་ཞིག་གི་ཆེད་དམ
རང་གི་བདེ་སྣང་ཞིག་གི་དོན་དུ
ང་རང་ཅིའི་ཕྱིར་འདི་ལྟར་རྒྱུག་དགོས

ཅུང་ཙམ་ངལ་གསོས་ཆོག་པར་ཞུ
ང་ཡི་དཀོན་མཆོག་ལགས
                        ༢༠༡༠ལོའི་ཟླ༧པའི་ཚེས༡༡དགོང་མོ་རང་ཤག་ཏུ་སྦྱར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ་ནི་འཁྲུལ་སྣང་ཞིག

2010-07-11 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།

ཆང་གིས་བཟི་བཞིན་པ་ཡིན་ནམ
འདོད་པས་མྱོས་ཟིན་ནམ
ལག་པ་ནི་དཀར་ཡོལ་གྱི་ཁ་ལ་འཐམ་སྟེ
ཨག་སྐད་བགྲང་གིས་མི་ལངས
བུ་མོའི་མིག་ཆུ་བྱིལ་གྱིན
འཇིག་རྟེན་གྱི་སྣང་བ་ཞིག་བོར་བར་སྐྲག་སྣང་སྐྱེས

ང་རང་ནི་སྨྱོས་ཟིན་ནམ
སེམས་པ་ནི་འཁྲིགས་ཐག་ཆོད་སོང
ལུས་པོ་ནི་གྲང་བས་མནར
ཕྱིར་ཡོང་མེད་པའི་བདེ་དགའ་ནི  སུ་ཞིག་གིས་ཁྱེར་སོང
མཚན་གུང   ང་ཡིས་སུ་ཞིག་གི་མིང་ནས་འབོད་ཀྱིན་འདུག

སྦྲ་ནག་གི་ཆོན་ཐག་འོག་ནས་འདི་འདྲའི་རྨི་ལམ་དུ་ཙམ་རྨིས་མྱོང
ཁྲོམ་སྲང་གི་མི་ཚོགས་ཁྲོད    ང་རང་སུ་ཞིག་གི་རྗེས་སུ་རྒྱུག་གིན་འདུག
བོའུ་ཁྱུ་ཞིག་གིས་འདེད་ཀྱིན་པའི་རྒོ་བ་ཞིག་དང་འདྲ་བར
རྔུལ་ཆུ་ཐང་དུ་གཏོར་གྱིན་སུ་ཞིག་འཚོལ་གི་ཡོད་དམ
ཁྱིམ་གཞིས   ཆུང་མ   བུ་མོ
མ་འོངས་པའི་བདེ་འབྲས་རྡོག་པོ་ཞིག་གི་ཆེད་དམ
རང་གི་བདེ་སྣང་ཞིག་གི་དོན་དུ
ང་རང་ཅིའི་ཕྱིར་འདི་ལྟར་རྒྱུག་དགོས

ཅུང་ཙམ་ངལ་གསོས་ཆོག་པར་ཞུ
ང་ཡི་དཀོན་མཆོག་ལགས
                        ༢༠༡༠ལོའི་ཟླ༧པའི་ཚེས༡༡དགོང་མོ་རང་ཤག་ཏུ་སྦྱར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།