ཐག་རིང་ནས་ཡོང་བའི་ཁྱོད ཡུན་རིང་དུ་སྒུག

རྨི་ལམ་གྱི་ངོ་གདོང་དུ་འཕུར་བའི་ཁྱོད་ཀྱི་སྐྲ་ལོ

རེ་སྒུག་གི་ཟབ་སར་ཉར་བའི་ཁྱོད་ཀྱི་གོམ་འགྲོས

རྒྱང་རིང་གི་མགྲོན་པོ་རྙིང་བ་དེས

ནམ་ཡང་སེམས་ཀྱི་ཟབ་སར་ཉར     སྙིང་གི་གཏིང་སར་བཟུང

བདག་གི་སྙིང་ཉེ་བའི་ནོར་མིང་བ།

 

ཁྱོད་རང་མེ་ཏོག་ཅིག་ཡིན་ན

བདག་པོ་བྱེད་མཁན་གྱི་སྦྲང་མ་དེ་སུ་ཡིན

ཁྱོད་རངཝུ་ཆང་ཞིག་ཡིན་ན

གཙང་བཞེས་གནང་མཁན་གྱི་ཕོ་གསར་དེ་སུ་ཡིན།

ཐག་རིང་ནས་ཡོང་བའི་ཁྱོད  ཡུན་རིང་དུ་སྒུག

བདག་གི་སྙིང་ཉེ་བའི་ནོར་མིང་བ

 

གལ་ཏེ་ང་རང་གློག་བརྙན་ཞིག་ཡིན་ན

ངས་ཁྱོད་ལ་རེ་སྒུག་ཅེས་པའི་འོད་སྡེར་ཞིག་སྟོན་ངེས

གལ་ཏེ་ང་རང་སྒྲ་ཕབ་ཅིག་ཡིན་ན

ངས་ཁྱོད་ལ་དུང་སེམས་ཞེས་པའི་སྒྲ་ཐག་ཅིག་སྐོར་ངེས

བདག་གི་སྙིང་ཉེ་བའི་ནོར་མིང་བ

ངས་ཡུན་རིང་ཉར་བའི་བརྩེ་ཞེན་གྱི་འོད་ཐིག

དུས་ནམ་ཡང་ཁྱོད་ཀྱི་ཕྱོགས་སུ་འཕྲོས་ཡོད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐག་རིང་ནས་ཡོང་བའི་ཁྱོད ཡུན་རིང་དུ་སྒུག

2010-07-11 དགུ་དུང་སྐྱེས། ཀློག་གྲངས། མཆན ཡོད།

རྨི་ལམ་གྱི་ངོ་གདོང་དུ་འཕུར་བའི་ཁྱོད་ཀྱི་སྐྲ་ལོ

རེ་སྒུག་གི་ཟབ་སར་ཉར་བའི་ཁྱོད་ཀྱི་གོམ་འགྲོས

རྒྱང་རིང་གི་མགྲོན་པོ་རྙིང་བ་དེས

ནམ་ཡང་སེམས་ཀྱི་ཟབ་སར་ཉར     སྙིང་གི་གཏིང་སར་བཟུང

བདག་གི་སྙིང་ཉེ་བའི་ནོར་མིང་བ།

 

ཁྱོད་རང་མེ་ཏོག་ཅིག་ཡིན་ན

བདག་པོ་བྱེད་མཁན་གྱི་སྦྲང་མ་དེ་སུ་ཡིན

ཁྱོད་རངཝུ་ཆང་ཞིག་ཡིན་ན

གཙང་བཞེས་གནང་མཁན་གྱི་ཕོ་གསར་དེ་སུ་ཡིན།

ཐག་རིང་ནས་ཡོང་བའི་ཁྱོད  ཡུན་རིང་དུ་སྒུག

བདག་གི་སྙིང་ཉེ་བའི་ནོར་མིང་བ

 

གལ་ཏེ་ང་རང་གློག་བརྙན་ཞིག་ཡིན་ན

ངས་ཁྱོད་ལ་རེ་སྒུག་ཅེས་པའི་འོད་སྡེར་ཞིག་སྟོན་ངེས

གལ་ཏེ་ང་རང་སྒྲ་ཕབ་ཅིག་ཡིན་ན

ངས་ཁྱོད་ལ་དུང་སེམས་ཞེས་པའི་སྒྲ་ཐག་ཅིག་སྐོར་ངེས

བདག་གི་སྙིང་ཉེ་བའི་ནོར་མིང་བ

ངས་ཡུན་རིང་ཉར་བའི་བརྩེ་ཞེན་གྱི་འོད་ཐིག

དུས་ནམ་ཡང་ཁྱོད་ཀྱི་ཕྱོགས་སུ་འཕྲོས་ཡོད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།