སློབ་ཆེན་མཐར་ཕྱིན་པ།

འབའ་སྨད་རྒྱ་ལོ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-11

ད་ལོ  ཞིང་ཆེན་ག་གེ་མོ་ཞིག་གི་སློབ་ཆེན་ཏུ
ཁྱོན་བསྡོམས་སློབ་ཆེན་པ་བཞི་བརྒྱ་མཐར་ཕྱིན
དོན་ངོ་མས་སློབ་ཆེན་པ  བརྒྱད་ཅུ་ལས་མེད་ཟེར
 ་
ཏག་ཏག  རྒྱུགས་ཀྱི་གཡུལ་སར་ཞུགས་ཐེངས་རེ
སྐར་གྲངས་ཀྱི་འཛུམ་མདངས་རྩོད་པའི་མཐར
བྱ་དགའི་དཔང་ཡིག་འཁྱེར་མཁན
སློབ་ཆེན་པ་བཅུ་བདུན་འདུག
དེ་དག་གིས་སྐད་ཆ་བཤད་མི་ཤེས་ཀྱང
མི་རིགས་ཀྱི་བརྩེ་དུང་ཡང་མི་འདུག
ཡང་གཅིག་བཤད་ན
མི་དེ་དག་ནི   རང་གི་སྐད་དང་ཡི་གེ་ལ
མགོ་འཐོམས་པའི
ད་ལོའི་མཐར་ཕྱིན་སློབ་མ་བཅུ་བདུན་རེད
རང་གཤིས་གཙང་ཞིང་མ་རབས་ལས་ལ་མི་སྤྲོ་བའི
སློབ་ཆེན་པ་དྲུག་ཅུ་འདུག
དེ་དག་གིས   རང་གི་བརླ་མི་བཙོང་ལ
རང་གི་ན་ཟུག་དང་ བརྩེ་དུང་ངོ་མ་ཞིག་ཡོད
མཚམས་རེར  དཔེ་ཁང་དུ་བསྡད་དེ
གནད་དོན་ཁ་ཤས་འཚོལ་བར་སྤྲོ
དགེ་རྒན་གྱིས་བཤད་ན  ཁྱོད་ཚོས་རང་གི་རང་གཤིས་དེ་རུམ་ནས་སོང་དང
ལག་ཏུ་བྱ་བ་ཞིག་རེག་ཐུབ་པ་ཁོ་ལ་གདེང་ཚོད་ཡོད་ཟེར
མི་དེ་དག་ནི   ནམ་ཡང་ང་ཚོ་ལ་མཉམ་འབྲེལ་བྱེད་མཁན་ཏག་ཏག་ཡིན
ནམ་རྒྱུན་ཁ་ནས་བཤད་ལ་སྤྲོ་ཞིང་ལག་པ་ཨམ་ཕྲག་ཏུ
འཇུག་མི་སྤྲོ་བའི་མཐར་ཕྱིན་སློབ་ཆེན་པ་གསུམ་ཡོད
ཁོ་ཚོས་གནད་དོན་མང་བོ་ཞིག་གི་ཆེད
ལས་ཀ་མང་བོ་མང་བོ་ཞིག་བསྒྲུབ་ལ
ཐ་ན་གཉིད་ཀྱང་སྤྲོ་མོ་ཞིག་ཁུགས་མ་མྱོང་བའི
བུ་རུས་པ་ཅན་དེ་དག་ཡིན   ཡིན་ཀྱང
མཐར་ཕམ་ཁ་ཐོན་མཁན་ཁོ་ཚོ་ལས་མེད
མི་དེ་དག་ནི  སློབ་ཆེན་གྱི་ལོ་དེ་དག་ལ
དཔེ་ཀློག་དང་ཁ་འབྲལ་མ་མྱོང་ཞིང
གཞན་གྱི་དོ་སྣང་བྱེད་ཡུལ་ཏུ་གྱུར་བའི
ད་ལོའི  ཞིང་ཆེན་ག་གེ་མོའི
བོད་ཀྱི་སློབ་ཆེན་སློབ་མ་ངོ་མ་ཏག་ཏག་ཡིན
གཞན་རྣམས   རང་ཉིད་ངོས་ཟིན་མེད་པའི
བྱིས་པ་རྣབས་ལུག་དེ་དག་ལས་མ་འདས
            2010/  7/ 7མལ་ཁང་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་ཆེན་མཐར་ཕྱིན་པ།

2010-07-11 འབའ་སྨད་རྒྱ་ལོ་ཚེ་རིང་། ཀློག་གྲངས། མཆན ཡོད།

ད་ལོ  ཞིང་ཆེན་ག་གེ་མོ་ཞིག་གི་སློབ་ཆེན་ཏུ
ཁྱོན་བསྡོམས་སློབ་ཆེན་པ་བཞི་བརྒྱ་མཐར་ཕྱིན
དོན་ངོ་མས་སློབ་ཆེན་པ  བརྒྱད་ཅུ་ལས་མེད་ཟེར
 ་
ཏག་ཏག  རྒྱུགས་ཀྱི་གཡུལ་སར་ཞུགས་ཐེངས་རེ
སྐར་གྲངས་ཀྱི་འཛུམ་མདངས་རྩོད་པའི་མཐར
བྱ་དགའི་དཔང་ཡིག་འཁྱེར་མཁན
སློབ་ཆེན་པ་བཅུ་བདུན་འདུག
དེ་དག་གིས་སྐད་ཆ་བཤད་མི་ཤེས་ཀྱང
མི་རིགས་ཀྱི་བརྩེ་དུང་ཡང་མི་འདུག
ཡང་གཅིག་བཤད་ན
མི་དེ་དག་ནི   རང་གི་སྐད་དང་ཡི་གེ་ལ
མགོ་འཐོམས་པའི
ད་ལོའི་མཐར་ཕྱིན་སློབ་མ་བཅུ་བདུན་རེད
རང་གཤིས་གཙང་ཞིང་མ་རབས་ལས་ལ་མི་སྤྲོ་བའི
སློབ་ཆེན་པ་དྲུག་ཅུ་འདུག
དེ་དག་གིས   རང་གི་བརླ་མི་བཙོང་ལ
རང་གི་ན་ཟུག་དང་ བརྩེ་དུང་ངོ་མ་ཞིག་ཡོད
མཚམས་རེར  དཔེ་ཁང་དུ་བསྡད་དེ
གནད་དོན་ཁ་ཤས་འཚོལ་བར་སྤྲོ
དགེ་རྒན་གྱིས་བཤད་ན  ཁྱོད་ཚོས་རང་གི་རང་གཤིས་དེ་རུམ་ནས་སོང་དང
ལག་ཏུ་བྱ་བ་ཞིག་རེག་ཐུབ་པ་ཁོ་ལ་གདེང་ཚོད་ཡོད་ཟེར
མི་དེ་དག་ནི   ནམ་ཡང་ང་ཚོ་ལ་མཉམ་འབྲེལ་བྱེད་མཁན་ཏག་ཏག་ཡིན
ནམ་རྒྱུན་ཁ་ནས་བཤད་ལ་སྤྲོ་ཞིང་ལག་པ་ཨམ་ཕྲག་ཏུ
འཇུག་མི་སྤྲོ་བའི་མཐར་ཕྱིན་སློབ་ཆེན་པ་གསུམ་ཡོད
ཁོ་ཚོས་གནད་དོན་མང་བོ་ཞིག་གི་ཆེད
ལས་ཀ་མང་བོ་མང་བོ་ཞིག་བསྒྲུབ་ལ
ཐ་ན་གཉིད་ཀྱང་སྤྲོ་མོ་ཞིག་ཁུགས་མ་མྱོང་བའི
བུ་རུས་པ་ཅན་དེ་དག་ཡིན   ཡིན་ཀྱང
མཐར་ཕམ་ཁ་ཐོན་མཁན་ཁོ་ཚོ་ལས་མེད
མི་དེ་དག་ནི  སློབ་ཆེན་གྱི་ལོ་དེ་དག་ལ
དཔེ་ཀློག་དང་ཁ་འབྲལ་མ་མྱོང་ཞིང
གཞན་གྱི་དོ་སྣང་བྱེད་ཡུལ་ཏུ་གྱུར་བའི
ད་ལོའི  ཞིང་ཆེན་ག་གེ་མོའི
བོད་ཀྱི་སློབ་ཆེན་སློབ་མ་ངོ་མ་ཏག་ཏག་ཡིན
གཞན་རྣམས   རང་ཉིད་ངོས་ཟིན་མེད་པའི
བྱིས་པ་རྣབས་ལུག་དེ་དག་ལས་མ་འདས
            2010/  7/ 7མལ་ཁང་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།