པོ་ཏ་ལ།

ཉི་ཟླ་དང་བར་ཐག་ཆེས་ཉེ་སའི་བར་སྣང་གི་དབྱིངས་སུ།
གཡུ་བྱུར་གྱི་སྐེ་རྒྱན་ལྟར་བཏགས་པའི་གཡེར་དྲིལ་དང་གསེར་ཏོག
རི་བོ་ཧི་མ་ལ་ཡི་ཕྲག་གོང་དུ་བཏེགས་ཏེ།
མི་རིགས་ཤིག་གི་ལོ་རྒྱུས་དང་རིག་གནས།
ཕ་མེས་ཡང་མེས་ཀྱི་སྙིང་སྟོབས་དང་མཁས་མཛངས།
བྲང་ཁོག་གི་ཟབ་སར་ཉར་ནས།
ས་ཆེན་པོའི་གཙུག་རྒྱན་དུ་བརྗིད།  པོ་ཏ་ལ།

བོད་པ་ཚང་གི་མཆོད་སྟེགས་ཀྱི་རྐོང་བུ་ཚེ་འབར།
མི་སེམས་ཟབ་ས་ནས་འབར་ཞིང༌།
དད་གདུང་གི་གཏིང་རིམ་ནས་འཚེར།
ཁྱེད་རང་ཡར་ཀླུང་གཙང་ཆེན་གྱི་ཁུགས་སོ་དང་པོ་རུ།
སྐྱོ་སྡུག་གིས་ལྷག་ཅིང་དྲན་གདུང་གིས་མནར་ནའང༌།
པིར་ཚོན་གྱིས་བྲིས་པ་ལྟ་བུའི་ཁྱེད་ཀྱི་ངོ་གདོང༌།
ད་དུང་ཇི་འདྲའི་མཛེས་ཨང༌།   པོ་ཏ་ལ།

ལོ་ཟླ་སྟོང་ཕྲག་དུ་མའི་ཀྱག་ཀྱོག་གི་ལམ་ཕྲན་བརྒྱུད་ནས།
སང་ཉིན་གྱི་སྐྱ་རེངས་ཕྱོགས་སུ
རེ་སྒུག་ཁྲི་འབུམ་གྱི་མིག་ཟུང་བགྲད།
པོ་ཏ་ལ།    དུས་ནམ་ཞིག་ལ།
ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་འདི་ཁྱེད་ཀྱི་ལག་མཐིལ་ཡིན།
པོ་ཏ་ལ།  དུས་ནམ་ཞིག་ལ།
སྔོ་ཞིང་གཡའ་དག་པའི་ནམ་མཁའ་འདི་ཁྱེད་ཀྱི་དབུ་ཞྭ་ཡིན།  པོ་ཏ་ལ།

ངའི་ཡིད་སེམས་ཀྱི་མཁའ་དབྱིངས་སུ་བཞེངས་པའི་ཁྱེད་ཀྱི་གཟུགས་རིས།
ངའི་ཟུངས་ཁྲག་གི་དྭངས་སར་བཞུར་བའི་ཁྱེད་ཀྱི་བླ་རྐང༌།
ཡིད་ཆེས་དང་རེ་སྨོན་གྲངས་མེད་ཀྱི་དབུས་སུ་ག་ལེར་ག་ལེར་འཐིམས་ཤིང༌།
ང་ལྷ་སར་མཇལ་ཐེངས་རེར།
ངས་འུ་ཚང་གི་མེས་པོའི་དཀའ་ཚེགས་ཀྱི་ལོ་ཟླ་རིང་མོ་དེ་དྲན་འོང༌།
ང་ཕྱིར་ལ་ལོག་ཐེངས་རེར།
ངས་པོ་ཏ་ལའི་ཁེར་རྐྱང་གི་མིག་ཆུ་གཏོང་གིན་དེ་མཐོང་བྱུང༌།  པོ་ཏ་ལ།

དུད་སྨུག་ལང་ལོང་གི་ལྷ་སའི་གླིང་དུ།
ཉམ་ཆུང་བའི་སུན་སྣང་བཟོད་སྒོམ་གྱིས་ལྷག་ཀྱང༌།
ཕྱི་གླིང་བའི་ཡུལ་སྐོར་ཟིན་བྲིས་ཀྱི་ངོས་སུ།
ཆེས་མཛེས་སྡུག་དང་རྟག་བརྟན་གྱི་གནས་ཡོད་ཨང༌།  པོ་ཏ་ལ།

པོ་ཏ་ལའི་རྒྱབ་ཕིབས་སུ་འཚངས་པའི་ཕུན་རོན་གྱིས།
ཞི་བདེ་དང་སྨོན་འདུན་འཚོལ་གྱིན་འདུག
སྦྲ་ནག་གི་ཆོན་ཐག་ཏུ་འཐམ་པའི་མི་ཚོགས་ཀྱིས།
འཚོ་གནས་དང་རྐང་ལམ་སྙེག་གིན་འདུག  པོ་ཏ་ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པོ་ཏ་ལ།

2010-07-10 དགུ་དུང་སྐྱེས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།