སྐད་ཆ་དེ་་་་་་་་

རི་འཚེར་དབང་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-10

  ༡                        
ཐག་རིང་ཐག་རིང་ཞིག་ན་རླུང་གིས་བསྐུངས་བའི་གསང་གཏམ་ཞིག་སྦས་ཡོད།
གསང་གཏམ་དེ་སྐད་ཆས་མཚོན་དཀའ་བའི་ཅི་འདྲ་བ་ཞིག་ཡིན་པ་ངས་
དངོས་གནས་ཧ་མ་གོ
བལྟས་ཡོང་ན་སུས་ཀྱང་ང་ལ་གླེང་ཁོམ་མེད་པ་འདུག།
ཏག་ཏག་ངའི་རང་ཉིད་ཀྱི་སྐད་ཆ་ལས་རང་ཉིད་ཁོམ་འདུག
                              ༢
མི་ཚོགས་ཕལ་ཆེ་བ་ཞིག་ཟང་ཟིང་གི་གནས་སུ་གྱུར་ནའང་།
དངོས་གནས་རྒྱུ་མཚན་མེད་པ་ཞིག་མ་རེད།
ཡང་ན་སྐད་ཆ་དེའི་དབང་གིས
ཁོ་ཚོ་ལ་ཕལ་ཆེར་འགྱུར་ལྡོག་བྱུང་སོང་བ་འདྲ།
            ༣
ལོ་འདི་དག་གི་རིང་ལ།
ངའི་ཉེ་ངོགས་ན་སེམས་ཀྱི་ཆུ་བོ་ཞིག་བཞུར་རྒྱུ་ཡོད།
ཆུ་བོ་དེའི་འཁྲུག་ལོང་གིས
ངའི་མགྲིན་པའི་སྦུབས་སུ་འཚང་བའི་སྐད་ཆ་དེ་འགག་ཟིན།
         ༤
དུས་ལྟའི་བར་དུ།
སྐད་ཆ་དེ་གསང་བ་ཞིག་ཡིན་ཕྱིར་དུ་ང་ཧ་ཅང་སྐྲག་སྣང་སྐྱེས།
སྐྲག་དགོས་བ་ལའང་དངོས་གནས་ཐེ་ཚོམ་ཟ་དགོས་བ་ཞིག་ཡིན་ཏེ།
མཚམས་ལན་རེར་སྐད་ཆ་དེ་སེམས་ནས་འཕག་འཚག་རེ་འགའ་བྱེད་དུས་སུ།
ངའི་སེམས་ལ་སྨན་གྱིས་བསུབ་མི་ཐུབ་པའི་རྨ་ཁ་ཞིག་ཡང་ནས་བསྐྱར་དུ་བཟོས།
                         ༥  
མདོག་མ་འགྱུར་བས་དེ་རིང་ཡང་གནམ་ངོ་དྲོ་འདུག
གནམ་གྱིས་ཤོང་དཀའ་བའི་སྐད་ཆ་དེ་རང་བཞིན་གྱི་ས་ཁུལ་
ན་འཚོ་ཀྱིན་མེད།
ཕར་བལྟས་ན་སྐད་ཆ་དེ་ནི་མི་རྣམས་ཀྱིས་བླ་སྲོག་ལ་བརྗེས་བའི་ཉམ་ཆུང་གི་ཐ་སྙད་ཅིག་རེད།
སྐད་ཆ་དེ་ངའི་མིག་ཆུ་ལས་རིན་ཐང་ཆེ་སྟེ།
སྐད་ཆ་དེའི་དབང་གིས་ང་ལ་མིག་ཆུ་ཤོར་བའང་གྲངས་མེད་ཡིན།

                          ༦                         
གང་ལྟར་ཡང་།
མི་རྣམས་ས་ཐོག་མ་བརྒྱུད་པར་བགྲོད་ས་མེད།
ནམ་མཁའ་མ་མཐོང་བར་འཕུར་ས་མེད།
རྐང་གཉིས་ས་ལ་གཏད་ནས་འཚོ་བའི་བདེ་སྐྱིད་འཚོལ་དགོས།
སྐད་ཆ་དེ་དྲན་ཐེངས་རེར
སྐད་ཆ་དེ་མགྲིན་ལས་མིད་ཐེངས་རེར
ངའི་སེམས་ལ་ངོ་མ་གྲང་འདར་རྒྱག་གི
                   ༧
སྐད་ཆ་དེ་ཤོག་བུ་ལེབ་མོ་ཞིག་དང་མི་འདྲ།
སྐད་ཆ་དེ་དུར་ཁྲོད་ན་ལུས་བའི་བདག་མེད་ཀྱི་བེམ་པོ་ཞིག་དང་འང་མི་མཚུངས
སྐད་ཆ་དེ་ཁྱོད་དང་འུ་གཉིས་ཀྱི་བར་གསེང་ནས་བཀོལ་སྤྱོད་བྱེད་ཤེས་ན་ཆོག
                                                   ༢༠༡༢  ༧   ༨ཉིན་ནུབ་བྱང་ཚང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐད་ཆ་དེ་་་་་་་་

2010-07-10 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།