ཚོད་ལྟ་ཞིག་བྱ་དགོས།

ངའི་གཉེན་ཉེ་ཚང་མས་ཕྱུགས་འཚོ་བཞིན་ཡོད་པས་
ངའང་ཕྱུགས་རྫི་ཞིག་ལས་མི་ཉན་ཟེར་
དེ་ནི་གནམ་སྔོན་པོས་གནང་བའི་བགོས་སྐལ་ཡིནའང་ཟེར་
དོན་ངོ་མ་ང་ཕྱུགས་རྫི་ཞིག་ལས་མི་ཉན་པ་མི་ཤེས་ལ་
ང་ལ་ནུས་པ་ཇི་འདྲ་ཞིག་ཡོད་པའང་མི་རྟོགས་
འོན་ཀྱང་ང་ལ་བགོས་སྐལ་ཕྱུགས་རྫི་ཞིག་གིས་མི་ཚད་པར་འདོད
བདེན་སྲིད་ན་གནམ་སྔོན་པོ་བསླུ་མེད་ཟེར་བའང་སྐྱག་རྫུན་འདུག
ངས་ཇི་ལྟར་བསམས་ཀྱང་
ང་ཕྱུགས་རྫི་ཞིག་ལས་མི་ཉན་པའི་རྒྱུ་མཚན་མ་རྙེད་པས་
ང་མགོ་སྐོར་བ་ཡིན་ནའང་ཐང་
ཚོད་ལྟ་ཞིག་བྱ་དགོས
 
ངའི་ལུས་སུ་ཚི་དྲེག་གིས་གཡོག་འདུག་པས་
མི་བདེ་བའི་སྣང་བ་གང་མང་ཞིག་གིས་གཙེ་འོང་
གཙང་མ་རེ་བྱ་རྩིས་ལན་འགར་བྱས་ཀྱང་
དེ་ནི་བསོད་ནམས་ཀྱི་རྟགས་མཚན་ཡིན་པས་
བཀྲུ་མི་རུང་ཟེར་
བཀྲུས་ཚེ་མི་ནུས་མེད་གླེན་པ་ཞིག་ཏུ་འགྱུར་འགྲོའང་ཟེར་
དེ་ལྟར་འགྱུར་འགྲོ་བ་བདེན་ན་
སྐྲག་སྣང་ཞིག་ཀྱང་ངང་གིས་སྐྱེས་མོད་
རང་ལུས་བདེ་ཐང་གི་ཆེད་དུ་
ཚོད་ལྟ་ཞིག་བྱ་དགོས
 
ང་ལ་ལྷན་སྐྱེས་ཀྱི་ནུས་པ་ཆེན་པོ་ཞིག་དང་
སྤྱི་ཚོགས་ཀྱི་ཉམས་མྱོང་འཛོམས་པོ་ཞིག་མེད་པས་
གྲོགས་པོ་ཚང་མས་སྙན་ངག་པ་ཞིག་ཏུ་འགྱུར་མི་སྲིད་ཟེར་
དོན་ངོ་མ་ང་ལའང་སྙན་ངག་པ་དང་འདྲ་བའི་འཚོ་བ་ཡོད་ལ་
བསམ་བློའང་ཡོད་པས་
སྙན་ངག་པ་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་
བརྩོན་འགྲུས་ཀྱི་ཀོ་གྲུ་ལ་བསྡད་དེ་
རང་གི་འདམ་གའམ་དགའ་ཕྱོགས་དེའི་ཆེད་དུ་
ཚོད་ལྟ་ཞིག་བྱ་དགོས

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚོད་ལྟ་ཞིག་བྱ་དགོས།

2010-12-12 བྱང་ཁུ་ལོ། ཀློག་གྲངས། མཆན ཡོད།

ངའི་གཉེན་ཉེ་ཚང་མས་ཕྱུགས་འཚོ་བཞིན་ཡོད་པས་
ངའང་ཕྱུགས་རྫི་ཞིག་ལས་མི་ཉན་ཟེར་
དེ་ནི་གནམ་སྔོན་པོས་གནང་བའི་བགོས་སྐལ་ཡིནའང་ཟེར་
དོན་ངོ་མ་ང་ཕྱུགས་རྫི་ཞིག་ལས་མི་ཉན་པ་མི་ཤེས་ལ་
ང་ལ་ནུས་པ་ཇི་འདྲ་ཞིག་ཡོད་པའང་མི་རྟོགས་
འོན་ཀྱང་ང་ལ་བགོས་སྐལ་ཕྱུགས་རྫི་ཞིག་གིས་མི་ཚད་པར་འདོད
བདེན་སྲིད་ན་གནམ་སྔོན་པོ་བསླུ་མེད་ཟེར་བའང་སྐྱག་རྫུན་འདུག
ངས་ཇི་ལྟར་བསམས་ཀྱང་
ང་ཕྱུགས་རྫི་ཞིག་ལས་མི་ཉན་པའི་རྒྱུ་མཚན་མ་རྙེད་པས་
ང་མགོ་སྐོར་བ་ཡིན་ནའང་ཐང་
ཚོད་ལྟ་ཞིག་བྱ་དགོས
 
ངའི་ལུས་སུ་ཚི་དྲེག་གིས་གཡོག་འདུག་པས་
མི་བདེ་བའི་སྣང་བ་གང་མང་ཞིག་གིས་གཙེ་འོང་
གཙང་མ་རེ་བྱ་རྩིས་ལན་འགར་བྱས་ཀྱང་
དེ་ནི་བསོད་ནམས་ཀྱི་རྟགས་མཚན་ཡིན་པས་
བཀྲུ་མི་རུང་ཟེར་
བཀྲུས་ཚེ་མི་ནུས་མེད་གླེན་པ་ཞིག་ཏུ་འགྱུར་འགྲོའང་ཟེར་
དེ་ལྟར་འགྱུར་འགྲོ་བ་བདེན་ན་
སྐྲག་སྣང་ཞིག་ཀྱང་ངང་གིས་སྐྱེས་མོད་
རང་ལུས་བདེ་ཐང་གི་ཆེད་དུ་
ཚོད་ལྟ་ཞིག་བྱ་དགོས
 
ང་ལ་ལྷན་སྐྱེས་ཀྱི་ནུས་པ་ཆེན་པོ་ཞིག་དང་
སྤྱི་ཚོགས་ཀྱི་ཉམས་མྱོང་འཛོམས་པོ་ཞིག་མེད་པས་
གྲོགས་པོ་ཚང་མས་སྙན་ངག་པ་ཞིག་ཏུ་འགྱུར་མི་སྲིད་ཟེར་
དོན་ངོ་མ་ང་ལའང་སྙན་ངག་པ་དང་འདྲ་བའི་འཚོ་བ་ཡོད་ལ་
བསམ་བློའང་ཡོད་པས་
སྙན་ངག་པ་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་
བརྩོན་འགྲུས་ཀྱི་ཀོ་གྲུ་ལ་བསྡད་དེ་
རང་གི་འདམ་གའམ་དགའ་ཕྱོགས་དེའི་ཆེད་དུ་
ཚོད་ལྟ་ཞིག་བྱ་དགོས

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།