གངྒཱའི་འགྲམ་གྱི་ཟླ་བ་གཉིས།

མཚན་མོ་སེམས་པ་ལྟར་ལྷིང་འཇགས་ཤིང
སེམས་པ་མཚན་མོ་བཞིན་སྨག་ནག་ན
མགྱོགས་པོར་དགའ་མའི་སྐེ་ལ་དམ་དུ་འཁྱུད་ཅིག
ཕྱི་ནང་མེད་པར་སེམས་ཀྱི་གསང་གཏམ་དེ་ཤོད་དང
ཅི་ཡིན་མེད་པའི་བྱེད་སྨྱོན་དེ་བྱས་དང
 
ཟླ་བར་བཅར་བ་དང་རི་བོང་དྲན་པ་ནི
དགའ་མ་མེད་པའམ་ཁོ་མོ་དྲན་པའི་མཚན་མོ་ཞིག་སྟེ
དེ་མིན་ན་མཚན་མོ་གཅིག་པུར་རྒྱུ་ཞིང
ནམ་མཁའི་ཟླ་བ་དང་དེའི་རི་བོང་ཡང་གཉིད་དུ་མི་འཇུག་དོན་ཅི
 
གང་གའི་འགྲམ་གྱི་ལྷ་མོ་དེ་གང་གི་རེད
སུ་ཞིག་ཡིན་ནམ
ཨ་རི་དང་དབྱིན་ལན
ཁོ་རི་ཡ་དང་འཇར་པན
ཡང་ན
གངས་དཀར་བོད་ཀྱི་སྲས་མོ་ཞིག
 
ལྷགས་རླུང་ལ་བསྐུར་བའི་རྣམ་དག་གི་སེམས་པ་དེ
ཤུབ་བ་ཤུར་བུར
རྒྱང་དུ་ཡང་ཡང་ཁུར་ནའང
ཤིང་གྲུ་རྒྱག་མཁན་གྱི་རྒན་པོ་དེས་སྐད་ཆ་ལྡབ་ལྡིབ་ཀྱིས
ཁོ་མོའི་ཅི་ཡང་གསན་པ་མ་བྱུང་ལགས
 
ང་གང་གའི་འགྲམ་དང་ཤིང་གྲུ་ལ་སྡོད་ཐེངས་རེ་རེར
ངས་མཐོང་ཞིང་ཐོས་པ་ནི
ཡིད་འཕྲོག་པར་བྱེད་པའི་གཏམ་རྒྱུད་ཅིག་སྟེ
མགྲིན་སྔོན་ཟླ་བ༼༡༽་རེད
ཟླ་བ་གཞོན་ནུ་མ་རེད༼༢༽
 
གང་གའི་ཕ་རོལ་ན་ནགས་ཚལ་ཆེན་པོ་དེ་༼༣༽ད་ལྟ་ཡོད་དམ
རྒྱལ་སྲས་མགྲིན་སྔོན་ཟླ་བའི་བྱ་ཚང་༼༤༽དེ་ཡང་ད་ལྟ་ཡོད་དམ
 
ཨོ       ངས་མཐོང་བའི་གང་གའི་ཕ་རོལ་ནི
ཅི་འདྲའི་ཉམ་ང་ཞིང་བྱེ་ཐང་ཆུང་ཆུང་ངམ་ཡང་ཆེན་པོ་ཞིག་སྟེ
ནགས་ཀྱི་ཚལ་ཆེན་པོ་དེ་ཡང་མེས་འཚིགས་སམ
ཡང་ན་ཆུ་ཡིས་བསྣུབས
 
རྡོ་ཡི་ཕོ་བྲང་ན་ཅི་ཞིག་ཡོད་དམ
ཅི་ཡང་མི་འདུག་སྟེ
སྙིང་ནས་དུང་བའི་མགྲིན་སྔོན་ཟླ་བ
རྡོ་རུ་གྱུར་འདུག
 
༼༡༽མགྲིན་སྔོན་ཟླ་བ་ནི་དུས་རབས་བཅོ་བརྒྱད་པའི་འགོར་སྟག་ཕུ་པ་བློ་བཟང་རྒྱ་མཚོས་མཛད་པའི་སྔ་རབས་རྒྱ་གར་གྱི་རྒྱལ་པོ་ལྷ་སྣང་སྟོབས་ལྡན་གྱི་སྲས། རྒྱལ་བུ་ཆོས་ཀྱི་དགའ་བ་ཞེས་བ་གྲོགས་ཀྱི་བསླུ་བྲིད་ལས་བྱ་ཁུ་བྱུག་གི་ལུས་རྟེན་ལ་འཕོས་པ་དང་། དེ་ནས་བྱ་དང་རི་དྭགས་སྣ་ཚོགས་ལ་ཕན་བཏེགས་པའི་སྐོར་ཀྱི་གཏམ་རྒྱུད་ཡིད་འཕྲོག་ཅིང་སེམས་སྐྱོ་བ་ཞིག་ཡིན།
༼༢༽ ཟླ་བ་གཞོན་ནུ་ནུ་གངྒཱ་དང་ཐག་རིང་བའི་གནས་ཆེན་ས་ར་ན་ཐིར་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེན་མོར་སློབ་གཉེར་གནང་བཞིན་པའི་བདག་གི་གྲོགས་པོ་ཞིག་ཡིན།
༼༣༽སྔར་གང་གའི་ཕ་རོལ་སྟེ་མགྲིན་སྔོན་ཟླ་བའི་ཕོ་བྱང་ཡོད་སའི་ཕྱོགས་དེ་ཚང་མ་ནགས་ཀྱི་ཚལ་ཆེན་པོ་ཞིག་ཡིན་པར་བཤད་རྟོགས་བརྗོད་དེ་ལས་གསུངས།
༼༤༽ རྒྱལ་སྲས་ཆོས་ཀྱི་དགའ་བ་རང་གི་གྲོགས་པོ། ཡབ་རྒྱལ་པོ་ལྷ་སྣང་སྟོབས་ལྡན་གྱི་བློན་པོ་སྟོང་དཔོན་ཡ་མཁས་(མིང་འདི་གསལ་བོ་ཞིག་མི་དྲན)ཀྱི་བུ་ལ་གཱ་ཨ་ནས་བསླུ་བྲིད་བྱས་ཏེ་གང་གའི་འགྲམ་དུ་རྩེད་འཇོར་རོལ་བར་བྱིན། འཕོ་བ་གྲོང་འཇུག་གི་གདམས་པ་ལ་བརྟེན་ནས་བྱ་ཁུ་བྱུག་གི་རོ་ལ་གྲོང་འཇུག་བྱས་ཏེ་གང་གའི་ཕ་རོ་དུ་འཕུར་ཏེ་ནགས་ཚལ་ཆེན་པོའི་ཤིང་འབྲས་སོགས་ལ་རོལ། གྲོགས་ལ་གཱ་ཨ་ནས་ལྐོག་ཏུ་གང་གའི་ཚུལ་རོལ་དུ་འཕུར་ཡོང་སྟེ་རང་གི་ཕུང་བོ་ཆུར་བསྐྱུར། རྒྱལ་བུ་ཆོས་ཀྱི་དགའ་བའི་ཕུང་པོར་གྲོང་འཇུག་བྱས་ཏེ་ཕྱིར་ཕོང་བྲང་དུ་ལོག རྒྱལ་སྲས་ཀྱི་བཙུན་མོ་འཁོར་བཅས་ལ་ལོངས་སྤྱད་པ་སོགས་ཡིད་སྐྱོ་ལ་སེམས་འདྲོངས་པའི་གཏམ་རྒྱུད་ཅིག་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གངྒཱའི་འགྲམ་གྱི་ཟླ་བ་གཉིས།

2010-12-08 གཅན་བཟོད་རྒྱམ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།