དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས་༡༠

 ནམ་ཉི་མ་དེ་རིང་   དགུན་ཟླ་འདིའི་ཁ་དབུགས་རྔུབ་པའི་དུས་
 དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས་༡༠ལ་ཟགས་པའི་བདེ་ཆེན་ནས་
 སེམས་པ་ཉི་འོད་ཀྱིས་བསླེས་པའི་རྒྱང་རིང་གི་ལྷ་ས་རུ་ཕྱོགས་བའི་ཚེ་
 དྲན་འཛིན་གྱི་རི་མོ་ཕོ་རོག་གི་སོ་ཁ་ལས་ལྷུང་ན་
 རྔམས་ཟ་བྱེད་མཁན་དེ་སུ་ཞིག་ཡིན་
 
མདུན་ངོས་ཀྱི་བྲག་རིའི་ཁ་ནས་འཛག་པའི་ཆུ་ཐིགས་མང་པོས་
གནམ་གཤིས་ཇེ་འཁྱགས་སོང་བར་གསང་བརྡ་བསྟན་པ་ལྟར་
རྡོ་གཟུགས་ཀྱི་ངོ་བོར་གྱུར་བའི་དགུན་ཁ་འདིར་
ཤུགས་བསྟན་ཅི་བཞག་
ལྷང་ལ་ཅི་བུད་
 
མི་མངོན་པའི་ཞགས་ཐག་གིས་བཅིངས་བའི་བརྡ་དཀྲོལ་འགའ་
སོ་ཡིས་མི་ཆོད་པ་བཞིན་དགུན་གཞུང་འདིའི་རུས་རྐང་བར་ནས་
མིག་ལོག་བགྲད་ས་ས་ཆེན་པོ་ཡིན་ནམ་
 
ཤོག་ངོས་སུ་གྲང་རླུང་འགའ་ངལ་བས་འགྲིམ་པའི་མཚན་མོ་རེ་རེར་ཡང་
བདག་གི་མདུན་གཟུགས་དང་རྒྱབ་ངོས་ཡོངས་སུ་
ཡིག་འབྲུ་འགའ་འཕག་མཆོངས་ཤོར་བས་
དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས་༡༠ལ་ཟགས་པའི་ཆེད་དུ་
 སྡུག་རུས་ལྕགས་སྐུད་ལ་བསྒྲིམས་ནས་
ཡུན་རིང་མོར་འགོར་ཡོད་ཨང་
ཐ་སྙད་ཅིག་འཁྲོལ་སྟངས།
 
རི་བོའི་ཕར་ངོགས་སུ་གནས་པའི་བྲེལ་ཤ་ལངས་པའི་སེམས་པ་འདི་
ཚུར་ཚུར་ཤོག་    ཚུར་ཚུར་ཤོག་ 
ཆུ་བོའི་ཚུར་ངོགས་སུ་ཡོད་པའི་བག་ལྷོད་ལྡན་པའི་ལུས་པོ་འདི་
ཕར་ཕར་སོང་   ཕར་ཕར་སོང་
ང་ལ་མི་དབང་བའི་རི་བོ་དང་ཆུ་བོ་འདི་དག་
འདི་རུ་སྡོད་     འདི་རུ་སྡོད་
མཚན་མོའི་གླུ་ཆུང་།
 
བདག་ལ་ལག་པ་མི་འདུག
ལག་པ་མེད་རྐྱེན་སྨྱུ་གུ་མི་འདུག་
བདག་ལ་མིག་ཟུང་མི་འདུག་
མིག་ཟུང་མེད་རྐྱེན་མཐོང་ལམ་མི་འདུག་
བདག་ལ་མཚན་མོ་མི་འདུག་
མཚན་མོ་མེད་རྐྱེན་གླུ་ཆུང་མི་འདུག་
བདག་ལ་མེད་པ་མང་པོ་ཞིག་གིས་
བདག་གི་སེམས་པ་ལྷོད་དུ་མི་བབ་
བདག་གི་སྙིང་ཁམས་འཕར་མཚམས་མི་ཆད་
                      2010. 3.  6.

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས་༡༠

2010-12-08 ཁ་བ་དཀར་པོ། ཀློག་གྲངས། མཆན ཡོད།

 ནམ་ཉི་མ་དེ་རིང་   དགུན་ཟླ་འདིའི་ཁ་དབུགས་རྔུབ་པའི་དུས་
 དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས་༡༠ལ་ཟགས་པའི་བདེ་ཆེན་ནས་
 སེམས་པ་ཉི་འོད་ཀྱིས་བསླེས་པའི་རྒྱང་རིང་གི་ལྷ་ས་རུ་ཕྱོགས་བའི་ཚེ་
 དྲན་འཛིན་གྱི་རི་མོ་ཕོ་རོག་གི་སོ་ཁ་ལས་ལྷུང་ན་
 རྔམས་ཟ་བྱེད་མཁན་དེ་སུ་ཞིག་ཡིན་
 
མདུན་ངོས་ཀྱི་བྲག་རིའི་ཁ་ནས་འཛག་པའི་ཆུ་ཐིགས་མང་པོས་
གནམ་གཤིས་ཇེ་འཁྱགས་སོང་བར་གསང་བརྡ་བསྟན་པ་ལྟར་
རྡོ་གཟུགས་ཀྱི་ངོ་བོར་གྱུར་བའི་དགུན་ཁ་འདིར་
ཤུགས་བསྟན་ཅི་བཞག་
ལྷང་ལ་ཅི་བུད་
 
མི་མངོན་པའི་ཞགས་ཐག་གིས་བཅིངས་བའི་བརྡ་དཀྲོལ་འགའ་
སོ་ཡིས་མི་ཆོད་པ་བཞིན་དགུན་གཞུང་འདིའི་རུས་རྐང་བར་ནས་
མིག་ལོག་བགྲད་ས་ས་ཆེན་པོ་ཡིན་ནམ་
 
ཤོག་ངོས་སུ་གྲང་རླུང་འགའ་ངལ་བས་འགྲིམ་པའི་མཚན་མོ་རེ་རེར་ཡང་
བདག་གི་མདུན་གཟུགས་དང་རྒྱབ་ངོས་ཡོངས་སུ་
ཡིག་འབྲུ་འགའ་འཕག་མཆོངས་ཤོར་བས་
དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས་༡༠ལ་ཟགས་པའི་ཆེད་དུ་
 སྡུག་རུས་ལྕགས་སྐུད་ལ་བསྒྲིམས་ནས་
ཡུན་རིང་མོར་འགོར་ཡོད་ཨང་
ཐ་སྙད་ཅིག་འཁྲོལ་སྟངས།
 
རི་བོའི་ཕར་ངོགས་སུ་གནས་པའི་བྲེལ་ཤ་ལངས་པའི་སེམས་པ་འདི་
ཚུར་ཚུར་ཤོག་    ཚུར་ཚུར་ཤོག་ 
ཆུ་བོའི་ཚུར་ངོགས་སུ་ཡོད་པའི་བག་ལྷོད་ལྡན་པའི་ལུས་པོ་འདི་
ཕར་ཕར་སོང་   ཕར་ཕར་སོང་
ང་ལ་མི་དབང་བའི་རི་བོ་དང་ཆུ་བོ་འདི་དག་
འདི་རུ་སྡོད་     འདི་རུ་སྡོད་
མཚན་མོའི་གླུ་ཆུང་།
 
བདག་ལ་ལག་པ་མི་འདུག
ལག་པ་མེད་རྐྱེན་སྨྱུ་གུ་མི་འདུག་
བདག་ལ་མིག་ཟུང་མི་འདུག་
མིག་ཟུང་མེད་རྐྱེན་མཐོང་ལམ་མི་འདུག་
བདག་ལ་མཚན་མོ་མི་འདུག་
མཚན་མོ་མེད་རྐྱེན་གླུ་ཆུང་མི་འདུག་
བདག་ལ་མེད་པ་མང་པོ་ཞིག་གིས་
བདག་གི་སེམས་པ་ལྷོད་དུ་མི་བབ་
བདག་གི་སྙིང་ཁམས་འཕར་མཚམས་མི་ཆད་
                      2010. 3.  6.

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།