ཚ་ལམ་ལམ་གྱིས་འབར།

   
     ________གླུ་སྐད་དང་འཛུམ་མདངས་རལ་བའི་ལེའུ་ལས་སྙན་ངག་ཁག་དང་པོ།
ས་རྐོ་རྡོ་སློག་གི་རྔུལ་ཁྲག་ལྟ་བུའི་ཐིགས་པ་རེ་རེ།
དཀའ་སྡུག་དང་ཞེ་སྡང་གིས་ཟགས་དུས།
རང་ཉིད་དགའ་དྲག་པའི་བྱེད་ལས་དེའི་དབང་གིས།
སུ་ཚང་གི་གློ་སྙིང་མཆིན་གསུམ་ཞིབ་གཤེར་དང་རྩད་སློག་བྱས།
 
མི་ཚོས་ཁྲེལ་དགོད་དང་ལྐོག་བཤད་ཀྱི་རྣོ་དབལ་ཚ་བོ།
མེས་པོ་ཚོའི་ངུ་སྐད་བྲག་ཅར་མཆེད་པ་ལྟར།
ཕྱི་རོལ་གྱི་བྱ་དངོས་ལས་བརྒལ་ཅིང་ཐོར།
རྣག་ཁྲག་གི་ཟེགས་མ་སེམས་སུ་ལྷུང༌།
སྐྱོ་ངལ་དང་མིག་ཆུའི་ཚེ་སྲོག
ཐ་མག་རྐང་རེ་དང་བསྡོངས་ནས་ཚ་ལམ་ལམ་གྱིས་སྤར་ཞིང་རྔུབ།
ཞེ་སྡང་དང་ཧམ་སེམས་ཀྱིས་རྔུབ།
 
དུང་ཞེན་ལྷག་མ་དེར་ཕྱིར་མིག་སྐྱུར་མོ་རེ་བཞག་དུས།
གློ་སྙིང་མཆིན་གསུམ་གྱི་བདག་ཏུ་གྲུབ་པའི་ང་དང༌།
ངའི་དེའང་དུད་དྲགས་ལྟ་བུའི་སྡིག་སྒྲིབ་མཐུག་པོ་ཞིག་གམ།
རྣོ་སྐུད་ལྟ་བུའི་ལྕགས་ཐག་ཕྲ་མོ་དེས་ཡོངས་སུ་བཅིངས།
 
བཙོན་ཁང་ལྟ་བུའི་སྒོམ་ཁང་གི་སྤྱིལ་བུ་དེ་རུ།
རེ་ཞིག་འགྲོ་སྟངས་དེའི་འཕྱོར་སྒེག་ལ་ཧད་དེ་ལུས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚ་ལམ་ལམ་གྱིས་འབར།

2010-12-07 སྤྱན་ཆབ། ཀློག་གྲངས། མཆན ཡོད།

   
     ________གླུ་སྐད་དང་འཛུམ་མདངས་རལ་བའི་ལེའུ་ལས་སྙན་ངག་ཁག་དང་པོ།
ས་རྐོ་རྡོ་སློག་གི་རྔུལ་ཁྲག་ལྟ་བུའི་ཐིགས་པ་རེ་རེ།
དཀའ་སྡུག་དང་ཞེ་སྡང་གིས་ཟགས་དུས།
རང་ཉིད་དགའ་དྲག་པའི་བྱེད་ལས་དེའི་དབང་གིས།
སུ་ཚང་གི་གློ་སྙིང་མཆིན་གསུམ་ཞིབ་གཤེར་དང་རྩད་སློག་བྱས།
 
མི་ཚོས་ཁྲེལ་དགོད་དང་ལྐོག་བཤད་ཀྱི་རྣོ་དབལ་ཚ་བོ།
མེས་པོ་ཚོའི་ངུ་སྐད་བྲག་ཅར་མཆེད་པ་ལྟར།
ཕྱི་རོལ་གྱི་བྱ་དངོས་ལས་བརྒལ་ཅིང་ཐོར།
རྣག་ཁྲག་གི་ཟེགས་མ་སེམས་སུ་ལྷུང༌།
སྐྱོ་ངལ་དང་མིག་ཆུའི་ཚེ་སྲོག
ཐ་མག་རྐང་རེ་དང་བསྡོངས་ནས་ཚ་ལམ་ལམ་གྱིས་སྤར་ཞིང་རྔུབ།
ཞེ་སྡང་དང་ཧམ་སེམས་ཀྱིས་རྔུབ།
 
དུང་ཞེན་ལྷག་མ་དེར་ཕྱིར་མིག་སྐྱུར་མོ་རེ་བཞག་དུས།
གློ་སྙིང་མཆིན་གསུམ་གྱི་བདག་ཏུ་གྲུབ་པའི་ང་དང༌།
ངའི་དེའང་དུད་དྲགས་ལྟ་བུའི་སྡིག་སྒྲིབ་མཐུག་པོ་ཞིག་གམ།
རྣོ་སྐུད་ལྟ་བུའི་ལྕགས་ཐག་ཕྲ་མོ་དེས་ཡོངས་སུ་བཅིངས།
 
བཙོན་ཁང་ལྟ་བུའི་སྒོམ་ཁང་གི་སྤྱིལ་བུ་དེ་རུ།
རེ་ཞིག་འགྲོ་སྟངས་དེའི་འཕྱོར་སྒེག་ལ་ཧད་དེ་ལུས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།