མིག་ཟུང་ནག་པོ།

གཟུངས་ཕྱུག་སྐྱིད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-12-06

ཐད་ཀར་གྱེན་ལ་འགྲེང་བ་གངས་དཀར་གྱི་ལྷུན་པོ།།
སྦྲང་བོའི་སྐྲ་ལྟར་གཟེངས་པ་ནགས་ཚུལ་གྱི་ཡལ་ག།
ལུང་ཀྱོག་འོབ་དོང་ཟབ་མོའི་གཏིང་རིམ་དུ་དཔྱངས་ནས།།
ལོ་བརྒྱད་ངང་སྒུག་བྱས་པར་ཨ་ཐང་རང་ཆད་སོང་།།
 
ཕྱུག་པོས་གསེར་ནག་བརྩི་བའི་བྲེལ་ཟིང་གི་ཁྲོད་ནས།།
བླུན་པོས་ཆོ་ལོ་རྩོད་པའི་རྩེད་མཚར་གྱི་ཀློང་ནས།།
དབུལ་བོས་མེད་མུག་ཟློ་བའི་སྨྲེ་ངག་གི་ནང་ནས།།
སྲིད་ཀྱི་ཀ་ཆེན་བསླང་བའི་ཁོམ་ལོང་ཡང་མ་བྱུང་།།
 
དབྱར་དགུན་གང་ཡིན་མི་རྟོག་གནམ་གཤིས་ཀྱི་འགྱུར་ལྡོག།
ཡག་བཙོག་གང་ཡིན་མ་ངེས་མི་གཤིས་ཀྱི་སྙིགས་ལུད།།
ཤར་ནུབ་སྐད་རིགས་འདྲེས་པའི་གཡུལ་འཐབ་ཀྱི་སོ་ཁ།
གང་ལ་བལྟས་ཀྱང་རང་སེམས་སྐྱོ་སྐྱོ་ལས་མི་འདུག།
 
སྒང་གཤོང་མི་སྙོམ་གནའ་བོའི་རྡོ་སྟེགས་ཀྱི་བགྲོད་ལམ།།
ས་རྒྱ་མི་ཆེ་མི་ཆེན་རྐུབ་སྟེགས་ཀྱི་ངང་ཚུལ།།
བྱེས་གྱུར་ལོ་ཟླ་རིང་མོར་དགུ་མདུད་ཅིག་བརྒྱབ་ན།།
ད་ནི་འདི་ལྟར་སྡོད་ལ་བྲེལ་ཤ་ཞིག་ལངས་བྱུང་།།
 
མིག་ཟུང་ཁྲག་གིས་ཚོས་པའི་ན་ཟུག་ལ་ཁེན་ནས།།
ཀུན་རྟོགས་ཚོར་བའི་མེ་དཔུང་སེམས་ངོས་ནས་སྦར་ཡང་།།
འཇིག་རྟེན་གཤིས་ལུགས་འགྱུར་བའི་གདོང་འབག་ལ་བལྟས་ན།།
ད་དུང་ཞེ་བློ་ཚིམས་པའི་ངལ་གསོ་ཞིག་མ་བྱུང་།།
 
ཕྱི་རུ་འཁྱམས་ཏེ་སྤྱི་བའི་ལས་དོན་ལ་མ་ཕན།།
ནང་དུ་བསྡད་ནས་རང་གི་སྒེར་དོན་ཡང་མ་འགྲུབ།།
བརྩེ་ཆེན་དབྱངས་ཅན་ལྷ་མོའི་དགྱེས་འཛུམ་གྱི་ཀློང་ནས།།
རང་སེམས་གཅེར་བུར་ལུས་པའི་ངང་ཚུལ་འདིར་ལྟོས་དང་།།
      ༢༠༠༩ལོའི་སྤྱི་ཟླ༥ཚེས་༡༡ཉིན་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིག་ཟུང་ནག་པོ།

2010-12-06 གཟུངས་ཕྱུག་སྐྱིད། ཀློག་གྲངས། མཆན ཡོད།

ཐད་ཀར་གྱེན་ལ་འགྲེང་བ་གངས་དཀར་གྱི་ལྷུན་པོ།།
སྦྲང་བོའི་སྐྲ་ལྟར་གཟེངས་པ་ནགས་ཚུལ་གྱི་ཡལ་ག།
ལུང་ཀྱོག་འོབ་དོང་ཟབ་མོའི་གཏིང་རིམ་དུ་དཔྱངས་ནས།།
ལོ་བརྒྱད་ངང་སྒུག་བྱས་པར་ཨ་ཐང་རང་ཆད་སོང་།།
 
ཕྱུག་པོས་གསེར་ནག་བརྩི་བའི་བྲེལ་ཟིང་གི་ཁྲོད་ནས།།
བླུན་པོས་ཆོ་ལོ་རྩོད་པའི་རྩེད་མཚར་གྱི་ཀློང་ནས།།
དབུལ་བོས་མེད་མུག་ཟློ་བའི་སྨྲེ་ངག་གི་ནང་ནས།།
སྲིད་ཀྱི་ཀ་ཆེན་བསླང་བའི་ཁོམ་ལོང་ཡང་མ་བྱུང་།།
 
དབྱར་དགུན་གང་ཡིན་མི་རྟོག་གནམ་གཤིས་ཀྱི་འགྱུར་ལྡོག།
ཡག་བཙོག་གང་ཡིན་མ་ངེས་མི་གཤིས་ཀྱི་སྙིགས་ལུད།།
ཤར་ནུབ་སྐད་རིགས་འདྲེས་པའི་གཡུལ་འཐབ་ཀྱི་སོ་ཁ།
གང་ལ་བལྟས་ཀྱང་རང་སེམས་སྐྱོ་སྐྱོ་ལས་མི་འདུག།
 
སྒང་གཤོང་མི་སྙོམ་གནའ་བོའི་རྡོ་སྟེགས་ཀྱི་བགྲོད་ལམ།།
ས་རྒྱ་མི་ཆེ་མི་ཆེན་རྐུབ་སྟེགས་ཀྱི་ངང་ཚུལ།།
བྱེས་གྱུར་ལོ་ཟླ་རིང་མོར་དགུ་མདུད་ཅིག་བརྒྱབ་ན།།
ད་ནི་འདི་ལྟར་སྡོད་ལ་བྲེལ་ཤ་ཞིག་ལངས་བྱུང་།།
 
མིག་ཟུང་ཁྲག་གིས་ཚོས་པའི་ན་ཟུག་ལ་ཁེན་ནས།།
ཀུན་རྟོགས་ཚོར་བའི་མེ་དཔུང་སེམས་ངོས་ནས་སྦར་ཡང་།།
འཇིག་རྟེན་གཤིས་ལུགས་འགྱུར་བའི་གདོང་འབག་ལ་བལྟས་ན།།
ད་དུང་ཞེ་བློ་ཚིམས་པའི་ངལ་གསོ་ཞིག་མ་བྱུང་།།
 
ཕྱི་རུ་འཁྱམས་ཏེ་སྤྱི་བའི་ལས་དོན་ལ་མ་ཕན།།
ནང་དུ་བསྡད་ནས་རང་གི་སྒེར་དོན་ཡང་མ་འགྲུབ།།
བརྩེ་ཆེན་དབྱངས་ཅན་ལྷ་མོའི་དགྱེས་འཛུམ་གྱི་ཀློང་ནས།།
རང་སེམས་གཅེར་བུར་ལུས་པའི་ངང་ཚུལ་འདིར་ལྟོས་དང་།།
      ༢༠༠༩ལོའི་སྤྱི་ཟླ༥ཚེས་༡༡ཉིན་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།