པོ་ཏ་ལ།

རི་འཚེར་དབང་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-12-06

ཡབ་ཆེན་གྱི་གོང་ནས་ཁྱེད་ནི་ལོ་རྒྱུས་ཤིག་རེད།
སུས་ཀྱང་གླེང་འདོད་པའི་གསེར་གྱི་རྡོ་རིང་ཞིག་རེད།

གནའ་སྔ་མོ་སྔ་མོ་ཞིག་ལ
གསེར་གྱི་རྡོ་རིང་དེའི་འགྲམ་རྒྱུད་དུ
བྲག་རི་ཕོན་པོ་ཞིག་བརྩིགས་ཡོད
དེ་ནི་རྒོད་པོའི་མིག་ཟུང་གིས་བར་སྣང་ནས་རྣམ་ཤེས་འཚོལ་ཚུལ་ཅིག་རེད།

ལོ་ངོ་མང་བོའི་གྲང་འདར་ཤུལ་དུ
མིག་ཟུང་ལས་ཅི་ཡང་ཟགས་ཚུལ་དང་
སེམས་ཁོང་ལས་ཅི་ཡང་གཏོར་ཚུལ་གཞན་དག
ངས་ཤེས་ཚོད་རེད།    ངས་ཤེས་ཚུལ་འདུག

ང་ཚོའི་མགོ་ཐོག་ན་གནམ་ཡོད
ང་ཚོའི་རྐང་འོག་ན་ས་ཡོད
སྐྲག་མི་དགོས་བའི་བསམ་ཡན་གྱི་མངའ་ཁོངས་རྒྱ་ཆེན་ནའང་
ཡོད་ཚད་ཀྱིས་མགོ་བོ་དུད་ནས་དུད་འགྲོ་ཟོག་གི་ལས་དབང་གཉེར་བ་འདི་ཅི་ཡིན།

རྨི་ལམ་དབུས་ནས་པོ་ཏ་ལ་དྲན་ཐེངས་རེར
ངས་ལྷ་ས་དྲན་གི       ངས་ཨ་མ་དྲན་གི
གནས་མཇལ་བའི་ཤུལ་དུ་ལུས་བའི་སྦྲང་བོ་དག་ཅི་འདྲའི་སྙིང་རེ་རྗེ།
ཞོགས་པ་རེ་རེ་གང་ཞིག་ལ
སྨུག་སྤྲིན་དང་དུད་ལོང་གི་དབུས་ནས་
ཁྱོད་ཉིད་བཟི་ཚུལ་གྱི་གཏམ་རྒྱུད་ཐོས་ཡོང་།

ངས་ལག་པས་འགྲམ་པ་སྐྱོར་ནས
ཕྱིར་མདང་རེ་བརྒྱབ་ན
ཁྱོད་ནི་དཔང་རྟགས་ཞིག་ཡིན་འདུག
རྒྱ་བོད་མནའ་འབྲེལ་གྱི་གསེར་གྱི་བཀོད་ཐང་ཞིག་ཡིན་འདུག

ཁ་དོག་དཀར་དམར་གྱི་ལས་དབང་ཉམས་ཐེངས་རེར
ཇོ་ཁང་མདུན་ཐད་ཀྱི་གསེར་ཁང་རིང་མོ་དེ་
ཤི་ལ་ཉེ་བའི་རྒན་པོ་ཞིག་གི་དབུ་སྐྲ་དང་འདྲ་བར
དེ་ཡང་ཤི་ལ་ཉེ།

ཆོད་རྒྱུད་ཅིག་གི་གདོང་རྒྱུད་ལས་མཆེད་པའི་
གཙུག་ལག་ཁང་གི་ཉམས་སྣང་རེ་རེ
ལྷ་ས་ནས་ཁྱོད་ཉིད་གླེང་ཚུལ་ཐོས་དུས
བཙུན་པོ་མཛངས་མ་གཉིས་དྲན་བྱུང་
གསེར་གྱི་འཛམ་གླིང་རྒྱན་གཅིག་དྲན་བྱུང་།

ཉི་འོད་ཀྱིས་ཟས་སུ་སྨིན་པའི་རྩྭ་ལྗང་གི་ལོ་འདབ་དག
ཁྱེད་ཀྱི་མཐའ་འཁོར་ན་
ནམ་ཡང་ཁུ་སིམ་མེར་གནས་དོན་ཡང
ཁྱེད་ཀྱིས་ཁོ་ལ་བཟོ་བཀོད་ཀྱི་རྣམ་པའི་མན་ངག་ཞིག་
གནངས་བར་སྒུག་འདུག

ཉི་མ་ནི་འཕག་འཚག་ཅིག་གིས་རིའི་ཕ་རོལ་དུ་ཤོར་རྗེས
ཁྱོད་ནི་བཟི་མདངས་ཀྱིས་བརྟས་བའི་ཟླ་འོད་འོག་ནས
བརྩེ་ཞེན་གྱིས་རྒྱས་བའི་མར་ཐིག་རྐོང་བུ་ཞིག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པོ་ཏ་ལ།

2010-12-06 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།