བསམ་གཞིག་བསྲུབ་པའི་འཆར་ཡན།

གངས་དཀར་རྒྱལ་སྲས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-11-27

གལ་ཏེ་ང་ལྷ་ཞིག་ཡིན་ན། ང་ལ་མཆོད་འབུལ་བྱེད་མཁན་མེད་ཀྱང་
ངས། ཉམས་ཐག་པའི་སེམས་ཅན་ཡོད་ཚད་སྐྱོབ་ངེས།
གལ་ཏེ་ང་འདྲེ་ཞིག་ཡིན་ཀྱང༌། ངས་འགྲོ་བའི་བདེ་སྐྱིད་ལ་བར་ཆད་མི་གཏོང༌།
གལ་ཏེ། ང་བསམ་བློ་བ་ཞིག་མིན་ན་སྤྱི་སེམས་ལྷག་བསམ་དང་རིང་དུ་གྱེས་ནས།
སྔ་ས་ནས། ཆུང་མ་ཞིག་བླངས་ཏེ་ཁྱིམ་ཚང་ཞིག་སྐྱོང་བཞིན
རང་གི་མི་ཚེ་སྐྱིད་པོ་ཞིག་རོལ་ངེས།
གལ་ཏེ། ང་ཁྱི་ལྡོམ་ཞིག་ཡིན་ན། ངས་རང་གི་ལྟོ་བ་བརྒྱགས་ཐབས་བྱས་ཏེ
གཉིད་ནས་འདུག་ངེས།
གལ་ཏེ། ང་རང་དོན་གཙོ་གཉེར་བ་ཞིག་ཡིན་ན
ཡིག་དྲུག་ཁོ་ནའི་བྱིན་རླབས་ལ་བརྟེན་ནས
རང་ཉིད་དག་ཞིང་གང་ཞིག་ལ་བྱ་བཞིན་འཕུར་ངེས།

མི་རིགས་དང་རྒྱལ་ཁབ་ཀྱི་གསང་བ་མང་པོ་ཞིག
རེ་རེ་བཞིན་སེམས་ངོར་ལྷུང་བ་ནས་བཟུང
ང་ནམ་ཡང་སེམས་ཁྲལ་གྱི་ཀློང་ནས་ཐར་མ་མྱོང
འདང་རེ་བརྒྱབ་ན་དེ་དག་གཅིག་ཀྱང་མ་ཤེས་ན༌། ཅི་མ་རུང་སྙམ་འོང༌།

བསམ་བསམ་ན། ང་མི་ཞིག་མིན་ན་སྐྱིད་པ་ལ།  ང་རྡོ་བ་ཞིག་ཡིན་ན་ཅི་མ་རུང༌།

མི་རིགས་ཀྱི་ཆག་འཇིག་དང་རྒྱལ་ཁབ་ཀྱི་བདེ་སྡུག་བསམད་དུས། ཚེ་རྗེས་མ།
ང་མེ་མདའ་ཞིག་ཏུ་སྐྱེ་ནའང་འདོད་མོད།

མིའི་རིགས་ཀྱི་ཞི་བདེ་དང་རང་དབང་བསམ་དུས་སླར་ཡང་མི་རུ་སྐྱེས་ནས་མིའི་རིགས་ལ་བདེ་སྐྱིད་སྐྲུན་འདོད།  

སྤྲང་བོ་ཞིག་ཏུ་སྐྱེས་ཀྱང་ཆོག གང་ལྟར་བསམ་བློ་ཞིག་ཡིན་ན་དེ་གས་འགྲིག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསམ་གཞིག་བསྲུབ་པའི་འཆར་ཡན།

2010-11-27 གངས་དཀར་རྒྱལ་སྲས། ཀློག་གྲངས། མཆན ཡོད།

གལ་ཏེ་ང་ལྷ་ཞིག་ཡིན་ན། ང་ལ་མཆོད་འབུལ་བྱེད་མཁན་མེད་ཀྱང་
ངས། ཉམས་ཐག་པའི་སེམས་ཅན་ཡོད་ཚད་སྐྱོབ་ངེས།
གལ་ཏེ་ང་འདྲེ་ཞིག་ཡིན་ཀྱང༌། ངས་འགྲོ་བའི་བདེ་སྐྱིད་ལ་བར་ཆད་མི་གཏོང༌།
གལ་ཏེ། ང་བསམ་བློ་བ་ཞིག་མིན་ན་སྤྱི་སེམས་ལྷག་བསམ་དང་རིང་དུ་གྱེས་ནས།
སྔ་ས་ནས། ཆུང་མ་ཞིག་བླངས་ཏེ་ཁྱིམ་ཚང་ཞིག་སྐྱོང་བཞིན
རང་གི་མི་ཚེ་སྐྱིད་པོ་ཞིག་རོལ་ངེས།
གལ་ཏེ། ང་ཁྱི་ལྡོམ་ཞིག་ཡིན་ན། ངས་རང་གི་ལྟོ་བ་བརྒྱགས་ཐབས་བྱས་ཏེ
གཉིད་ནས་འདུག་ངེས།
གལ་ཏེ། ང་རང་དོན་གཙོ་གཉེར་བ་ཞིག་ཡིན་ན
ཡིག་དྲུག་ཁོ་ནའི་བྱིན་རླབས་ལ་བརྟེན་ནས
རང་ཉིད་དག་ཞིང་གང་ཞིག་ལ་བྱ་བཞིན་འཕུར་ངེས།

མི་རིགས་དང་རྒྱལ་ཁབ་ཀྱི་གསང་བ་མང་པོ་ཞིག
རེ་རེ་བཞིན་སེམས་ངོར་ལྷུང་བ་ནས་བཟུང
ང་ནམ་ཡང་སེམས་ཁྲལ་གྱི་ཀློང་ནས་ཐར་མ་མྱོང
འདང་རེ་བརྒྱབ་ན་དེ་དག་གཅིག་ཀྱང་མ་ཤེས་ན༌། ཅི་མ་རུང་སྙམ་འོང༌།

བསམ་བསམ་ན། ང་མི་ཞིག་མིན་ན་སྐྱིད་པ་ལ།  ང་རྡོ་བ་ཞིག་ཡིན་ན་ཅི་མ་རུང༌།

མི་རིགས་ཀྱི་ཆག་འཇིག་དང་རྒྱལ་ཁབ་ཀྱི་བདེ་སྡུག་བསམད་དུས། ཚེ་རྗེས་མ།
ང་མེ་མདའ་ཞིག་ཏུ་སྐྱེ་ནའང་འདོད་མོད།

མིའི་རིགས་ཀྱི་ཞི་བདེ་དང་རང་དབང་བསམ་དུས་སླར་ཡང་མི་རུ་སྐྱེས་ནས་མིའི་རིགས་ལ་བདེ་སྐྱིད་སྐྲུན་འདོད།  

སྤྲང་བོ་ཞིག་ཏུ་སྐྱེས་ཀྱང་ཆོག གང་ལྟར་བསམ་བློ་ཞིག་ཡིན་ན་དེ་གས་འགྲིག

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།