སྟོན་ཟླ་བཅུ་པའི་ཕམ་ཉེས།

སྟོན་ཟླ་བཅུ་པའི་ནམ་མཁར།
སྡོང་པོའི་རྒྱུད་སྐུད་ལས་འཐོར་བའི་སེར་ལོ་རྣམས།
རླབས་རྩེ་ལྟར་འཕྱོ་འཇགས་བྱེད་བཞིན།
འཁང་ར་ཞིག་དང་འདྲ་ལ།
ཕྱི་མིག་རྣོན་པོ་ཞིག་དང་ཡང་འདྲ།
སྟོན་ཟླ་བཅུ་པའི་རླུང་བུས།
ངའི་དྲན་གདུང་གི་གསང་བ་ཡོད་ཚད་བརྟོལ་ནས།
བདག་ལ་འཕྱ་སྨོད་དང་མཛུབ་ཀེར་བྱེད་བཞིན།
བརྩེ་བའི་ལྷག་འཕྲོ་དག་ཡོངས་སུ་བཅོམས་འདོད་པ་མིན་ནམ།   བཅོམས་འདོད་པ་
མིན་ནམ།
སྟོན་ཟླ་བཅུ་པའི་གཤེད་མས།
སྔར་རྒྱུན་བཞིན།   ངའི་བརྩེ་གདུང་གི་ཞིང་ས་གཤིན་པོར།
དུངས་སེམས་ཀྱི་ཐེའུ་སྔོན་པོ་དག་རྨེག་མེད་ཏུ་བཏང་རྗེས།
འཕངས་འགྱོད་ལྕི་པོ་ཞིག།
རི་རྩེའི་ཁ་བ་ལྟར།   ངའི་བསྔས་འགོར་མནན་འོངས།
སྟོན་ཟླ་བཅུ་པའི་ཕོ་ཉས།
ང་ལ་མཚམས་སྐྱེས་སུ་བསྣམས་འོངས་པ་ནི།
ཆགས་ཉིལ་དུ་གྱུར་བའི་སེར་ལོ་འབའ་ཞིག་ཡིན་ལ།
སྐྱི་བསེར་དང་བ་མོའི་ཆོམ་རྐུན་གྱིས།
སུ་ཞིག་གི་མགོ་སྐྱེས།
མཚན་གཅིག་རང་ལ་དཀར་པོར་བཏང་འདོད།   དཀར་པོར་བཏང་འདོད།
སྟོན་ཟླ་བཅུ་པ།
སླར་ཡང་རྗེས་བཤུལ་མེད་པར།    གང་དུ་ཆས་འགྲོ།
བདག་ལ་ལྷག་པ་ནི། 
ཕྱིར་འདང་གི་ཤུགས་རིང་རེ།
སེམས་ལ་ལུས་པ་ནི། 
ཟུབ་མེད་ཀྱི་རྨ་ཁ་རེ་རེ།
སྟོན་ཟླ་བཅུ་པ།
ཁྱོད་ཀྱིས་བདག་ལ་ཀུ་རེ་རྩེད་པའི་ལན་གྲངས་མང་བས།
ད་ཐེངས།    ངས་ཀྱང་ཁྱོད་ལ་ཀུ་རེ་ཞིག་རྩེད་ན་ཐང།
          ༢༠༡༠ལོའི་ཟླ་༡༡པའི་ཚེས་༡༧་གྱི་མཚན་་མོ་ཆུ་ཚོད་༢པར་མལ་ཤག་ཏུ་གྲུབ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོན་ཟླ་བཅུ་པའི་ཕམ་ཉེས།

2010-11-24 སད། ཀློག་གྲངས། མཆན ཡོད།

སྟོན་ཟླ་བཅུ་པའི་ནམ་མཁར།
སྡོང་པོའི་རྒྱུད་སྐུད་ལས་འཐོར་བའི་སེར་ལོ་རྣམས།
རླབས་རྩེ་ལྟར་འཕྱོ་འཇགས་བྱེད་བཞིན།
འཁང་ར་ཞིག་དང་འདྲ་ལ།
ཕྱི་མིག་རྣོན་པོ་ཞིག་དང་ཡང་འདྲ།
སྟོན་ཟླ་བཅུ་པའི་རླུང་བུས།
ངའི་དྲན་གདུང་གི་གསང་བ་ཡོད་ཚད་བརྟོལ་ནས།
བདག་ལ་འཕྱ་སྨོད་དང་མཛུབ་ཀེར་བྱེད་བཞིན།
བརྩེ་བའི་ལྷག་འཕྲོ་དག་ཡོངས་སུ་བཅོམས་འདོད་པ་མིན་ནམ།   བཅོམས་འདོད་པ་
མིན་ནམ།
སྟོན་ཟླ་བཅུ་པའི་གཤེད་མས།
སྔར་རྒྱུན་བཞིན།   ངའི་བརྩེ་གདུང་གི་ཞིང་ས་གཤིན་པོར།
དུངས་སེམས་ཀྱི་ཐེའུ་སྔོན་པོ་དག་རྨེག་མེད་ཏུ་བཏང་རྗེས།
འཕངས་འགྱོད་ལྕི་པོ་ཞིག།
རི་རྩེའི་ཁ་བ་ལྟར།   ངའི་བསྔས་འགོར་མནན་འོངས།
སྟོན་ཟླ་བཅུ་པའི་ཕོ་ཉས།
ང་ལ་མཚམས་སྐྱེས་སུ་བསྣམས་འོངས་པ་ནི།
ཆགས་ཉིལ་དུ་གྱུར་བའི་སེར་ལོ་འབའ་ཞིག་ཡིན་ལ།
སྐྱི་བསེར་དང་བ་མོའི་ཆོམ་རྐུན་གྱིས།
སུ་ཞིག་གི་མགོ་སྐྱེས།
མཚན་གཅིག་རང་ལ་དཀར་པོར་བཏང་འདོད།   དཀར་པོར་བཏང་འདོད།
སྟོན་ཟླ་བཅུ་པ།
སླར་ཡང་རྗེས་བཤུལ་མེད་པར།    གང་དུ་ཆས་འགྲོ།
བདག་ལ་ལྷག་པ་ནི། 
ཕྱིར་འདང་གི་ཤུགས་རིང་རེ།
སེམས་ལ་ལུས་པ་ནི། 
ཟུབ་མེད་ཀྱི་རྨ་ཁ་རེ་རེ།
སྟོན་ཟླ་བཅུ་པ།
ཁྱོད་ཀྱིས་བདག་ལ་ཀུ་རེ་རྩེད་པའི་ལན་གྲངས་མང་བས།
ད་ཐེངས།    ངས་ཀྱང་ཁྱོད་ལ་ཀུ་རེ་ཞིག་རྩེད་ན་ཐང།
          ༢༠༡༠ལོའི་ཟླ་༡༡པའི་ཚེས་༡༧་གྱི་མཚན་་མོ་ཆུ་ཚོད་༢པར་མལ་ཤག་ཏུ་གྲུབ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།