བསྟོད་པ་འཛུམ་དཀྲུགས་མ།(ཁག་དང་པོ།)

སྐྲ་ལོ་གནག་ལ་སྣུམ་པའི་འོད་ལྡན་མ།།
གཙུགས་རྒྱན་མཛེས་པའི་འོད་ཟེར་རབ་འཕྲོ་མ།།
མཁུར་མཚེས་དཀར་དམར་འཛུམ་པའི་མདངས་ལྡན་མ།།
གཟུགས་བཟང་ལང་ཚོའི་དཔྱིད་དཔལ་རབ་རྒྱས་མ།།
བྱམས་དང་བརྩེ་བ་རྒྱས་པའི་བདག་ཉིད་མ།།
ཟུར་མིག་སྟངས་སྟབས་གཡོ་བའི་མཛེས་ལྡན་མ།
ཡིད་ཀྱི་དངས་བ་འདྲེན་པའི་སྙིང་སྡུག་མ།།
ངག་ལ་རང་དབང་སྩོལ་བའི་དབྱངས་ལྡན་མ།།
མཛེས་སྡུག་ལྷ་མོ་སྟོང་གི་གཙུག་རྒྱན་མ།།
དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་མཆོག་མ།།
དྲི་ཟའི་ན་ཆུང་བུ་མོའི་དངས་རྩེ་མ།།
ཟབ་འཇམ་ཡངས་ལ་ལྷ་ཡི་གོས་ལྡན་མ།།
འཇའ་དང་སྤྲིན་པའི་འོད་ལ་དབང་འབྱོར་མ།།
འགྲོ་བ་ཀུན་ལ་དགྱེས་པའི་བྱམས་ལྡན་མ།།
ཐབས་དང་སྣང་བ་འཛུམ་པའི་མཁས་མཛངས་མ།།
བློ་ཡི་མུན་དཔུང་གཞོམ་ཞིག་འོད་ལྡན་མ།།
སེམས་ཀྱི་དད་པའི་སྒོ་མོ་རང་ཕྱེས་མ།།
དབྱངས་ཀྱི་གྲེ་འགྱུར་ངག་ལ་སྩོལ་མཁས་མ།།
རྣམ་དཔྱོད་རིག་པའི་རྩལ་ལ་དབང་འབྱོར་མ།།
འཆད་རྩོལ་རྩོམ་གྱིས་ཤེས་རབ་མཆོག་སྟེར་མ།།
བསླབ་གསུམ་ཉམས་ལེན་ཀུན་ལ་གྲོགས་མཛད་མ།།
ལུང་རྟོགས་བསྟན་པའི་བདག་པོ་དབྱངས་ཅན་མ།།
བློ་གྲོས་སྟོབས་ཀྱིས་ཤེས་རབ་འབར་བ་ལ།།
རྣམ་དཔྱོད་གྲོགས་ཀྱིས་དངོས་གྲུབ་སྩལ་ཏུ་གསོལ།།
རྨོངས་བའི་སྨག་ཆེན་འཇོམས་པས་མཐུ་དང་དཔུང་།།
རིག་པའི་སྟོབས་ཀྱིས་ཁོ་ལག་རྒྱས་པར་ཤོག།
                             ༢༠༠༧    ༨     ༩

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསྟོད་པ་འཛུམ་དཀྲུགས་མ།(ཁག་དང་པོ།)

2010-11-24 བན་ཤུལ་ཚང་། ཀློག་གྲངས། མཆན ཡོད།

སྐྲ་ལོ་གནག་ལ་སྣུམ་པའི་འོད་ལྡན་མ།།
གཙུགས་རྒྱན་མཛེས་པའི་འོད་ཟེར་རབ་འཕྲོ་མ།།
མཁུར་མཚེས་དཀར་དམར་འཛུམ་པའི་མདངས་ལྡན་མ།།
གཟུགས་བཟང་ལང་ཚོའི་དཔྱིད་དཔལ་རབ་རྒྱས་མ།།
བྱམས་དང་བརྩེ་བ་རྒྱས་པའི་བདག་ཉིད་མ།།
ཟུར་མིག་སྟངས་སྟབས་གཡོ་བའི་མཛེས་ལྡན་མ།
ཡིད་ཀྱི་དངས་བ་འདྲེན་པའི་སྙིང་སྡུག་མ།།
ངག་ལ་རང་དབང་སྩོལ་བའི་དབྱངས་ལྡན་མ།།
མཛེས་སྡུག་ལྷ་མོ་སྟོང་གི་གཙུག་རྒྱན་མ།།
དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་མཆོག་མ།།
དྲི་ཟའི་ན་ཆུང་བུ་མོའི་དངས་རྩེ་མ།།
ཟབ་འཇམ་ཡངས་ལ་ལྷ་ཡི་གོས་ལྡན་མ།།
འཇའ་དང་སྤྲིན་པའི་འོད་ལ་དབང་འབྱོར་མ།།
འགྲོ་བ་ཀུན་ལ་དགྱེས་པའི་བྱམས་ལྡན་མ།།
ཐབས་དང་སྣང་བ་འཛུམ་པའི་མཁས་མཛངས་མ།།
བློ་ཡི་མུན་དཔུང་གཞོམ་ཞིག་འོད་ལྡན་མ།།
སེམས་ཀྱི་དད་པའི་སྒོ་མོ་རང་ཕྱེས་མ།།
དབྱངས་ཀྱི་གྲེ་འགྱུར་ངག་ལ་སྩོལ་མཁས་མ།།
རྣམ་དཔྱོད་རིག་པའི་རྩལ་ལ་དབང་འབྱོར་མ།།
འཆད་རྩོལ་རྩོམ་གྱིས་ཤེས་རབ་མཆོག་སྟེར་མ།།
བསླབ་གསུམ་ཉམས་ལེན་ཀུན་ལ་གྲོགས་མཛད་མ།།
ལུང་རྟོགས་བསྟན་པའི་བདག་པོ་དབྱངས་ཅན་མ།།
བློ་གྲོས་སྟོབས་ཀྱིས་ཤེས་རབ་འབར་བ་ལ།།
རྣམ་དཔྱོད་གྲོགས་ཀྱིས་དངོས་གྲུབ་སྩལ་ཏུ་གསོལ།།
རྨོངས་བའི་སྨག་ཆེན་འཇོམས་པས་མཐུ་དང་དཔུང་།།
རིག་པའི་སྟོབས་ཀྱིས་ཁོ་ལག་རྒྱས་པར་ཤོག།
                             ༢༠༠༧    ༨     ༩

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།