ངའི་ཡ་ཁོག་གི་ཁྱོད་ནི་སུ་ཡིན།

 

མེ་རི་ཞིག་གི་ཁ་དོག་མ་ཡལ་བའི་སྔོན་དུ
ང་ལ་གསང་བའི་ཨང་གྲངས་ཅི་ཙམ་གྱི་འཛུམ་མདངས་ཡོད་ཀྱང
དེ་ནི་བདག་གི་ཁྱོད་ལ་མཐེ་བོང་སྟོན་པ་ག་ལ་ཡིན
 
གཞུང་ལམ་སྟེང་གི་རླངས་འཁོར་དེ་དག་གི་འཚང་ཁ
གནམ་སྔོན་པོས་ཟླ་བ་ལ་བཙན་གཡེམ་བྱེད་ཚུལ
བདག་གི་དཀར་ཡོལ་ལས་སྐད་ཆ་ཅིག་འཁྲུངས་སྲིད་དམ
འོན་ཀྱང     འོ་ཇ་འཐུང་བ་ནི་ངལ་གསོ་བའི་རྣམ་པ་ཞིག
 
ཕྱི་དྲོའི་ཉི་འོད་ལ་སྡེབ་ནས་གླུ་གཞས་བླངས་ཀྱང
དཔེ་ཆ་ལ་ལྟ་བ་ནི་གཉིད་མི་ཁུག་པའི་མཚན་མོ་ཤིག་ཕར་བསྐྱལ་བ་ཡིན་ན
ང་ཡིས་ད་དུང་མེ་ལྕེབས་དེ་དག་གི་ཚེ་སྲོག་ལ་བརླ་འབོད་བྱེད་པ
ཁྱོད་ཀྱི་མེ་ཏོག་གི་སྐྱེད་ཚལ་ལ་མགྲོན་པོ་བསུ་ཚུལ
བདག་ནི་སང་ཉིན་སྔ་དྲོའི་རྒན་པོ་རྒས་ཁོག་དེ་ཡིན་པར་བྱས་ན
མ་ཎི་ཕྲེང་བ་ཅིས་ཀྱང་ངེད་གཉིས་ཀྱི་བསམ་གཞིགས་རྣལ་མ་ཞིག་དང
ཨ་མདོ་ནས་ལྷ་སའི་བར་གྱི་མེ་འཁོར་ལམ་གླ་ཡང་བྱས་ཆོག
 
བར་མཚམས་ཤིག་ནས་གྲོགས་པོ་ཚོ་དགོད་ལ
རྨི་ལམ་ཞིག་ནས་བུ་མོ་ཞིག་ངུ
ང་ཡིས་རང་གི་མིག་མདུན་དུ་པར་ཆས་དེ་བཞག་ནས
སླར་ཡང་སུ་ཞིག་གི་ཆུང་མ་ད་དུང་བག་མར་བསུ་བར་སྟ་གོན་བྱེད
དེ་དུས་ཁ་བ་ཡོངས་སུ་ཞུ་ནས་གོ་ལ་ནི་ཤོག་བུ་ཞིག་གི་ངང་ཚུལ་བཞིན
ཡང་མིན་ན་རྒྱ་མཚོའི་ཁྲོད་ཀྱི་གྲུ་གཟིངས་ཤིག་དང་འདྲ་བ་ནི
ཏག་ཏག་མིའི་རིགས་ཀྱི་ནག་ཉེས་ཤིག་ཡིན་ཤས་ཆེ
 
མདུན་ཅོག་སྟེང་གི་དངོས་པོ་དག་ཚམ་ཚོམ་མེད་པར་འགུལ་དུས
ངས་ཀྱང་མི་ཡུལ་ལ་འོག་རླུང་ཡིད་ཚིམས་པ་ཞིག་མངག་ནས
སང་ཉིན་གྱི་རང་ཉིད་ལ་སྐྲ་ལོ་རེ་སྐྱེ་རུ་བཅུག
ཁྱོད་རང་ང་ལ་མཚོན་ན
འོག་རླུང་ནང་གི་དྲི་མ་དེ་ཡིན་པར་འདོད་རུང
སྐྱག་འབུའི་རིགས་ཤིག་ཀྱང་ངེད་གཉིས་ཀྱི་རུམ་ལ་འཚང་གིན
ནམ་གུང་གི་རྨི་ལམ་བརྐུས་སོང་བ་བདེན་པར་འདོད་པ་ཅི་ཁག
                   སྤྱི་ལོ༢༠༠༩ལོའི་ཟླ༤ཚེས༡༧ཉིན་རྨ་ཆུ་ནས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་ཡ་ཁོག་གི་ཁྱོད་ནི་སུ་ཡིན།

2010-11-16 དུག་ཞགས། ཀློག་གྲངས། མཆན ཡོད།

 

མེ་རི་ཞིག་གི་ཁ་དོག་མ་ཡལ་བའི་སྔོན་དུ
ང་ལ་གསང་བའི་ཨང་གྲངས་ཅི་ཙམ་གྱི་འཛུམ་མདངས་ཡོད་ཀྱང
དེ་ནི་བདག་གི་ཁྱོད་ལ་མཐེ་བོང་སྟོན་པ་ག་ལ་ཡིན
 
གཞུང་ལམ་སྟེང་གི་རླངས་འཁོར་དེ་དག་གི་འཚང་ཁ
གནམ་སྔོན་པོས་ཟླ་བ་ལ་བཙན་གཡེམ་བྱེད་ཚུལ
བདག་གི་དཀར་ཡོལ་ལས་སྐད་ཆ་ཅིག་འཁྲུངས་སྲིད་དམ
འོན་ཀྱང     འོ་ཇ་འཐུང་བ་ནི་ངལ་གསོ་བའི་རྣམ་པ་ཞིག
 
ཕྱི་དྲོའི་ཉི་འོད་ལ་སྡེབ་ནས་གླུ་གཞས་བླངས་ཀྱང
དཔེ་ཆ་ལ་ལྟ་བ་ནི་གཉིད་མི་ཁུག་པའི་མཚན་མོ་ཤིག་ཕར་བསྐྱལ་བ་ཡིན་ན
ང་ཡིས་ད་དུང་མེ་ལྕེབས་དེ་དག་གི་ཚེ་སྲོག་ལ་བརླ་འབོད་བྱེད་པ
ཁྱོད་ཀྱི་མེ་ཏོག་གི་སྐྱེད་ཚལ་ལ་མགྲོན་པོ་བསུ་ཚུལ
བདག་ནི་སང་ཉིན་སྔ་དྲོའི་རྒན་པོ་རྒས་ཁོག་དེ་ཡིན་པར་བྱས་ན
མ་ཎི་ཕྲེང་བ་ཅིས་ཀྱང་ངེད་གཉིས་ཀྱི་བསམ་གཞིགས་རྣལ་མ་ཞིག་དང
ཨ་མདོ་ནས་ལྷ་སའི་བར་གྱི་མེ་འཁོར་ལམ་གླ་ཡང་བྱས་ཆོག
 
བར་མཚམས་ཤིག་ནས་གྲོགས་པོ་ཚོ་དགོད་ལ
རྨི་ལམ་ཞིག་ནས་བུ་མོ་ཞིག་ངུ
ང་ཡིས་རང་གི་མིག་མདུན་དུ་པར་ཆས་དེ་བཞག་ནས
སླར་ཡང་སུ་ཞིག་གི་ཆུང་མ་ད་དུང་བག་མར་བསུ་བར་སྟ་གོན་བྱེད
དེ་དུས་ཁ་བ་ཡོངས་སུ་ཞུ་ནས་གོ་ལ་ནི་ཤོག་བུ་ཞིག་གི་ངང་ཚུལ་བཞིན
ཡང་མིན་ན་རྒྱ་མཚོའི་ཁྲོད་ཀྱི་གྲུ་གཟིངས་ཤིག་དང་འདྲ་བ་ནི
ཏག་ཏག་མིའི་རིགས་ཀྱི་ནག་ཉེས་ཤིག་ཡིན་ཤས་ཆེ
 
མདུན་ཅོག་སྟེང་གི་དངོས་པོ་དག་ཚམ་ཚོམ་མེད་པར་འགུལ་དུས
ངས་ཀྱང་མི་ཡུལ་ལ་འོག་རླུང་ཡིད་ཚིམས་པ་ཞིག་མངག་ནས
སང་ཉིན་གྱི་རང་ཉིད་ལ་སྐྲ་ལོ་རེ་སྐྱེ་རུ་བཅུག
ཁྱོད་རང་ང་ལ་མཚོན་ན
འོག་རླུང་ནང་གི་དྲི་མ་དེ་ཡིན་པར་འདོད་རུང
སྐྱག་འབུའི་རིགས་ཤིག་ཀྱང་ངེད་གཉིས་ཀྱི་རུམ་ལ་འཚང་གིན
ནམ་གུང་གི་རྨི་ལམ་བརྐུས་སོང་བ་བདེན་པར་འདོད་པ་ཅི་ཁག
                   སྤྱི་ལོ༢༠༠༩ལོའི་ཟླ༤ཚེས༡༧ཉིན་རྨ་ཆུ་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།