སྨྱོན་པའི་ཉིན་ཐོ། ༼ཁག་བཅོ་ལྔ་བ༽

ཕན་ཤུལ་འཆི་མེད་དབང་འདུས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-11-16


    ཀ
དགོན་ཆེན་བླ་མའི་ཐུ་འོག་ནས།།
རྒྱ་རིགས་བུ་མོས་འཁུན་སྒྲ་སྒྲོག།
བཙུན་ཆུང་གཞོན་ནུའི་གཟིམ་ཤག་ཏུ།།
མི་ལུས་སྒྱུ་རྩལ་ལྟད་མོ་མཆིས།།
 
     ཁ
དགེ་བཤེས་བགྲེས་པོའི་ཕྲིན་ལས་དེ།།
ཙི་ནའི་གྲོང་་དུ་དར་ཞིང་རྒྱས།།
མཁན་ཆེན་བྱང་ཆུབ་སེམས་དཔའ་ཚོས།།
མཁའ་འགྲོའི་གླིང་ནས་ཆོས་འཁོར་བསྐོར།།
 
    ག
ཨ་ནེ་ཇོ་མོའི་ཞལ་རས་ནས།།
ཆགས་པའི་འཛུམ་མདངས་ཕྱོགས་སུ་འཕྲོས།།
མྱུར་མགྱོགས་ལག་འཕྲིན་བྱ་མ་རྟས།།
ཕོ་གཞོན་དར་མའི་སེམས་པ་དཀྲུགས།།
 
     ང
ཤཱཀྱ་ཐུབ་པའི་སྐལ་བ་དེ།།
རྣམ་ཐོས་སྲས་ཀྱིས་འཕྲོག་ལ་ཉེ།།
རྗེ་བཙུན་སྒྲོལ་མའི་བཞུགས་ཁྲིའི་ཐོག།
ནོར་རྒྱུན་མ་ཡིས་རྐང་པ་བརྐྱངས།།
 
        ཅ
རྡོ་རྗེ་འཆང་གི་སྤྲུལ་སྐུ་ཡིས།།
འཛམ་བུའི་གླིང་ནས་ཆོས་འཁོར་བསྐོར།།
གཤིན་རྗེ་ཆོས་རྒྱལ་ནུ་བོ་ཡིས།།
འགྲོ་བ་སེམས་ཅན་སྨྱོ་རུ་བཅུག།
      གསལ་བཤད།  ཚད་ལྡན་གྱི་སྐྱེས་བུ་དམ་པ་རྣམས་ལ་ནི་ཞུ་ག་ལ་ཕོད།
དེ་མིན་ཁྲམ་པ་སེར་མོར་བརྫུས་པ་མང་པོ་ཞིག་གིས་རྫ་རྫུ་འཕྲལ་འཕྲུལ་
གྱིས་བསྟན་པ་ལ་དམའ་འབེབས་པ་ཀུན་ཚར་གཅོད་དགོས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨྱོན་པའི་ཉིན་ཐོ། ༼ཁག་བཅོ་ལྔ་བ༽

2010-11-16 ཕན་ཤུལ་འཆི་མེད་དབང་འདུས། ཀློག་གྲངས། མཆན ཡོད།


    ཀ
དགོན་ཆེན་བླ་མའི་ཐུ་འོག་ནས།།
རྒྱ་རིགས་བུ་མོས་འཁུན་སྒྲ་སྒྲོག།
བཙུན་ཆུང་གཞོན་ནུའི་གཟིམ་ཤག་ཏུ།།
མི་ལུས་སྒྱུ་རྩལ་ལྟད་མོ་མཆིས།།
 
     ཁ
དགེ་བཤེས་བགྲེས་པོའི་ཕྲིན་ལས་དེ།།
ཙི་ནའི་གྲོང་་དུ་དར་ཞིང་རྒྱས།།
མཁན་ཆེན་བྱང་ཆུབ་སེམས་དཔའ་ཚོས།།
མཁའ་འགྲོའི་གླིང་ནས་ཆོས་འཁོར་བསྐོར།།
 
    ག
ཨ་ནེ་ཇོ་མོའི་ཞལ་རས་ནས།།
ཆགས་པའི་འཛུམ་མདངས་ཕྱོགས་སུ་འཕྲོས།།
མྱུར་མགྱོགས་ལག་འཕྲིན་བྱ་མ་རྟས།།
ཕོ་གཞོན་དར་མའི་སེམས་པ་དཀྲུགས།།
 
     ང
ཤཱཀྱ་ཐུབ་པའི་སྐལ་བ་དེ།།
རྣམ་ཐོས་སྲས་ཀྱིས་འཕྲོག་ལ་ཉེ།།
རྗེ་བཙུན་སྒྲོལ་མའི་བཞུགས་ཁྲིའི་ཐོག།
ནོར་རྒྱུན་མ་ཡིས་རྐང་པ་བརྐྱངས།།
 
        ཅ
རྡོ་རྗེ་འཆང་གི་སྤྲུལ་སྐུ་ཡིས།།
འཛམ་བུའི་གླིང་ནས་ཆོས་འཁོར་བསྐོར།།
གཤིན་རྗེ་ཆོས་རྒྱལ་ནུ་བོ་ཡིས།།
འགྲོ་བ་སེམས་ཅན་སྨྱོ་རུ་བཅུག།
      གསལ་བཤད།  ཚད་ལྡན་གྱི་སྐྱེས་བུ་དམ་པ་རྣམས་ལ་ནི་ཞུ་ག་ལ་ཕོད།
དེ་མིན་ཁྲམ་པ་སེར་མོར་བརྫུས་པ་མང་པོ་ཞིག་གིས་རྫ་རྫུ་འཕྲལ་འཕྲུལ་
གྱིས་བསྟན་པ་ལ་དམའ་འབེབས་པ་ཀུན་ཚར་གཅོད་དགོས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།