རང་ཡུལ་ལ་བལྟས་པ།

མི་ཡུལ་ནས་གློ་ཉལ་བྱས་ཏེ་ཕྱིར་རང་ཡུལ་ལ་བལྟས་ན
ཕ་ཡུལ་ནི་ཁུ་སིམ་སིམ་གྱི་རྩྭ་ཐང་ཞིག་རེད
མེ་ཏོག་མང་པོའི་གསེབ་ཀྱི་བྱིས་པ་རྐང་རྗེན་དེ་ཡང
བག་ཡངས་ཀྱི་རྩེད་འཇོར་རོལ་བའི་བདག་གི་ནུ་བོ་ཞིག
དེ་ནི་ལོ་ངོ་མང་པོའི་སྔོན་གྱི་བདག་གི་ཕ་ཡུལ་ལགས

དུས་རབས་ཉེར་གཅིག་པའི་མེ་ལོང་ནང་ནས་རང་ཡུལ་ལ་བལྟས་ན
རྩྭ་ཐང་ན་བག་ཡངས་ཀྱིས་རྒྱུ་བའི་བདག་གི་རྟ་ནོར་ལུག་གསུམ
བཤས་རྭར་ལུས་པའི་ཁྲག་དམར་གྱི་མདངས་ལ་འཐིམས་ཤིང
ར་ཅོ་དང་དཀར་ཆག་སྒྲིག་པའི་བདག་གི་ནུ་བོ་དེ་ཡང
དཔེ་ཁུག་ལེབ་ལེབ་རྒྱབ་ལ་ཁུར་ཏེ
སྦྲ་ནག་དང་རྩམ་དྲི་དབེན་པའི་སློབ་ཁང་དུ་ཆས་སོང

དེ་ནས་སླར་ཡང་རྩྭ་ཐང་ལ་མིག་ཞགས་འཕེན་དུས
རྩྭ་ཐང་ནི་འགྱིག་ཤོག་དང་གད་སྙིགས་ ཀྱིས་ཁེང་བའི་མཚེར་ཤུལ་ཞིག་རེད
སྙིང་ཉེ་བའི་བདག་གི་ནུ་བོ་དེ་ཡང
༡རྒྱ་སྐད་ལྷུག་ལྷུག་འཆད་པའི་ལོ་ཆུང་གདོང་ལེན་རུ་མི་ཞིག

______༡སྐྱབས་ཆེན་བདེ་གྲོལ་གྱི་ཚིག་གཡར་བ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་ཡུལ་ལ་བལྟས་པ།

2010-11-15 སྡོང་བུ། ཀློག་གྲངས། མཆན ཡོད།

མི་ཡུལ་ནས་གློ་ཉལ་བྱས་ཏེ་ཕྱིར་རང་ཡུལ་ལ་བལྟས་ན
ཕ་ཡུལ་ནི་ཁུ་སིམ་སིམ་གྱི་རྩྭ་ཐང་ཞིག་རེད
མེ་ཏོག་མང་པོའི་གསེབ་ཀྱི་བྱིས་པ་རྐང་རྗེན་དེ་ཡང
བག་ཡངས་ཀྱི་རྩེད་འཇོར་རོལ་བའི་བདག་གི་ནུ་བོ་ཞིག
དེ་ནི་ལོ་ངོ་མང་པོའི་སྔོན་གྱི་བདག་གི་ཕ་ཡུལ་ལགས

དུས་རབས་ཉེར་གཅིག་པའི་མེ་ལོང་ནང་ནས་རང་ཡུལ་ལ་བལྟས་ན
རྩྭ་ཐང་ན་བག་ཡངས་ཀྱིས་རྒྱུ་བའི་བདག་གི་རྟ་ནོར་ལུག་གསུམ
བཤས་རྭར་ལུས་པའི་ཁྲག་དམར་གྱི་མདངས་ལ་འཐིམས་ཤིང
ར་ཅོ་དང་དཀར་ཆག་སྒྲིག་པའི་བདག་གི་ནུ་བོ་དེ་ཡང
དཔེ་ཁུག་ལེབ་ལེབ་རྒྱབ་ལ་ཁུར་ཏེ
སྦྲ་ནག་དང་རྩམ་དྲི་དབེན་པའི་སློབ་ཁང་དུ་ཆས་སོང

དེ་ནས་སླར་ཡང་རྩྭ་ཐང་ལ་མིག་ཞགས་འཕེན་དུས
རྩྭ་ཐང་ནི་འགྱིག་ཤོག་དང་གད་སྙིགས་ ཀྱིས་ཁེང་བའི་མཚེར་ཤུལ་ཞིག་རེད
སྙིང་ཉེ་བའི་བདག་གི་ནུ་བོ་དེ་ཡང
༡རྒྱ་སྐད་ལྷུག་ལྷུག་འཆད་པའི་ལོ་ཆུང་གདོང་ལེན་རུ་མི་ཞིག

______༡སྐྱབས་ཆེན་བདེ་གྲོལ་གྱི་ཚིག་གཡར་བ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།