ཞེ་འདང་།

སྙན་ངག་འདྲ་བའི་ཡིག་ཚོགས་འདི་དག
སླར་ཡང
ཁྱེད་ལ་སྤྱན་འབུལ་ཞུ་འདོད་དེ
བདག་ཉིད་རིང་དུ་གྱེས་པའི་ལོ་ཟླ་ནི་སད་སེར་གྲང་རླུང་དང
མ་བུའི་བརྩེ་བ་ལ་བྲིས་པའི་རྩོམ་བྱང་དེ་རུའང་འདྲ་ཨང
 
གྱེས་བྲལ་གྱི་ལོ་ཟླ་ནི་ཁང་ཁྱིམ་ཆུང་བུར་གསར་དུ་ཐོན་པའི
དཔེ་དེབ་ཀྱི་བརྩེགས་མར་ཡང་སེ་མཚུངས་པར་ཚོར་བས
ན་ཚོད་ཀྱིས
ལོ་ཟླའི་རྒྱུད་སྐུད་ལ་འཐམས་པའི་ཤེད་ཤུགས་ཅི་ཙམ་ཡོད་དམ
 
ཨ་མ་ལགས
བདག་རང་ཚ་བའི་ཁྲོད་དུ་གྲང་ངར་ཕོག་པའི་ལོག་ལྟ་ཅན་ཞིག་མ་ཡིན་ཏེ
ཞེ་འདང་གི་ཚོར་བ་ནི་རྟ་ལྕག་དང་འདྲ་བར་ཡང་ཡང་བདག་ལ་བཞུ་བ་དེ་ཉིད་ལགས
༢༠༡༠།༡༠།༢༠ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞེ་འདང་།

2010-11-13 རས་པ། ཀློག་གྲངས། མཆན ཡོད།

སྙན་ངག་འདྲ་བའི་ཡིག་ཚོགས་འདི་དག
སླར་ཡང
ཁྱེད་ལ་སྤྱན་འབུལ་ཞུ་འདོད་དེ
བདག་ཉིད་རིང་དུ་གྱེས་པའི་ལོ་ཟླ་ནི་སད་སེར་གྲང་རླུང་དང
མ་བུའི་བརྩེ་བ་ལ་བྲིས་པའི་རྩོམ་བྱང་དེ་རུའང་འདྲ་ཨང
 
གྱེས་བྲལ་གྱི་ལོ་ཟླ་ནི་ཁང་ཁྱིམ་ཆུང་བུར་གསར་དུ་ཐོན་པའི
དཔེ་དེབ་ཀྱི་བརྩེགས་མར་ཡང་སེ་མཚུངས་པར་ཚོར་བས
ན་ཚོད་ཀྱིས
ལོ་ཟླའི་རྒྱུད་སྐུད་ལ་འཐམས་པའི་ཤེད་ཤུགས་ཅི་ཙམ་ཡོད་དམ
 
ཨ་མ་ལགས
བདག་རང་ཚ་བའི་ཁྲོད་དུ་གྲང་ངར་ཕོག་པའི་ལོག་ལྟ་ཅན་ཞིག་མ་ཡིན་ཏེ
ཞེ་འདང་གི་ཚོར་བ་ནི་རྟ་ལྕག་དང་འདྲ་བར་ཡང་ཡང་བདག་ལ་བཞུ་བ་དེ་ཉིད་ལགས
༢༠༡༠།༡༠།༢༠ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།