ཤོག་བུ་འདིའི་ངོས་གཙང་དག་ན།

རི་འཚེར་དབང་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-11-12

 

ནམ་རྒྱུན།   སྒེའུ་ཁུང་ལས་ལོ་ཟླ་ཁུ་སིམ་མེར་འདས་དུས་སུ།
ངའི་བྱང་ཕྱོགས་ཀྱི་འཇའ་ཚོན་དང་འདྲ་བའི་རི་བོ་དག་འགུལ་བཞིན་མཐོང་བྱུང་།
མིག་གིས་རིག་ཚད་དུ་རི་བོ་དག་འགུལ་ནས་ཐང་བདེ་མོ་རུ་གྱུར་དུས།
ང་ནི་ཐང་ཆེན་པོའི་པང་ན་རྩེན་པའི་བྱིས་པ་བསམ་མེད་དེ་ཡིན་འདུག
སེམས་ཀྱི་སྣེ་མོ་ན་སྒྲེང་བའི་སྟོད་ཀྱི་མཆོད་རྟེན་དཀར་བོ་དེའང།
ད་ལྟ་གཟི་ཉམས་ཉམས་འདུག
ད་ལྟ་འགུལ་རྒྱུ་མི་འདུག
ངའི་མདུན་ཅོག་གི་སྒྲོན་མེ་དང་འདྲ་བའི་སེམས་པ་འདི།
ཕྱིར་ཁྱེར་ཤོག་དང་།
ང་ལ་དེ་ལས་ལྷག་པའི་འབྲི་རྒྱུ་ཞིག་ཡོད་ཀི
སེམས་པ་འདི་འགུལ་ཙམ་འགུལ་ཙམ་གྱིས།
མིག་གི་སྟོང་ཆེན་པོ་ན་འཚོ་བའི་ཤོག་བུ་འདིའི་སྟེང་གི་ཡིག་རིགས་འདི་དག་ཡང་།
ཤོག་བུ་འདི་བཙོག་བཟོ་བྱེད་མཁན་གྱི་རྒྱུ་ཡིན་ལ
ཤོག་བུ་འདི་གཏོར་བརླག་གཏོང་མཁན་གྱི་གཞི་ཡིན།
མ་གཞི་ནས་རང་ཉིད་ལ་རློམ་རྒྱུ་མི་འདུག
ཤོག་བུ་ནི་རྒྱ་ཆེན་པོའི་ཁོར་ཡུག་ཡིན་ལ
རང་ཉིད་ནི་རྐང་རྩེད་སྤོ་ལོ་རྒྱག་མཁན་དེ་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤོག་བུ་འདིའི་ངོས་གཙང་དག་ན།

2010-11-12 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

 

ནམ་རྒྱུན།   སྒེའུ་ཁུང་ལས་ལོ་ཟླ་ཁུ་སིམ་མེར་འདས་དུས་སུ།
ངའི་བྱང་ཕྱོགས་ཀྱི་འཇའ་ཚོན་དང་འདྲ་བའི་རི་བོ་དག་འགུལ་བཞིན་མཐོང་བྱུང་།
མིག་གིས་རིག་ཚད་དུ་རི་བོ་དག་འགུལ་ནས་ཐང་བདེ་མོ་རུ་གྱུར་དུས།
ང་ནི་ཐང་ཆེན་པོའི་པང་ན་རྩེན་པའི་བྱིས་པ་བསམ་མེད་དེ་ཡིན་འདུག
སེམས་ཀྱི་སྣེ་མོ་ན་སྒྲེང་བའི་སྟོད་ཀྱི་མཆོད་རྟེན་དཀར་བོ་དེའང།
ད་ལྟ་གཟི་ཉམས་ཉམས་འདུག
ད་ལྟ་འགུལ་རྒྱུ་མི་འདུག
ངའི་མདུན་ཅོག་གི་སྒྲོན་མེ་དང་འདྲ་བའི་སེམས་པ་འདི།
ཕྱིར་ཁྱེར་ཤོག་དང་།
ང་ལ་དེ་ལས་ལྷག་པའི་འབྲི་རྒྱུ་ཞིག་ཡོད་ཀི
སེམས་པ་འདི་འགུལ་ཙམ་འགུལ་ཙམ་གྱིས།
མིག་གི་སྟོང་ཆེན་པོ་ན་འཚོ་བའི་ཤོག་བུ་འདིའི་སྟེང་གི་ཡིག་རིགས་འདི་དག་ཡང་།
ཤོག་བུ་འདི་བཙོག་བཟོ་བྱེད་མཁན་གྱི་རྒྱུ་ཡིན་ལ
ཤོག་བུ་འདི་གཏོར་བརླག་གཏོང་མཁན་གྱི་གཞི་ཡིན།
མ་གཞི་ནས་རང་ཉིད་ལ་རློམ་རྒྱུ་མི་འདུག
ཤོག་བུ་ནི་རྒྱ་ཆེན་པོའི་ཁོར་ཡུག་ཡིན་ལ
རང་ཉིད་ནི་རྐང་རྩེད་སྤོ་ལོ་རྒྱག་མཁན་དེ་ཡིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།