སྙིང་གི་དམར་དམར་བོ་བཤད་ན།

 

བརྩེ་བའི་སེམས་པ་རྡོ་ལ་བརྒྱབས་ཀྱང་རྡོ་བ་འདི་ཡིས་མི་འཐོར་གི །
དུང་བའི་སྙིང་གཏམ་རླུང་ལ་བསྐུར་ཡང་རླུང་བུ་འདི་ཡིས་མི་ཐེགས་གི །
དགའ་བའི་དམ་བཅའ་ཆུ་ཡིས་བཀྲུས་ཀྱང་ཆུ་མོ་འདི་ཡིས་མི་བསུབ་གི །
སྐྱོ་བའི་ཨ་ཐང་ཆད་ཀྱང་ཁྱོད་རང་དྲན་པའི་གདུང་བས་ཇེ་གནོན་རེད།།
 
མི་ལོ་གཉིས་ནི་ཅང་ཤེས་རྟ་ཕོ་ཐུན་གཅིག་རྒྱུགས་པའི་དུས་ཡུན་ཙམ།།
སེམས་ཀྱི་ཕྱི་ནང་དམར་རྗེན་ཕུད་ནས་ཁྱེད་ལ་དུང་བའི་མགྲོན་བྱས་ཀྱང་།།
ལས་ཀྱི་རླུང་རྟ་མར་མར་བབ་པས་སེམས་ཀྱི་ཞིང་ཐང་འགྱུར་ནས་ཐལ།།
ཁྱོད་རང་ཕྱིར་ཕེབས་རེ་སྒུག་བྱས་ཀྱང་རེ་བའི་མྱུ་གུ་ཆག་ནས་ཐལ།།
 
ཕ་མས་གསུངས་ན་འཇིག་རྟེན་བྱ་དངོས་ཡོད་ཚད་འདུས་བྱའི་རང་བཞིན་ཟེར།།
གྲོགས་པོས་བརྗོད་ན་བུ་མོའི་བློ་ཁ་མི་རྟག་དགུང་གི་འཇའ་ཚོན་ཟེར།།
དེ་དག་བདེན་པའི་གདམ་ངག་ཡིན་པས་འཐད་པའི་བརྡ་ཞིག་བསྟན་མོད་ཀྱང་།།
སེམས་ཀྱི་གཏིང་བ་འདི་ན་ཁྱོད་ཀྱིས་རྨས་པའི་ན་ཟུག་ཇེ་ཆེ་རེད།།
                                                             2010.10.27  ཉིན །
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙིང་གི་དམར་དམར་བོ་བཤད་ན།

2010-11-12 སྨག་འཇོམས། ཀློག་གྲངས། མཆན ཡོད།

 

བརྩེ་བའི་སེམས་པ་རྡོ་ལ་བརྒྱབས་ཀྱང་རྡོ་བ་འདི་ཡིས་མི་འཐོར་གི །
དུང་བའི་སྙིང་གཏམ་རླུང་ལ་བསྐུར་ཡང་རླུང་བུ་འདི་ཡིས་མི་ཐེགས་གི །
དགའ་བའི་དམ་བཅའ་ཆུ་ཡིས་བཀྲུས་ཀྱང་ཆུ་མོ་འདི་ཡིས་མི་བསུབ་གི །
སྐྱོ་བའི་ཨ་ཐང་ཆད་ཀྱང་ཁྱོད་རང་དྲན་པའི་གདུང་བས་ཇེ་གནོན་རེད།།
 
མི་ལོ་གཉིས་ནི་ཅང་ཤེས་རྟ་ཕོ་ཐུན་གཅིག་རྒྱུགས་པའི་དུས་ཡུན་ཙམ།།
སེམས་ཀྱི་ཕྱི་ནང་དམར་རྗེན་ཕུད་ནས་ཁྱེད་ལ་དུང་བའི་མགྲོན་བྱས་ཀྱང་།།
ལས་ཀྱི་རླུང་རྟ་མར་མར་བབ་པས་སེམས་ཀྱི་ཞིང་ཐང་འགྱུར་ནས་ཐལ།།
ཁྱོད་རང་ཕྱིར་ཕེབས་རེ་སྒུག་བྱས་ཀྱང་རེ་བའི་མྱུ་གུ་ཆག་ནས་ཐལ།།
 
ཕ་མས་གསུངས་ན་འཇིག་རྟེན་བྱ་དངོས་ཡོད་ཚད་འདུས་བྱའི་རང་བཞིན་ཟེར།།
གྲོགས་པོས་བརྗོད་ན་བུ་མོའི་བློ་ཁ་མི་རྟག་དགུང་གི་འཇའ་ཚོན་ཟེར།།
དེ་དག་བདེན་པའི་གདམ་ངག་ཡིན་པས་འཐད་པའི་བརྡ་ཞིག་བསྟན་མོད་ཀྱང་།།
སེམས་ཀྱི་གཏིང་བ་འདི་ན་ཁྱོད་ཀྱིས་རྨས་པའི་ན་ཟུག་ཇེ་ཆེ་རེད།།
                                                             2010.10.27  ཉིན །
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།