སྙན་ངག་ཐུང་ངུ་ཚན་པ་དྲུག

        
      ང་ལ་ཅི་ཡང་མེད་ཀྱང་།

ང་ལ་ཅི་ཡང་མེད་ཀྱང
ང་ཁྱོད་ཀྱི་ཞོན་རྟ་ལྟ་བུའི
རླངས་འཁོར་རྫིག་པོ་སྐོར་མཁན་གྱི་མི་སྣ་ཕྱུག་པོ་དེ་ཚོ་བྱེད་མི་འདོད
 
        ཁེར་རྐྱང་།
 
རི་ཚོགས་ཀྱིས་ཀྱང་མུན་པའི་སྔས་ལ་མགོ་བོ་བཞག་ནས་གཉིད་དུ་ཡུར་སོང
ཁྱི་སྐད་ཐར་ཐོར་དེ་ཡང་གནམ་སའི་མཚམས་ནས་རབ་རིབ་གྱུར་སོང
ང་ཁོ་ན་ཟླ་བའི་ཁ་གཏད་དུ་ནམ་གུང་གི་མཆོད་མེ་ཞིག་ལྟར་འབར་གྱིན་འདུག
 
        ཁྱོད་གང་ན་ཡོད།
 
ཁྱོད་རྒྱ་མཚོའི་གཏིང་ལ་ལྷུང་སོང་བ་ཡིན་ནམ
ཁྱོད་གོ་ལ་གཞན་ལ་འཕུར་སོང་བ་ཡིན
ད་ལྟ་ཁྱོད་ཀྱི་ཁ་པར་ཨང་གྲངས་དེའི་བདག་པོ་ཆ་མེད་ཅིག་རེད
ད་ལྟ་ཁྱོད་ཀྱི་གླེང་མོལ་ཨང་གྲངས་དེ་ཡང་ཡུགས་སར་ལུས་འདུག
 
       གྲོང་ཁྱེར་ཉུལ་བའི་འབྲོག་པ་ཞིག་ལ་ཕུལ་བ།
 
གྲོང་ཁྱེར་འདིའི་ལམ་བུ་མང་བོ་ཐེ་ཚོམ་དང་མཚར་སྣང་གིས་བརྒལ་ནས
གྲོང་ཁྱེར་འདིའི་ཅ་ལག་དུ་མ་མཆུ་བརྡ་དང་ལག་བརྡ་ཡིས་ཉོས་རྗེས
གྲོང་ཁྱེར་འདིའི་མཚན་མོའི་གློག་སྒྲོན་གཡོ་འཛུམ་གྱིས་འཕྲོས་ཡོང་བ་དང་མཉམ་དུ
ཁྱོད་ཀྱང་གྲོང་ཁྱེར་འདིའི་རིན་གོང་དམའ་བའི་མགྲོན་ཁང་ཞིག་ལ་བསྡད་ཟིན་པས
ངའི་སེམས་པ་ཡང་བདེ་ལ་བབས་སོང
 
      ངའི་ལག་པ་འདི་ཆུང་དྲགས་སོང་།
 
རླུང་བུ་གདུག་རྩུབ་ཀྱིས་གཡུག་ཡོང་དུས
ངའི་ལག་པ་འདི་ཆུང་དྲག་སོང
རང་གི་མཚན་སྨག་སེལ་བྱེད་ཀྱི་མཆོད་མེ་འདི་ཡང་འགེབས་མི་ཐུབ་ལ
རང་གི་སེམས་པ་གསོ་བྱེད་ཀྱི་སྨྱུ་གུ་འདི་ཡང་སྒུལ་མི་ཐུབ
 
        ངས་སྙན་ངག་འབྲི་དོན།

ངས་སྙན་ངག་འབྲི་དོན
ང་ཡི་མིག་ཆུ་ཕྱི་བྱེད་དུ་རུང་བ་སྙན་ངག་ལས་མེད་པས་ཡིན
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་ཐུང་ངུ་ཚན་པ་དྲུག

2010-11-12 ཆང་དམ། ཀློག་གྲངས། མཆན ཡོད།

        
      ང་ལ་ཅི་ཡང་མེད་ཀྱང་།

ང་ལ་ཅི་ཡང་མེད་ཀྱང
ང་ཁྱོད་ཀྱི་ཞོན་རྟ་ལྟ་བུའི
རླངས་འཁོར་རྫིག་པོ་སྐོར་མཁན་གྱི་མི་སྣ་ཕྱུག་པོ་དེ་ཚོ་བྱེད་མི་འདོད
 
        ཁེར་རྐྱང་།
 
རི་ཚོགས་ཀྱིས་ཀྱང་མུན་པའི་སྔས་ལ་མགོ་བོ་བཞག་ནས་གཉིད་དུ་ཡུར་སོང
ཁྱི་སྐད་ཐར་ཐོར་དེ་ཡང་གནམ་སའི་མཚམས་ནས་རབ་རིབ་གྱུར་སོང
ང་ཁོ་ན་ཟླ་བའི་ཁ་གཏད་དུ་ནམ་གུང་གི་མཆོད་མེ་ཞིག་ལྟར་འབར་གྱིན་འདུག
 
        ཁྱོད་གང་ན་ཡོད།
 
ཁྱོད་རྒྱ་མཚོའི་གཏིང་ལ་ལྷུང་སོང་བ་ཡིན་ནམ
ཁྱོད་གོ་ལ་གཞན་ལ་འཕུར་སོང་བ་ཡིན
ད་ལྟ་ཁྱོད་ཀྱི་ཁ་པར་ཨང་གྲངས་དེའི་བདག་པོ་ཆ་མེད་ཅིག་རེད
ད་ལྟ་ཁྱོད་ཀྱི་གླེང་མོལ་ཨང་གྲངས་དེ་ཡང་ཡུགས་སར་ལུས་འདུག
 
       གྲོང་ཁྱེར་ཉུལ་བའི་འབྲོག་པ་ཞིག་ལ་ཕུལ་བ།
 
གྲོང་ཁྱེར་འདིའི་ལམ་བུ་མང་བོ་ཐེ་ཚོམ་དང་མཚར་སྣང་གིས་བརྒལ་ནས
གྲོང་ཁྱེར་འདིའི་ཅ་ལག་དུ་མ་མཆུ་བརྡ་དང་ལག་བརྡ་ཡིས་ཉོས་རྗེས
གྲོང་ཁྱེར་འདིའི་མཚན་མོའི་གློག་སྒྲོན་གཡོ་འཛུམ་གྱིས་འཕྲོས་ཡོང་བ་དང་མཉམ་དུ
ཁྱོད་ཀྱང་གྲོང་ཁྱེར་འདིའི་རིན་གོང་དམའ་བའི་མགྲོན་ཁང་ཞིག་ལ་བསྡད་ཟིན་པས
ངའི་སེམས་པ་ཡང་བདེ་ལ་བབས་སོང
 
      ངའི་ལག་པ་འདི་ཆུང་དྲགས་སོང་།
 
རླུང་བུ་གདུག་རྩུབ་ཀྱིས་གཡུག་ཡོང་དུས
ངའི་ལག་པ་འདི་ཆུང་དྲག་སོང
རང་གི་མཚན་སྨག་སེལ་བྱེད་ཀྱི་མཆོད་མེ་འདི་ཡང་འགེབས་མི་ཐུབ་ལ
རང་གི་སེམས་པ་གསོ་བྱེད་ཀྱི་སྨྱུ་གུ་འདི་ཡང་སྒུལ་མི་ཐུབ
 
        ངས་སྙན་ངག་འབྲི་དོན།

ངས་སྙན་ངག་འབྲི་དོན
ང་ཡི་མིག་ཆུ་ཕྱི་བྱེད་དུ་རུང་བ་སྙན་ངག་ལས་མེད་པས་ཡིན
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།