སྙན་ངག་གསར་བ།


གསེར་གྱི་ཉ་མོ་བཞི་
ལྷོག་ལྷོག་འཁོལ་བའི་དངུལ་ཆུའི་ནང་ན་
རྐྱལ་རྩལ་ངོམ
དུས་ཚིགས་བཞི་
འཁོར་ལོ་ཅན་གྱི་ཤིང་རྟ་ལ་བསྡད་ནས
བུད་མེད་ཅིག་གི་སྒོ་ཁར་སླེབས
 
སྡེ་བའི་མཐའ་ན
སྡོང་ལོ་ཡིས་སྡོང་ལོ་བསྐོར
བརྩེ་དུང་གིས་ཅི་ལ་
ལྐུགས་པའི་བརྟུལ་ཞུགས་འཛིན
གྲིབ་མ་དང་གྲིབ་མ་འཛིང་
དགྲ་ལྷ་ཞིག་རླུང་ལྟར་མྱུར
དགྲ་ལྷ་ཞིག་རླུང་ལྟར་མྱུལ
 
ཟླ་འོད་ཀྱི་ནགས་ཚལ་ན
དུག་སྦྲུལ་རྣམས་ཁེངས་སྐྱུང་གིས་ནུར
སྨུག་པ་ལང་ལོང་
གང་བུ་དང་མྱོས་བུམ་གཉིས
བུད་མེད་ཀྱི་རྒྱན་དུ་གྱུར
 
བདག་མེད་ཀྱི་སྐྲ་ལོ་དེ་ཨང་
 
མེ་ལྕེ་དང་མུན་ནག་མ་འདྲེས
སྐར་མདའ་དང་རྨི་ལྟས་མ་འདྲེས
ཆུ་ཁར་འཁོར་བའི་དབུ་བའི་ལོགས་སུ
ཁྱོད་ཀྱི་རྐང་གདུབ་སིལ་སིལ
ཁྱོད་ཀྱི་མིག་གོང་སོབ་སོབ
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་གསར་བ།

2010-11-09 ངལ་རྫི། ཀློག་གྲངས། མཆན ཡོད།


གསེར་གྱི་ཉ་མོ་བཞི་
ལྷོག་ལྷོག་འཁོལ་བའི་དངུལ་ཆུའི་ནང་ན་
རྐྱལ་རྩལ་ངོམ
དུས་ཚིགས་བཞི་
འཁོར་ལོ་ཅན་གྱི་ཤིང་རྟ་ལ་བསྡད་ནས
བུད་མེད་ཅིག་གི་སྒོ་ཁར་སླེབས
 
སྡེ་བའི་མཐའ་ན
སྡོང་ལོ་ཡིས་སྡོང་ལོ་བསྐོར
བརྩེ་དུང་གིས་ཅི་ལ་
ལྐུགས་པའི་བརྟུལ་ཞུགས་འཛིན
གྲིབ་མ་དང་གྲིབ་མ་འཛིང་
དགྲ་ལྷ་ཞིག་རླུང་ལྟར་མྱུར
དགྲ་ལྷ་ཞིག་རླུང་ལྟར་མྱུལ
 
ཟླ་འོད་ཀྱི་ནགས་ཚལ་ན
དུག་སྦྲུལ་རྣམས་ཁེངས་སྐྱུང་གིས་ནུར
སྨུག་པ་ལང་ལོང་
གང་བུ་དང་མྱོས་བུམ་གཉིས
བུད་མེད་ཀྱི་རྒྱན་དུ་གྱུར
 
བདག་མེད་ཀྱི་སྐྲ་ལོ་དེ་ཨང་
 
མེ་ལྕེ་དང་མུན་ནག་མ་འདྲེས
སྐར་མདའ་དང་རྨི་ལྟས་མ་འདྲེས
ཆུ་ཁར་འཁོར་བའི་དབུ་བའི་ལོགས་སུ
ཁྱོད་ཀྱི་རྐང་གདུབ་སིལ་སིལ
ཁྱོད་ཀྱི་མིག་གོང་སོབ་སོབ
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།