ཟླ་བ་ནོར་བུ་དང་བུ་མོ་སྐོར་ཞིག

རྒོད་རྒྱལ་བློ་ཕུན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-11-09

 

ཟླ་བ་ནོར་བུ་སྔ་མོ་ནས་བུ་མོ་སྐོར་ཞིག་དང་ཁྲག་འདྲེས་རྣག་འདྲེས་བྱས་ཟིན
ཟླ་བ་ནོར་བུ་སྔ་མོ་ནས་བུ་མོ་སྐོར་ཞིག་དང་ཁ་མཆུ་མང་པོ་བྱུང་ཟིན
ཟླ་བ་ནོར་བུ     བུ་མོ་སྐོར་ཞིག
བུ་མོ་སྐོར་ཞིག    ཟླ་བ་ནོར་བུ

བུ་མོས་ཟླ་བ་ནོར་བུ་གཉིད་ལས་བསླངས་ངེས་ལ
ཟླ་བ་ནོར་བུས་བུ་མོའི་གཉིད་ལམ་དཀྲོགས་ངེས

ཟླ་བ་ནོར་བུ        བུ་མོ་སྐོར་ཞིག་དང་ཁྱི་རྒྱུག་རྒྱུག་ངང་འདུར་འགྲོ
བུ་མོ་སྐོར་ཞིག    ཟླ་བ་ནོར་བུར་ཤི་འཐམ་རོ་འཐམ་བྱས་ཟིན

ཟླ་བ་ནོར་བུ་དང་བུ་མོ་སྐོར་ཞིག
བུ་མོས་ཟླ་བ་ནོར་བུའི་སྙིང་ལ་བཙག་ཤེད་རྒྱག་ཐུབ་ལ
ཟླ་བ་ནོར་བུས་བུ་མོའི་ལང་ཚོར་བསྐྱུར་ཆུ་གཏོར་ཐུབ
                                 1999.8.12
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟླ་བ་ནོར་བུ་དང་བུ་མོ་སྐོར་ཞིག

2010-11-09 རྒོད་རྒྱལ་བློ་ཕུན། ཀློག་གྲངས། མཆན ཡོད།

 

ཟླ་བ་ནོར་བུ་སྔ་མོ་ནས་བུ་མོ་སྐོར་ཞིག་དང་ཁྲག་འདྲེས་རྣག་འདྲེས་བྱས་ཟིན
ཟླ་བ་ནོར་བུ་སྔ་མོ་ནས་བུ་མོ་སྐོར་ཞིག་དང་ཁ་མཆུ་མང་པོ་བྱུང་ཟིན
ཟླ་བ་ནོར་བུ     བུ་མོ་སྐོར་ཞིག
བུ་མོ་སྐོར་ཞིག    ཟླ་བ་ནོར་བུ

བུ་མོས་ཟླ་བ་ནོར་བུ་གཉིད་ལས་བསླངས་ངེས་ལ
ཟླ་བ་ནོར་བུས་བུ་མོའི་གཉིད་ལམ་དཀྲོགས་ངེས

ཟླ་བ་ནོར་བུ        བུ་མོ་སྐོར་ཞིག་དང་ཁྱི་རྒྱུག་རྒྱུག་ངང་འདུར་འགྲོ
བུ་མོ་སྐོར་ཞིག    ཟླ་བ་ནོར་བུར་ཤི་འཐམ་རོ་འཐམ་བྱས་ཟིན

ཟླ་བ་ནོར་བུ་དང་བུ་མོ་སྐོར་ཞིག
བུ་མོས་ཟླ་བ་ནོར་བུའི་སྙིང་ལ་བཙག་ཤེད་རྒྱག་ཐུབ་ལ
ཟླ་བ་ནོར་བུས་བུ་མོའི་ལང་ཚོར་བསྐྱུར་ཆུ་གཏོར་ཐུབ
                                 1999.8.12
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།