ཡབ་ཆེན་དྲན་གླུ།

ཆུ་སྐྱེས་སྒྲོལ་མ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-11-04

འདི་ནས་གངས་རིས་བསྐོར་བའི་རི་རྒྱབ་ཏུ་བཞུགས་པའི།།
བཀའ་དྲིན་གཞལ་ཟླ་བྲལ་བའི་བརྩེ་ལྡན་གྱི་ཡབ་ཆེན།།
དྲན་གདུང་ཡིད་ཀྱི་རླབས་ཕྲེང་མིག་ཟུར་ནས་བརྡོལ་ཏེ།།
བཞུར་བའི་མཆི་མ་གང་གཱའི་བཞུར་རྒྱུན་དང་འདྲེས་སོང༌།།
 
ཐུན་གསུམ་རྨི་ལམ་ཡུལ་ནས་ཡབ་ཆེན་ཁྱེད་མཇལ་ཏེ།།
སྐད་ཅིག་ལྷན་འཛོམས་བདེ་སྐྱིད་དགོད་སྒྲ་ལ་རོལ་དུས།།
སྐྱ་རེངས་བུ་མོས་དུས་ཀྱི་ཡོལ་བ་དེ་བསངས་ནས།།
མལ་ལས་དཀྲོགས་པ་རང་སེམས་སྡུག་བསྔལ་གྱི་གཞི་མ།།
 
ངེས་མེད་ཕྱོགས་མཐའ་འགྲུམས་པའི་སྤྲ་འཁྱམས་ཀྱི་སྡོམ་མོར།།
ཁོ་བོའི་གཅེས་ཕྲུག་ཅེས་འབོད་སྒོར་མོ་སོགས་འབྱོར་དུས།།
ཡབ་ཀྱི་རྔུལ་ཐིགས་འཕྱི་བའི་སྐུ་ངལ་དེ་དྲན་ནས།།
དམར་ཆུང་སྙིང་གི་དུམ་དུ་གས་ལ་ཁད་བྱས་བྱུང༌།།
 
གཙུག་ལག་ཀུན་དགའ་ར་བའི་བདེ་ལྡན་གྱི་ཞིང་ན།།
རྒན་རྒོན་ཚོགས་ཀྱི་ཕྱག་དང་སྐོར་བ་ལ་འབད་དུས།།
སྐུ་ལུས་ཐལ་བས་ཁེབས་པའི་བརྩེ་ལྡན་གྱི་ཡབ་ཆེན།།
དཀའ་ཚེགས་བརྒྱ་སྟོང་བསྐྱོན་པའི་ངང་ཚུལ་དེ་དྲན་བྱུང༌།།
 
བརྒྱ་ཚོགས་ཁྲི་འདུས་ཁྲོམ་གྱི་འདུ་ལོང་གི་ཁྲོད་ན།།
སྐལ་ལྡན་ཕྲུ་གུ་རང་རང་ཡབ་ཡུམ་དང་འགྲོགས་ཏེ།།
དགའ་སྐྱིད་སེམས་ཀྱི་གོམ་པ་མཁའ་དབྱིངས་ལ་བཀོད་དུས།།
ཉམ་ཆུང་ང་རང་གདུང་བ་ཉིས་བརྩེགས་ཀྱིས་མནན་བྱུང༌།།
 
གནག་སྣུམ་སྐྲ་ལོ་མཛེས་པའི་བྱམས་ལྡན་གྱི་ཡབ་ཆེན།།
དཀར་གསལ་ཞལ་རས་དུས་ཀྱི་རླབས་རིས་ཀྱིས་འཕྲོགས་ཏེ།།
རྒས་ཚུལ་ཁ་བའི་མེ་ཏོག་དབུ་རྩེ་ལ་བཞད་དུས།།
ལོ་ཟླས་རིམ་གྱིས་བཅོམ་པའི་ཞལ་རས་དེ་དྲན་བྱུང༌།།
 
ཨ་སྔོན་དབྱིངས་ན་ཚེས་པའི་ཟླ་བ་དེ་མཐོང་དུས།།
བཀའ་དྲིན་གཞལ་ཟླ་བྲལ་བའི་དྲིན་ཅན་གྱི་ཡབ་ཆེན།།
འཛུམ་འཚེར་དཀར་གསལ་ཞལ་དཀྱིལ་དུང་མདོག་གི་ཟླ་བས།།
བདག་གི་མིག་ཟུང་མཆི་མའི་རླབས་ཕྲན་གྱིས་བསྒྲིབས་སོང༌།།
 
འགྲམ་པའི་ཀུ་ཤུ་སྙིམ་པའི་སྡོང་ལོ་ཡིས་བཏེགས་ནས།།
བརྩེ་ལྡན་དྲིན་གྱིས་བསྐྱངས་པའི་ལོ་ཟླ་ཡི་བྱུང་བ།།
དེ་རིང་རྗེས་དྲན་ཤེལ་གྱི་རི་མོ་རུ་འཆར་བས།།
དྲན་གདུང་སེམས་པ་མིག་ཆུའི་རྒྱུན་ཐག་ལས་འཐོར་སོང༌།།
 
མཉམ་འཛོམས་ཕ་བུའི་ཕྱོགས་ལ་འགྲམ་ཆུ་རེ་ལྡང་ནས།།
ཞིམ་པོའི་ཟས་སྣ་བཤམས་ཀྱང་རོ་བཅུད་དེ་མི་འདུག།
འཇམ་པོའི་མལ་གྱི་སྣང་བ་ཚེར་མ་ལས་རྩུབ་ཁར།།
སེམས་ཁོང་སྨུག་པས་བཏུམས་པ་སངས་ཐབས་རང་མི་འདུག།
 
དབྱར་གསུམ་ནེམ་ལོ་རྒྱས་པའི་སྤང་ལྗོངས་ཀྱི་གཞི་ལ།།
མ་མོ་ལུ་གུར་འདྲེས་ནས་དགའ་མཆོངས་ལ་རོལ་དུས།།
བརྗིད་ཉམས་ཁྱེད་ཀྱི་ལུས་པོའི་ཁྲི་ཤིང་ལ་བརྙེས་ནས།།
བར་སྐོར་སྲང་ལམ་བསྐོར་བ་ཡང་ཡང་རང་དྲན་བྱུང༌།།
 
དགུན་གསུམ་ལྷགས་རླུང་དང་བསྡེབས་ས་འཛིན་གྱི་ཁྱོན་ལ།།
ཁ་བ་ལོ་མས་གྲུབ་པའི་གོས་དཀར་དེ་བཀླུབས་དུས།།
དྲོན་པོའི་གོས་རིགས་སྣ་ཚོགས་ང་རང་ལ་བསྐོན་ཏེ།།
གྲང་བའི་ཀློང་ལས་སྐྱོབ་པའི་བྱམས་བརྩེ་དེ་དྲན་བྱུང༌།།
 
སྟོན་གསུམ་འབྲུ་རིགས་སྨིན་པའི་ཞིང་ཁ་ཡི་དཀྱིལ་ལ།།
རྔུལ་ཆུས་བརླན་ཞིང་བརླན་པའི་དཀའ་ངལ་ཞིག་མྱོང་ཡང༌།།
ང་ཡི་སྙིང་ནོར་ཞེས་འབོད་ཞིང་འཛུམ་དཀར་གྱིས་བསུས་ནས།།
ཟས་ཀྱི་དང་པོ་སྦྱིན་པའི་བཀའ་དྲིན་དེ་དྲན་བྱུང༌།།
 
དཔྱིད་གསུམ་མེ་ཏོག་བཞད་པའི་སྐྱེད་ཚལ་གྱི་གཞི་ལ།།
ཁུ་བྱུག་གསུང་དབྱངས་སྒྲོགས་པའི་དགའ་སྟོན་དེ་ཤར་དུས།།
བྱམས་ལྡན་ཡབ་ཆེན་མཚན་ནས་ལན་བརྒྱ་རུ་བོས་ཀྱང༌།།
སྙན་པོའི་གསུང་ལན་མེད་པས་སེམས་པ་རང་སྐྱོ་བྱུང༌།།
 
སྣ་ལྔ་རིག་པའི་གཞུང་ལ་ཚེགས་མེད་གྱིས་འཇུག་པར།།
སྣ་ཚོགས་ཆ་རྐྱེན་བསྐྲུན་པའི་ཡབ་ཆེར་གྱི་བཀའ་དྲིན།།
སྣ་ཚོགས་ཡུལ་གྲུ་འགྲིམ་པའི་སྡོམ་མོ་ཡིད་ཁར།།
སྣ་ཚོགས་རི་མོར་སྣང་བ་བསུབ་ཐབས་རང་མི་འདུག།
 
རིང་ནས་བརྣག་པ་ནམ་མཁའི་ལྷ་མོ་ཡི་འཁོར་ཚོགས།།
གྱེས་བྲལ་གདུང་བ་རིང་མོར་སྙིང་རྗེ་རང་སྒོམ་ནས།།
མི་རིང་མཇལ་འཕྲད་ཡོང་བའི་ཉི་གཞོན་གྱི་འོད་སྣང༌།།
རེ་བའི་མཁའ་ལ་འཆར་བ་ཐུགས་རྗེ་རང་གཟིགས་རོགས།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡབ་ཆེན་དྲན་གླུ།

2010-11-04 ཆུ་སྐྱེས་སྒྲོལ་མ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།