བོད་མིའི་བླང་དོར།

ཨ་རིག་དགེ་མཐོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-11-02


སྲོལ་རྒྱུན་སྲོལ་རྒྱུན་ཟེར་ནས་དོན་མེད་མཁྲེགས་འཛིན་མ་བྱེད།།
དེང་དུས་དེང་དུས་ཟེར་ནས་ཀུན་ལ་གཏོར་བཤིག་མ་གཏོང་།།
ཤེས་ཡོན་ཤེས་ཡོན་ཟེར་ན་གནའ་དེང་ཟུང་འབྲེལ་བྱེད་དགོས།།
ཡར་རྒྱས་ཡར་རྒྱས་ཟེར་ན་འདི་ལས་ལྷག་ཅིག་ཅི་ཡོད།།
 
བླ་མ་བླ་མ་ཟེར་ན་བྱམས་དང་སྙིང་རྗེ་མངའ་དགོས།།
གྲྭ་བ་གྲྭ་བ་ཟེར་ན་སྡོམ་ཁྲིམས་གཙང་མ་ལྡན་དགོས།།
མཁས་པ་མཁས་པ་ཟེར་ན་ཤེས་བྱ་ཐམས་ཅད་ཤེས་དགོས།།
དགེ་རྒན་དགེ་རྒན་ཟེར་ན་ལྷག་བསམ་ཅན་ཞིག་ཡིན་དགོས།།
 
མི་རིགས་མི་རིགས་ཟེར་ན་རུས་རྒྱུད་གཅིག་ལ་གོ་དགོས།།
མཐུན་སྒྲིལ་མཐུན་སྒྲིལ་ཟེར་ན་རྡོག་རྩ་གཅིག་སྒྲིལ་ཡིན་དགོས།།
སྐད་ཡིག་སྐད་ཡིག་ཟེར་ན་ཕ་སྐད་གཙང་མ་གོ་དགོས།།
རྒྱལ་ཁབ་རྒྱལ་ཁབ་ཟེར་ན་སྐད་དང་ཡི་གེ་ཐུག་ཡོད།།
 
ཞི་བདེ་ཞི་བདེ་ཟེར་ནས་གཞན་གྱི་ཚེ་སྲོག་མ་གཅོད།།
ལ་རྒྱ་ལ་རྒྱ་ཟེར་ནས་ཚེ་སྲོག་རླུང་ལ་མ་བསྐུར།།
འཕྲོད་བསྟེན་འཕྲོད་བསྟེན་ཟེར་བཞིན་ཁོར་ཡུག་བཙོག་པ་མ་བཟོ།།
མ་འོངས་མ་འོངས་ཟེར་ནས་དོན་མེད་དུས་ཚོད་མ་གཏོང་།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་མིའི་བླང་དོར།

2010-11-02 ཨ་རིག་དགེ་མཐོང་། ཀློག་གྲངས། མཆན ཡོད།


སྲོལ་རྒྱུན་སྲོལ་རྒྱུན་ཟེར་ནས་དོན་མེད་མཁྲེགས་འཛིན་མ་བྱེད།།
དེང་དུས་དེང་དུས་ཟེར་ནས་ཀུན་ལ་གཏོར་བཤིག་མ་གཏོང་།།
ཤེས་ཡོན་ཤེས་ཡོན་ཟེར་ན་གནའ་དེང་ཟུང་འབྲེལ་བྱེད་དགོས།།
ཡར་རྒྱས་ཡར་རྒྱས་ཟེར་ན་འདི་ལས་ལྷག་ཅིག་ཅི་ཡོད།།
 
བླ་མ་བླ་མ་ཟེར་ན་བྱམས་དང་སྙིང་རྗེ་མངའ་དགོས།།
གྲྭ་བ་གྲྭ་བ་ཟེར་ན་སྡོམ་ཁྲིམས་གཙང་མ་ལྡན་དགོས།།
མཁས་པ་མཁས་པ་ཟེར་ན་ཤེས་བྱ་ཐམས་ཅད་ཤེས་དགོས།།
དགེ་རྒན་དགེ་རྒན་ཟེར་ན་ལྷག་བསམ་ཅན་ཞིག་ཡིན་དགོས།།
 
མི་རིགས་མི་རིགས་ཟེར་ན་རུས་རྒྱུད་གཅིག་ལ་གོ་དགོས།།
མཐུན་སྒྲིལ་མཐུན་སྒྲིལ་ཟེར་ན་རྡོག་རྩ་གཅིག་སྒྲིལ་ཡིན་དགོས།།
སྐད་ཡིག་སྐད་ཡིག་ཟེར་ན་ཕ་སྐད་གཙང་མ་གོ་དགོས།།
རྒྱལ་ཁབ་རྒྱལ་ཁབ་ཟེར་ན་སྐད་དང་ཡི་གེ་ཐུག་ཡོད།།
 
ཞི་བདེ་ཞི་བདེ་ཟེར་ནས་གཞན་གྱི་ཚེ་སྲོག་མ་གཅོད།།
ལ་རྒྱ་ལ་རྒྱ་ཟེར་ནས་ཚེ་སྲོག་རླུང་ལ་མ་བསྐུར།།
འཕྲོད་བསྟེན་འཕྲོད་བསྟེན་ཟེར་བཞིན་ཁོར་ཡུག་བཙོག་པ་མ་བཟོ།།
མ་འོངས་མ་འོངས་ཟེར་ནས་དོན་མེད་དུས་ཚོད་མ་གཏོང་།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།