སེམས་ངལ་ཞིག

 

དགུན་ཟླ་འདིར།
ལྷགས་རླུང་གིས་དེད་པའི་ལོ་མ་དག
གང་སར་འཕུར་གྱིན་པ་མཐོང་ན།
ན་ཟུག་གི་འཁུན་སྒྲ་དུ་མའི་བར་ནས།
ངའི་གཉོམ་དུང་དུང་གི་ཕ་ཡུལ་འདི་ཡང་།
རླུང་ཁ་ན་རྒྱུ་བའི་ལོ་མ་ལེབ་མོ་གཅིག་ཏུ་སེམས་ནས།
མགྲིན་པ་འདི་གཟེངས་སུ་བཏེགས་ཏེ།
དཔའ་སྤོབས་སྤོབས་ཀྱིས་གླུ་ཞིག་ལེན་འདོད་ཀྱང་།
སྨྲ་སྒོར་བརྒྱབ་པའི་ཟྭ་ཆེན་དེའི་ལྗིད་ཤུགས་ལས།
མྱི་བུ་ཞིག་གི་སྒལ་ཚིགས་དེ་རིང་དུ་གྱེས་མ་ནུས།
                                           

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ངལ་ཞིག

2010-11-02 སྨག་འཇོམས། ཀློག་གྲངས། མཆན ཡོད།

 

དགུན་ཟླ་འདིར།
ལྷགས་རླུང་གིས་དེད་པའི་ལོ་མ་དག
གང་སར་འཕུར་གྱིན་པ་མཐོང་ན།
ན་ཟུག་གི་འཁུན་སྒྲ་དུ་མའི་བར་ནས།
ངའི་གཉོམ་དུང་དུང་གི་ཕ་ཡུལ་འདི་ཡང་།
རླུང་ཁ་ན་རྒྱུ་བའི་ལོ་མ་ལེབ་མོ་གཅིག་ཏུ་སེམས་ནས།
མགྲིན་པ་འདི་གཟེངས་སུ་བཏེགས་ཏེ།
དཔའ་སྤོབས་སྤོབས་ཀྱིས་གླུ་ཞིག་ལེན་འདོད་ཀྱང་།
སྨྲ་སྒོར་བརྒྱབ་པའི་ཟྭ་ཆེན་དེའི་ལྗིད་ཤུགས་ལས།
མྱི་བུ་ཞིག་གི་སྒལ་ཚིགས་དེ་རིང་དུ་གྱེས་མ་ནུས།
                                           

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།