ཉིན་ཞིག་ལ་ལྷ་ས་དྲན་བྱུང་།

 

གཡོ་དང་སྒྱུ་ལ་མཁས་པའི་མི་ཚོགས་ཀྱི་ཁྲོད་དུ
ངས་ཇོ་བོ་རིན་པོ་ཆེའི་མགོ་བོ་དུད་འདུག་པ་དྲན་བྱུང
ངས་ཉིན་མོ་འདི་ལ་བཀྲུས་ཤིང་འདགས་པར་དཀའ་བའི་ངོ་གདོང་ཞིག
ཡོད་པ་དྲན་སོང
སྤྱན་ལས་ལྷུང་བའི་མིག་ཆུའང་དྲན་བྱུང
དུག་སྦྲུལ་ལྟར་འཁྱུག་འདུག་པའི་ལྕགས་ལམ་འདི་སེམས་ན
ངས་ཁ་དོག་བོར་བའི་ལྷ་ས་དྲན་བྱུང
གསེར་རྩི་མཐུག་པོ་བྱུགས་པའི་ལྷ་ཚོགས་ཀྱི་བཞིན་རས་དྲན་བྱུང
ཁ་དོག་ནག་པོར་གྱུར་བའི་ལྷ་སའི་མང་ཚོགས་དྲན་བྱུང
གྱང་ལྡེབས་སུ་རི་མོ་སྣ་ཚོགས་བྲིས་འདུག
ཀེམ་ཀེམ་གཡོ་བའི་མིག་ཟུང་གྲངས་མེད་ཀྱིས་ཆགས་སྲེད་དང་ཚོང་རྫས་ཀྱི
འདོད་པ་གནས་འདིར་སྤུངས་ནས
རང་གི་སྐོམ་གདུང་སེལ་གྱིན་ཡོད
ཡིན་ནའང༌། ངའི་ལྷ་ས་ནི་སོས་དལ་བགས་ཕེབས་ངང་
ནང་མའི་སྤྲོ་སྐྱིད་ལ་རོལ་གྱིན་འདུག
                                 2006ལོའི་ཟླ12བའི་ཚེས27ཉིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉིན་ཞིག་ལ་ལྷ་ས་དྲན་བྱུང་།

2010-11-01 ནག་པོ། ཀློག་གྲངས། མཆན ཡོད།

 

གཡོ་དང་སྒྱུ་ལ་མཁས་པའི་མི་ཚོགས་ཀྱི་ཁྲོད་དུ
ངས་ཇོ་བོ་རིན་པོ་ཆེའི་མགོ་བོ་དུད་འདུག་པ་དྲན་བྱུང
ངས་ཉིན་མོ་འདི་ལ་བཀྲུས་ཤིང་འདགས་པར་དཀའ་བའི་ངོ་གདོང་ཞིག
ཡོད་པ་དྲན་སོང
སྤྱན་ལས་ལྷུང་བའི་མིག་ཆུའང་དྲན་བྱུང
དུག་སྦྲུལ་ལྟར་འཁྱུག་འདུག་པའི་ལྕགས་ལམ་འདི་སེམས་ན
ངས་ཁ་དོག་བོར་བའི་ལྷ་ས་དྲན་བྱུང
གསེར་རྩི་མཐུག་པོ་བྱུགས་པའི་ལྷ་ཚོགས་ཀྱི་བཞིན་རས་དྲན་བྱུང
ཁ་དོག་ནག་པོར་གྱུར་བའི་ལྷ་སའི་མང་ཚོགས་དྲན་བྱུང
གྱང་ལྡེབས་སུ་རི་མོ་སྣ་ཚོགས་བྲིས་འདུག
ཀེམ་ཀེམ་གཡོ་བའི་མིག་ཟུང་གྲངས་མེད་ཀྱིས་ཆགས་སྲེད་དང་ཚོང་རྫས་ཀྱི
འདོད་པ་གནས་འདིར་སྤུངས་ནས
རང་གི་སྐོམ་གདུང་སེལ་གྱིན་ཡོད
ཡིན་ནའང༌། ངའི་ལྷ་ས་ནི་སོས་དལ་བགས་ཕེབས་ངང་
ནང་མའི་སྤྲོ་སྐྱིད་ལ་རོལ་གྱིན་འདུག
                                 2006ལོའི་ཟླ12བའི་ཚེས27ཉིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།