བོན་པོ་རི་རྩེ།

                                     __ཕ་ཡུལ་གྱི་རི་བོ་ཞིག་མཐོང་རྗེས།
ས་ཆེན་གྱི་སྙིང་ཁར་གེ་རེར་འགྲེང་བའི་བོན་པོ་དབུ་རྩེ།
ཁེར་རྐྱང་གི་རལ་བ་ས་ལ་བརྡབས་པའི་ངར་ཤུགས་ཀྱིས།
བྱ་ཚོགས་ཀྱི་གཤོག་པ་མཉེན་མོ་ཡང་ཡང་འདར་བར་བྱས་ཤིང༌།
ཉི་འོད་ཀྱིས་བཀྲུས་པའི་ས་ཆེན་གྱི་བྲང་གཞུང་ཁེངས་པས་སྙེམས།
 
མུ་ཏིག་བཞིན་གྱི་དམུ་ཐག་མགུལ་བར་དཀྲིས་ཤིང༌།
སྤྲིན་དཀར་གྱི་དབུ་ཞྭ་མནབས་ཏེ།
ནམ་མཁའ་སྔོན་པོའི་མེ་ལོང་ལས།   སྨྲ་ར་ཤིག་ཤིག་གིས།
སྤང་དང་བྲག་རིའི་སྐྱིབས་སུ།   ཁྱེད་ཀྱིས།
ལུག་ཁྱུའི་འབབ་རྒྱུན་ལ་བརྩེ་བའི་ཆར་སྤྲིན་འབེབས་ཨང༌།
 
བོན་པོ་དབུ་རྩེ།   གནམ་སའི་སོ་མཚམས་ཕྱེ་བའི་མཐོངས་དབྱིངས་སུ།
གཡག་རོག་གི་གཏམ་རྒྱུད་དྲན་པའི་མིག་ཆུ་གདོང་ལ་འདྲུད་དུས།
སུ་རུའི་མེ་ཏོག་གིས་ཉམ་ཆུང་གི་མགོ་བོ་ལྕུག་ལྕུག་ལྡེམ་ཞིང༌།
བཞད་སྔ་བའི་མཚེར་ཤུལ་གྱི་སེར་ཆེན་མེ་ཏོག་གིས།
ཁྱེད་ལ་བརྩེ་བ་གཏད་པའི་འཛུམ་ཞལ་ལྷུག་ལྷུག་དགོད།
 
བོན་པོ་དབུ་རྩེ།  མི་མངོན་པའི་དབྱིངས་སུ།
ཁྱེད་རང༌།   སུ་ཞིག་གི་ལག་ཏུ་ཐོགས་པའི་ཕུར་བུ་ཡིན།
ཁྱེད་རང༌།   སུ་ཞིག་གི་སྲོག་ལ་བརྒྱུས་པའི་རྣམ་ཤེས་ཡིན།
 
ཡུལ་མི་ཚོས།  གཟབ་གཟབ་མེད་པར་མགོ་བོ་ཡར་དགྱེ་ཚེ།
ཀླད་པ་བྲག་ལ་རྒྱག་པའི་གནས་ལུགས་རྟོགས་སྲིད་ཀྱང༌།
ཁོ་ཚོས།  རི་རབ་དང་བྲག་རྡོ་རྒྱབ་ཏུ་བསྐྱུར་ནས།
རྣོ་ལྕགས་ཀྱི་ཕོར་བ་བཟེད་དེ།
ཁྱེད་ཀྱི་སྒོ་གླེགས་ཡང་ཡང་རྡུང་བར་བྱེད།
 
བོན་པོ་དབུ་རྩེ།  ཆུ་ཕྲན་གྱ་གྱུར་རྒྱུ་བའི་འགྲམ་ངོགས་སུ།
ཁྱེད་ལ་སྙིང་གཏམ་ཞུ་བ་ཁོ་བོ་གཅིག་པུ་མ་ཡིན་ཏེ།
སྲོད་ཁའི་ཉི་འོད་ཀྱིས་ཁྱེད་ལ་སེམས་པ་གླན་ཞིང༌།
རང་ཉིད་སྐྱོབ་པའི་མགོན་ཞིག་ལ།  རེ་ལྟོས་ཇི་འདྲའི་ཆེ་ཨང༌།
 
ཁོ་བོས།  སེམས་ཀྱི་སྒེའུ་ཁུང་ཕྱེ་སྟེ་ཁྱེད་ལ་ཡུན་རིང་བལྟས་པས།
སྒེའུ་ཁུང་ལས་ཆར་རླུང་ལྡང་ཞིང༌།  ཆར་རླུང་ལྡང་བ་དེས།
ཁོ་བོའི་སེམས་ཁོང་ལ་གྲང་འདར་ཡང་ཡང་བསླངས།
 
བོན་པོ་དབུ་རྩེ།  ཞིབ་ཏུ་བསམས་ན།
ངོ་ཤེས་པའི་གཏམ་རྒྱུད་ཡོད་ཚད་ཀྱི་གོ་རིམ་དག
ཧ་ཅང་ནོར་འཁྲུལ་དུ་མཐོང་ཞིང༌།
དུས་ཚོད་ཀྱིས་བཞུད་ཟིན་པའི།
ནོར་འཁྲུལ་ཡོད་ཚད་ཀྱི་ལོ་ཟླ་ལ་འཚེམ་བཟོ་གནང་སྲིད་དམ།
 
སྤྲིན་པའི་རྒྱབ་རོལ་ཏུ།  ཉི་ཟླ་དང་འཇའ་ཚོན།
ཡང་ན།  ཆེས་མཐོང་བར་སླ་བའི་ནམ་མཁའ་སྔོན་པོ་དེ།
ཅི་ཡང་འཆར་བའི་མེ་ལོང་ཞིག་ཡོད་ཀྱང་སྲིད་མོད།
འོན་ཀྱང༌།   འོན་ཀྱང༌།   བོན་པོ་དབུ་རྩེ།
ཡུན་རིང་རེ་བས་སྒུག་པའི་བྱ་ཁྱུ་དེ་གང་དུ་བཞུད་སོང༌།
དད་པའི་སྙིང་ལ་བསྙལ་བའི་རྫ་བུམ་དེ་སུ་ཡིས་བརྐུས་སོང༌།
                                                      2010 5 29

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོན་པོ་རི་རྩེ།

2010-10-31 ས་དཀྱིལ་ཚེ་བཀྲ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།